JKW-KABUM-21-ZHA-001-032

From Khyentse Lineage - A Tsadra Foundation Project
Revision as of 13:45, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 1, sde tshan 32, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
ཡི་དམ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས། ༄༅། །ཡི་དམ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས། རྃ་ཡྃ་ཁྃ་གྱིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཧཱུྃ། ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་སྤྱན་འདྲེན་གཤེགས། །འདོད་ཡོན་མཆོད་འབུལ་དམ་བསྐང་དངོས་གྲུབ་སྩོལ། །དགྲ་བགེགས་འགུག་བསྒྲལ་ཤ་ཁྲག་རུས་པའི་ཚོགས། །ཟག་མེད་བདུད་རྩི་དགྱེས་པ་ཆེན་པོར་བཞེས། །ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། །བཛྲ་ས་མ་ཡ་ཨཱཿ སརྦ་ཤ་ཏྲཱུན་བིགྷཱནྲ་ཛཿཧཱུྃ་བྃ་ཧོཿམཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་ཅིང་བསྒྲལ་བསྟབ་བྱ། ལྷག་མ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧོ་ཧྲཱིཿ ཨེ་ཨཱ་རལླི་ཧྲཱིཾཿ ཛཿས་ལྷག་སྡུད་སྤྱན་དྲངས་ལ། ཧཱུྃ། མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་སྲིང་འབར་མ་ཕོ་ཉའི་ཚོགས། །དཔལ་གྱི་ཕམ་ཕབ་འདི་ལོང་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨུཙྪི་ཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། །ཞེས་བསྔོ། སྨོན་ལམ་ཡང་གདབ་བོ། ། ༈ ཉང་གཏེར་མཁའ་འགྲོ་ཁྲོས་ནག་གི་ཚོགས་གྲངས་གསོག་སྐབས། ཚོགས་རྫས། རྃ་ཡྃ་ཁྃ་གྱིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ་གིས་བརླབ། ཧཱུྃ། རྡོ་རྗེ་མཁའ་འགྲོ་ཕག་མོ་ཡུམ༔ མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཕེཾ་ཕེཾ་ཕེཾ། ཨོཾ་ཤྲཱི་བཛྲ་བྷེ་ར་ཧེ་ཀྲོ་དྷྭི་ཀཱ་ལཱི་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ་གིས་ཕུད་དང་། ཧཱུྃ། མཁའ་འགྲོ་གིང་ལང་དབང་ཕྱུག་མ༔ ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙྪིཥྚ་སརྦ་ཌཱ་ཀི་ནཱི་པྲ་ཏཱི་ཙྪ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལྷག་མ་ཕུལ། སྨོན་ལམ་ཡང་གདབ་བོ། ། ༈
[edit]

yi dam bka' brgyad bde gshegs 'dus pa'i tshogs/ @#/_/yi dam bka' brgyad bde gshegs 'dus pa'i tshogs/__ra~M ya~M kha~M gyis bsang sbyang /__oM AHhU~M ha ho hrIHsa brlab/__hU~M/__zhi khro bka' brgyad lha tshogs spyan 'dren gshegs/__/'dod yon mchod 'bul dam bskang dngos grub stsol/__/dgra bgegs 'gug bsgral sha khrag rus pa'i tshogs/__/zag med bdud rtsi dgyes pa chen por bzhes/__/oM ga Na tsakra pany+tsa kA ma gu Na pra tIts+tsha swA hA/__/badz+ra sa ma ya AH__sarba sha trUn big+hAn+ra dzaHhU~M ba~M hoHmA ra ya rbad:__kha kha khA hi khA hi:__zhes mchod cing bsgral bstab bya/__lhag ma pany+tsa a mr-i ta hU~M ho hrIH__e A ral+li hrIMH_dzaHsa lhag sdud spyan drangs la/__hU~M/__mkha' 'gro ging lang dbang phyug ma/__/ma sring 'bar ma pho nya'i tshogs/__/dpal gyi pham phab 'di long la/__/bcol pa'i phrin las 'grub par mdzod/__/oM uts+tshi Sh+Ta ba liM ta b+hak+Sha sI swA hA/__/zhes bsngo/__smon lam yang gdab bo/___/___!

Footnotes

Other Information