པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ བདུད་འདུལ་དྲག་མོའི་གསང་སྒྲུབཿ

From Khyentse Lineage - A Tsadra Foundation Project
Revision as of 12:03, 27 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title pad 'byung thugs kyi thig le las bdud 'dul drag mo'i gsang sgrub
Location mdo mkhyen brtse bka' 'bum
Volume 5, Text 37, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle པད་འབྱུང་ཐུགས་ཀྱི་ཐིག་ལེ་ (pad 'byung thugs kyi thig le)
Deity seng gdong ma
Colophon

ཡང་དག་རྒྱ་མཚོ་ལྟ་བུའི་བཅུདཿ བདུད་འདུལ་དྲག་མོའི་གསང་སྒྲུབ་འདིཿ ཨ་ཙར་ཁྲག་འཐུང་དམར་པོ་ཡིསཿ ཉམས་སུ་བླང་བས་གྲུབ་འབྲས་ཐོབཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་སྦསཿ ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ ལས་ཅན་གྲོགས་དང་འཕྲད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ ཤིན་ཏུ་གསང་བའི་མན་ངག་ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོ།། །།

yang dag rgya mtsho lta bu'i bcud: bdud 'dul drag mo'i gsang sgrub 'di: a tsar khrag 'thung dmar po yis: nyams su blang bas grub 'bras thob: rdo rje phag mo'i thugs klong sbas: lnga phrag tha ma'i dus kyi tshe: las can grogs dang 'phrad par shog: sa ma yA: rgya rgya: gu h+ya: kha thaM: shin tu gsang ba'i man ngag yi ge'i 'du byed rig pa'i ye shes kyis bgyis pa'o//

[edit]
༄༅། །པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ བདུད་འདུལ་དྲག་མོའི་གསང་སྒྲུབ་བཞུགསཿ

༄༅། «།ཡེ་ཤེས་ཌཱཀྐི་མ་ལ་འདུདཿ བདུད་འདུལ་སེང་ཧ་མུ་ཁ་ཡིཿ གསང་སྒྲུབ་རྡོ་རྗེའི་ཕ་ལམ་ནིཿ »ན་མོཿ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆིཿ འགྲོ་ཀུན་སངས་རྒྱས་སར་བསྒྲལ་བྱཿ ཧཱུཾཿ ཀ་དག་ངང་ལས་རང་ཤར་བཿ སྙིང་རྗེ་ཁྲོས་པའི་ངང་གདངས་ལསཿ ཆོས་འབྱུང་བསྣོལ་མ་པད་ཉི་རོའིཿ གདན་ལ་རང་རིག་རྫུས་སྐྱེས་ལྷཿ བདུད་འདུལ་འཇིགས་གཟུགས་དཔའ་མོའི་སྐུཿ ཞལ་གཅིག་སེང་གདོང་གཡུ་རལ་བསིགསཿ ཕྱག་གཉིས་གྲི་ཁུག་ཐོད་ཁྲག་འཐུང་ཿ ཞབས་གཉིས་གཡས་བསྐུམས་གཡོན་རྐྱངས་གརཿ གྲུ་མོ་གཡོན་ན་ཁ་ཊྭཱྃ་འཆང་ཿ མི་མགོ་སྙིང་ཕྲེང་རུས་རྒྱན་གསོལཿ བ་སྤུའི་བུ་ག་ཐམས་ཅད་ནསཿ རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོཿ མེ་རླུང་དམར་ནག་འཁྲུགས་པའི་དབུསཿ སྟོབས་ལྡན་དྲག་གཏུམ་ཁྲོས་པར་བཞུགསཿ ཁྲོ་མོའི་དམག་ཚོགས་ཕོ་ཉར་འགྱེདཿ དམ་ཅན་སྲུང་མས་སྲོག་སྙིང་འཕྲོགཿ སྡེ་བརྒྱད་དྲེགས་པ་ཟས་སུ་ཟཿ བྱད་མ་དགྲ་གདོན་དམྱལ་ཐག་གཅོདཿ ཡེ་ནས་ཁྱེད་དང་འདུ་འབྲལ་མེདཿ བདེ་ཆེན་ཀློང་ནས་སྤྱན་འདྲེན་གཤེགསཿ དྲག་གཏུམ་ཁྲོས་པར་བཞུགས་སུ་གསོལཿ དགའ་བཞི་ཡེ་ཤེས་བརྡའ་ཕྱག་འཚལཿ ཕྱག་རྒྱ་ཆེན་པོའི་མཆོད་པ་འབུལཿ ཁམས་གསུམ་ཟ་བྱེད་མ་ལ་བསྟོདཿ ཐུགས་ཀར་ཕ་ལམ་གུར་གྱི་དབུསཿ སྲོག་གི་སྙིང་པོ་ཧཱུཾ་མཐིང་ནགཿ བཀྲག་མདངས་གཟི་བརྗིད་ལྡན་པ་ལཿ རྩ་བའི་སྔགས་ཀྱིས་གཡོན་དུ་བསྐོརཿ སྐུ་ལས་འཕྲོས་པའི་མེ་དཔུང་གིསཿ གནོད་བྱེད་དགྲ་གདོན་གཞོབ་ཐུལ་བསྲེགསཿ རྣམ་ཤེས་སྐྱེ་མེད་དབྱིངས་སུ་སྤརཿ སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ཿ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ «རྗེས་ལ་བསྟོད་ཚིག་མཆོད་བསྟོད་བྱཿ རྫོགས་རིམ་སྤྲོས་མེད་ངང་དུ་བཞགཿ ཡང་དག་རྒྱ་མཚོ་ལྟ་བུའི་བཅུདཿ བདུད་འདུལ་དྲག་མོའི་གསང་སྒྲུབ་འདིཿ ཨ་ཙར་ཁྲག་འཐུང་དམར་པོ་ཡིསཿ ཉམས་སུ་བླང་བས་གྲུབ་འབྲས་ཐོབཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་སྦསཿ ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ ལས་ཅན་གྲོགས་དང་འཕྲད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ ཤིན་ཏུ་གསང་བའི་མན་ངག་ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོ།། །།