གསེར་སྐྱེམས་འབུལ་བཿ

From Khyentse Lineage - A Tsadra Foundation Project
Revision as of 16:13, 28 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title gser skyems 'bul ba
Location mdo mkhyen brtse bka' 'bum
Volume 7, Text 88, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Drink Offerings - gser skyems  ·  Protector Rituals - gsol mchod
Colophon

།ཅེས་པའང་རྒྱལ་བ་གོང་མ་རྣམས་ཀྱི་གསུངས་ལ། ཁ་བསྐང་ཛྙཱ་ནའི་མིང་གིས་བགྱིས་པའོ། །མངྒལཾ། །དགེའོ། །དགེའོ། །དགེའོ།།

/ces pa'ang rgyal ba gong ma rnams kyi gsungs la/_kha bskang dz+nyA na'i ming gis bgyis pa'o/_/mang+galaM/_/dge'o/_/dge'o/_/dge'o//

[edit]
༄༅། །གསེར་སྐྱེམས་འབུལ་བ་ནིཿ རཾ་ཡཾ་ཁཾ་གསུམ་གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨ་ཧཱུཾ ལན་གསུམ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས༴ འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །མ་མགོན་ལྕམ་དྲལ་གཟའ་བདུད་འཁོར་དང་བཅས། །དམ་ཅན་རྡོར་ལེགས་ཚེ་རིང་མཆེད་ལྔ་དང། །རྡོ་རྗེ་གཡུ་སྒྲོན་བསྟན་སྐྱོང་གཤོག་རྒོད་མ། གསེར༴ ཕུར་སྲུང་ལྕམ་དྲལ་ལྷ་མོ་ངན་ནེ་མ། །རྒྱུད་མགོན་ལེགས་ལྡན་དཔལ་མགོན་ཚོགས་ཀྱི་བདག །བདུད་མགོན་ཡབ་ཡུམ་དགེ་བསྙེན་བསྙོ་ཁ་སོགས། །གསེར་སྐྱེམས༴ བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ། །རོལ་པ་རྐྱ་བདུན་འབར་བ་སྤུན་བདུན་དང༌། །རྒྱལ་ཆེན་རྣམ་སྲས་གཉན་ཆེན་སྡེ་བཞིར་བཅས། །གསེར་སྐྱེམས༴ འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་རྣམས་དང༌། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུགས་བཅས་རྣམས་ལ། །གསེར༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞགས་དུས་ཚེས་ལ་དབང་བའི་ལྷ། །གསེར༴ མཆོག་གསུམ་ངོ་བོ་དཔལ་མགོན་བླ་མ་དང༌། །རྒྱུད་སྡེ་རྒྱ་མཚོ་གནས་གསུམ་མཁའ་འགྲོའི་ལྷ། །མ་མགོན་གཟའ་རྡོར་ཚེ་རིང་མཆེད་ལྔ་ལ། །མཆོད་གསོལ་བསྟོད་དོ་བསམ་དོན་ལྷུན་འགྲུབ་རྩོལ། །ཅེས་པའང་རྒྱལ་བ་གོང་མ་རྣམས་ཀྱི་གསུངས་ལ། ཁ་བསྐང་ཛྙཱ་ནའི་མིང་གིས་བགྱིས་པའོ། །མངྒལཾ། །དགེའོ། །དགེའོ། །དགེའོ།།