སྐྱེས་བུ་ཡེ་ཤེས་རྡོ་རྗེས་ཆོས་སྦྲང་གི་ཁ་སྐོང་ངོ༌།

From Khyentse Lineage - A Tsadra Foundation Project
Revision as of 08:13, 28 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title skyes bu ye shes rdo rjes chos sbrang gi kha skong ngo
Location mdo mkhyen brtse bka' 'bum
Volume 6, Text 37, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Deity ge sar
[edit]
༄༅། །སྐྱེས་བུ་ཡེ་ཤེས་རྡོ་རྗེས་ཆོས་སྦྲང་གི་ཁ་སྐོང་ངོ༌། །

༄༅། །གེ་སར་སྐྱེས་བུའི་སྒྲུབ་ཐབས་ཡིད་བཞིན་དབང་རྒྱལ་བཞུགས་སོ། དྷཱི༔ ཨེ་མ་ཧོཿ རང་སྣང་མི་དམིགས་ཆོས་ཉིད་ངངཿ སྐད་ཅིག་མཁའ་ལ་འཇའ་ཤར་བཞིན༔ མཚན་དཔེ་འབར་བ་རྡོ་རྗེའི་སྐུ༔ ཧེ་རུ་ཀ་དང་དབྱེར་མེད་པའི༔ གེ་སར་སྐྱེས་བུ་དོན་འགྲུབ་རྒྱལ༔ མི་སྨུག་དུང་གི་སོ་ཞོ་ལ༔ གདོང་དམར་བྱེ་རུའི་ཤ་བཀྲག་ཅན༔ གདུག་པ་འདུལ་འཚལ་ཁྲོ་བོའི་ཚུལ༔ དགྲ་བླའི་གོ་མཚོན་སྣ་དགུ་གསོལ༔ མདོ་རྗེ་རྐྱང་པོ་ཁ་དཀར་ལ༔ མི་མིན་ལས་ཟོག་རྒྱན་ལྡན་གང་༔ རྫུ་འཕྲུལ་སྟོབས་ཀྱི་འགྱིང་ཚུལ་ཁྱིམཿ ལྷ་བློན་བཞི་བཅུ་རྩ་གསུམ་དང༔ དྭངས་སྨན་རྟེན་འབྲེལ་སྣ་འདྲེན་ཚང༔ ལྷ་ཀླུ་གཉན་དམག་རྡུལ་འཁྲིགས་བཞིན༔ མ་ལུས་འཁོར་བཅས་གསལ་བ་ཡི༔ བདག་ཉིད་སྐྱེས་བུའི་ཐུགས་གུར་དབུས༔ སྲོག་ཡིག་ཐ་མ་སྔགས་འཁོར་བས༔ རང་སྒྲའི་འོད་ཀྱི་འཇིག་རྟེན་ཁྱབ༔ སྣོད་བཅུད་དག་པ་རབ་འབྱམས་ངང༔ ཨོཾ་མ་ཎི་རཏྣ་དཱེ་ཝ་སིདྡྷི་ཧཱུྃ༔ «ཞེས་བཟླས་ཐུན་མཐར་མཆོད་བསྟོད་ནས༔ སླར་ཡང་བསྔོ་སྨོན་འདི་ལྟར་བྱ༔ »ལེགས་བྱས་འདི་ཀུན་འགྲོ་ལ་བསྔོ༔ སྐྱེས་བུའི་གོ་འཕང་མྱུར་ཐོབ་ནས༔ དུག་གསུམ་དགྲ་བགེགས་ཡོངས་བསྒྲལ་བས༔ ཁམས་གསུམ་དག་པའི་བཀྲ་ཤིས་ཤོག༔ «རྫོགས་རིམ་སྤྲོས་མེད་ངང་དུ་བཞག༔ དགེ་ལེགས་འཕེལ། བཀྲ་ཤིས། སརྦ་མངྒ་ལཾ། ཛ་ཡན་ཏུ། བྷ་ཝན་ཏུ། སུ་པྲ་ཏིཥྛ། དགེའོ། །དགེའོ། །དགེའོ། །