SPCD-KABUM-02-KHA-033

From Khyentse Lineage - A Tsadra Foundation Project
Revision as of 13:23, 3 July 2024 by Mort (talk | contribs)
Wylie title SPCD-KABUM-02-KHA-033.pdf
Location 'phags mchog bka' 'bum
Volume 2, Text 33, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]
གུར་དྲག་གི་ཚོགས་བསྡུས་བཞུགས་སོ།། ཧཱུྃ། རྒྱ་བོད་ཡོངས་གྲགས་མཁས་ཤིང་གྲུབ་བརྙེས་པ། །འཛམ་གླིང་བདེ་སྐྱིད་འབྱུང་གནས་མགོན་གཅིག་པུ། །རྫུ་འཕྲུལ་མཐུ་སྟོབས་མངའ་བདག་པདྨ་འབྱུང་། །གདུག་པའི་ལྷ་སྲིན་མ་རུངས་འདུལ་ཕྱིར་དུ། །དྲག་པོ་མཐིང་ནག་འབར་བའི་སྐུར་བཞེངས་པ། །ལྷ་ཚོགས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ། །འདོད་ཡོན་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །དེང་སང་སྙིགས་མ་ལྔ་བདོའི་བར་སྐབས་འདིར། །བསྟན་འགྲོའི་བདེ་སྐྱིད་སྤྲིན་བར་ཉི་བཞུད་འདྲ། །གང་ལ་བསམས་ཀྱང་སྐྱོ་བ་འཕེལ་བའི་རྒྱུ། །ལྷག་པར་རེ་ས་ཁྱེད་ལས་མ་མཆིས་བཞིན། །མི་ཕྱེད་གདུང་ཤུགས་དྲག་པོས་འབོད་ལགས་ན། །མཁྱེན་བརྩེ་ནུས་པའི་འཇུག་པ་མ་གཡེལ་བར། །ཕྱི་ནང་གསང་བའི་འགལ་རྐྱེན་མྱུར་དུ་ཕྲོལ། །གང་བསམ་འབད་མེད་ལྷུན་གྱིས་གྲུབ་པ་ཡིས། །སྔ་འགྱུར་རྙིང་མའི་བསྟན་པ་ཕྱོགས་བཅུར་སྤེལ། །འགྲོ་དོན་ཕྲིན་ལས་ནམ་མཁའི་མཐའ་མཉམ་མཛོད། །ཅེས་པ་འདིའང་གུ་རུ་དྲག་པོའི་ཚོགས་གསོག་སྐབས་མཆེད་གྲོགས་དམ་པ་རྣམས་ཀྱིས་བསྐུལ་ངོ་མ་ལྡོག་ཙམ་དུ། མོས་གུས་ལྷང་ངེ་གཅིག་སྐྱེས་པའི་ཐོག་ནས་གང་དྲན་སྲས་མིང་པས་བྲིས་པའོ།། །།