DKYD-DZINDROL-047

From Khyentse Lineage - A Tsadra Foundation Project
Revision as of 10:40, 14 June 2024 by Mort (talk | contribs)
Wylie title DKYD-DZINDROL-047.pdf
Location mdo mkhyen brtse 'dzin grol
Volume 1, Text 47, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): . Delhi: Shechen Publications, 2020.
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
[edit]

ྈ ྈྈྈྈྈྈ ྈ ༄། །སཾ གུ ཧྱ མ ངྒྲ ཧ ཎཾ སྭོ ྅ ཀྵ རཱ ཏྟཱི པྲ ཡུ ཥི ཏོ ཛྙཱ ནཾ ཀཱི ལོ བི ཧ ར ཏི སྨ ། །། ྈ ཡང་གསང་འཛིན་པ་རང་གྲོལ་ལསཿ དྲག་བསྲེག་ཡེ་ཤེས་མེ་ལྕེ་བཞུགས། །

ྈྈྈྈ ན་མོ་ཛྙཱ་ན་ཌཱཀྐི་ནཱི་ཡེཿ གང་འདུལ་འགྲོ་བའི་དོན་གཉིས་ལྷུན་གྲུབ་པཿ ཡེ་ཤེས་ཌཱཀྐི་ཁྲོས་མ་ལྷ་ལྔ་མའིཿ དྲག་པོའི་མེ་མཆོད་འཇིགས་ཚོགས་འཇོམས་པའི་མེཿ སྦྱོར་བ་དངོས་གཞི་རྗེས་ཀྱི་རིམ་པ་གསུམཿ ཐོག་མར་རྫས་ནི་ཚེར་མ་ཅན་གྱི་ཡམ་ཤིང་མཐོ་གང་བའམ་སོར་དྲུག་པ་བརྒྱའམ་ཉེར་གཅིག་འབྲུ་མར་རམ་རྩི་མར་ཚིལ་རྐང་གིས་ངར་བཏབ་པཿ ནས་སྲན་ཡུངས་ནག་གསུམཿ ཁྲག་ཟན་ལྕགས་ཕྱེ་ཟངས་ཕྱེ་དུག་སྣ་གང་རྙེད་དང་བསྲེ་ལ་ལིང་ག་བརྒྱའམ་ཉེར་གཅིག་བཅས་དངཿ སྨན་རཀ་གཏོར་གསུམ་མཆོད་པ་རྣམ་ལྔ་བཅས་འདུ་བྱཿ ཐབ་གྲུ་བཞིའི་སྟེང་དུ་ཆོས་འབྱུང་གྲུ་གསུམ་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་སྡེ་ལྔའི་ས་བོན་གྱིས་མཚན་པའམ་ཚོམ་བུ་བཀོད་ལཿ སྟེང་དུ་དྲག་པོའི་ཤིང་གི་གྲུ་གསུམ་དུ་བརྩིགཿ འབྲུ་མར་གྱི་ཁུ་བའམ་མར་ཁུཿ མེ་དར་རླུང་གཡབཿ མེའི་བརྟུལ་ཞུགས་ཀྱི་རྫས་རྣམས་སོགས་དགོས་པའི་ཡོ་བྱད་མ་ཚང་བ་མེད་པ་སྟ་གོན་ལེགས་པར་བྱས་ལཿ བདག་བསྐྱེད་མཁའ་འགྲོའི་ཆོ་ག་གཞུང་བསྲང་ལྟར་བཟླས་པ་མཆོད་བསྟོད་སོགས་གྲུབ་མཐརཿ ཕཊཿ བདག་དང་བསྲུང་བྱའི་ཤ་ཁྲག་ཉིལ་གྱིས་ཞིགཿ དཀར་དམར་ལྡན་པའི་བདུད་རྩི་རོ་བརྒྱ་ལྡནཿ སྔོན་ལས་འཕྲལ་རྐྱེན་སྡེ་བརྒྱད་ལྷ་ཀླུ་གཉནཿ ས་བདག་དཀར་ཕྱོགས་སྐྱོང་བའི་ཚོགས་ལ་སྦྱིནཿ བཞེས་ཤིག་རོལ་ཅིག་དགའ་མགུ་ཡི་རང་ཚིམསཿ ཐབ་གཞོབ་ཟིལ་གྱིས་ཕོག་སྲིད་སྐུ་བཟུར་ལཿ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པརཿ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ ཕཊཿ ཕཊཿ ཕཊཿ ཆུ་གཙང་གིས་བྲན་ཞིངཿ ཨོཾ་བཛྲ་ཨ་མྲྀཏ་སོགསཿ སྭ་བྷཱ་ཝ་སོགསཿ བསྲེག་རྫས་ཀྱི་དངོས་པོ་སྟོང་པར་སྦྱངསཿ སྟོང་པའི་ངང་ལས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་རྫས་རྣམས་ཤ་ཁྲག་རུས་པའི་རང་བཞིན་དངཿ ལིང་ག་དང་ཡམ་ཤིང་གནས་གདོན་ལུས་གདོན་ནད་བདག་འཁྲུལ་པའི་རང་མཚན་ཅན་གྱི་གཟུགས་སུ་གྱུརཿ ཕཊཿ ན་མོཿ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་བརྒྱུད་ལྡན་བླ་མ་རྣམས་ཀྱི་བཀའ་བདེན་པ་དངཿ ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོཿ ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནམ་མཁའི་དབྱིངས་ཕྱུགཿ སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་ཤེསཿ ལས་ལ་དབང་བསྒྱུར་ཡེ་ཤེས་ཌཱཀྐིའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན༴ ཡི་དམ་ཁྲོས་མ་ནག་མོཿ བདེ་ཆེན་དཀར་མོཿ སེར་མོ་དོན་གྲུབཿ དམར་མོ་སྒྲ་སྒྲོགཿ སྣ་ཚོགས་མཐར་ཕྱིན་འཁོར་ཚོགས་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ ལས་དང་དམ་ཚིག་ཤ་ཟ་མཁའ་འགྲོ་དཔའ་བོ་དཔའ་མོ་གཉེར་འཛིན་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བསྟན་དང་དེ་འཛིན་གྱི་སྤྱི་དགྲཿ དཔལ་ལྡན་བླ་མའི་སྐུ་དགྲཿ རྣལ་འབྱོར་བདག་གི་སྒོས་དགྲཿ ཁྱད་པར་དུ་དམིགས་ཡུལ་བསྲུང་བྱ་འདི་རྣམས་ལ་དང་པོ་ནད་རིམས་བར་ཆད་མི་འདོད་པའི་སྣ་འདྲེན་པཿ བར་དུ་ནད་གདོན་བགེགས་ཀྱི་ཚང་བཅའ་བཿ ཐ་མ་ཚེ་སྲོག་ཁ་རྗེ་དབང་ཐང་ལ་རློམས་པར་བྱེད་པའི་ཕོ་གདོན་མོ་གདོན་ཀླུ་གདོན་ས་བདག་ནད་འདྲེ་གཅོང་སྲི་ཚེ་ལེན་དབུགས་འཕྲོག་གནས་གདོན་ལུས་གདོན་བཀའ་ལ་མི་ཉནཿ དམ་ལ་མི་གནས་དབང་དུ་མི་འདུས་འགྱུར་ལྡོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པ་ཐམས་ཅད་གང་དུ་གནས་ཀྱངཿ ལས་བྱེད་སྤྲུལ་པའི་ཕོ་ཉ་རྣམས་དང་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་རྣོན་པོས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུ་བ་དང་བྱིའུ་ཁྲས་དེད་པ་བཞིན་དུ་བསྲེག་རྫས་ལིང་ག་སོགས་དམིགས་པའི་རྟེན་རྣམས་དང་དབྱེར་མེད་ཁུག་ཅིགཿ དམིགས་གནད་དང་ལྡན་པས་ལན་གསུམ་བརྗོད་མཐརཿ སྟིམས་ཤིག་དབྱེར་མེད་དུ་སྟིམས་ཤིགཿ ཛཿཧཱུྃ་བཾ་ཧོཿ རང་ཉིད་ཁྲོས་མའི་ཐུགས་ལས་སྤྲུལ་པ་ཡིཿ ལས་བྱེད་ཁྲོ་བོ་ཁྲོ་མོ་དཔག་མེད་ཀྱིསཿ དགྲ་གདོན་གནོད་བྱེད་འགུགས་འཆིང་སྡོམ་མྱོས་གཟིརཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་བདག་ལ་ཕུལཿ རྣམ་པར་ཤེས་པ་རྨོངས་འཐུམ་བརྒྱལ་བར་གྱུརཿ ནྲྀ་ཏྲི་ཤ་ཏྲཱུཾ་རྦད་ཐུམཿ ཐབ་ལ་མེ་སྦར་ཞིང་ཆུ་གཙང་གིས་བྲནཿ གོས་དཀར་མོ་ཡིས་སྤྲུལ་བསྒྱུར་མེ་ལྷ་མོཿ ཁྲོ་མོ་དམར་མོ་མེ་ཡི་ཐོ་ཞགས་ཐོགསཿ གཟུང་འཛིན་བག་ཆགས་དགྲ་གདོན་བསྲེག་པའི་ཕྱིརཿ དྲོངས་ཤིག་སྦོར་ཅིག་ཡེ་ཤེས་ཆེན་མོའི་མེཿ དམ་ཚིག་སྒྲོལ་མའི་ཤུགས་ཀྱིས་རྩལ་སྐྱེད་ལཿ ཁམས་གསུམ་སྲེག་པའི་ནུས་ལྡན་མེ་ཕུང་དབུསཿ ཡུམ་ཆེན་ཁྲོས་མ་དམར་སེར་མེ་ཡི་མདོགཿ ཁྲོ་མོའི་ཆས་རྫོགས་རང་འདྲའི་འཁོར་ལྔས་བསྐོརཿ གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་འཛིནཿ ཞལ་གདངས་མཆེ་གཙིགས་རྔམས་པའི་ང་རོ་སྒྲོགཿ མེ་ཕུང་དབུས་ན་གར་སྟབས་ལིང་ངེར་བཞུགསཿ གནས་གསུམ་འབྲུ་གསུམ་འོད་ཀྱི་འཕྲོ་འདུ་ལསཿ ཡེ་ཤེས་ལྷ་ཚོགས་གློག་ལྟར་མྱུར་བར་དྲངསཿ ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་ཕྱོགས་ཨུ་ཙ་ལཿ རབ་འཇིགས་དྲག་པོའི་དུར་ཁྲོད་ཆེན་པོ་ནསཿ མ་ཅིག་ཡུམ་ཆེན་ཁྲོས་མ་ལྷ་ལྔ་མཿ གདུག་པ་འདུལ་ཕྱིར་ཐུགས་དམ་གནད་ནས་བསྐུལཿ ཐུགས་བརྩེས་དགོངས་ཏེ་གནས་འདིར་གཤེགས་སུ་གསོལཿ དགྲ་གདོན་གདུག་པ་འདུལ་བའི་དུས་ལ་བབཿ ཨཱཿཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿ དབྱིངས་ནས་སྤྱན་དྲངས་དམ་ཚིག་པ་དང་འདྲེསཿ གཉིས་མེད་བརྟན་པར་བཞུགས་ལ་བརྡ་ཕྱག་འཚལཿ ཨརྒྷཾ་ལ་སོགས་ཕྱི་ཡི་མཆོད་པ་དངཿ པཉྩ་ཨ་མྲི་ཏ་དང་བ་ལིངྟཿ མ་ཧཱ་རཀྟ་དུག་གསུམ་ཤ་ཁྲག་རུསཿ འབུལ་ལོ་ལོངས་སྤྱོད་དྲག་པོའི་ཕྲིན་ལས་མཛོདཿ ཨོཾ་བཛྲ་ཨརྒྷཾ་སོགས་ནསཿ ཤབྡ་མ་ཧཱ་པཉྩ་རཀྟ་མ་ཏྲཾ་རུ་དྲ་ཁཱ་ཧིཿ ཡེ་ཤེས་མཁའ་འགྲོ་དམར་ནག་མེ་ཡི་མདོགཿ གློག་དམར་ལྗགས་རྐྱོངས་དགྲ་གདོན་ཁྲག་མཆོད་འབུལཿ དྲག་པོའི་ཕྲིན་ལས་མཛད་ལ་ཆེས་དཔའ་ཞིངཿ སྲིད་པ་གསུམ་གྱི་སྲོག་ལ་དབང་སྒྱུར་ཅིགཿ ལན་བདུན་གྱིས་བྱོན་སྐྱེམས་འབུལཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་མསཿ བཀའ་འདས་དགྲ་བགེགས་འབྱུང་པོའི་ཚོགསཿ སྲོག་དབུགས་ཤ་ཁྲག་རུས་པར་བཅསཿ ཁྲོས་མའི་ལྷ་ཚོགས་ཞལ་དུ་བསྟབཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོརཿ ཡམ་ཤིངཿ མེ་རྫསཿ ལིང་གཿ བསྲེག་རྫས་རིམ་བཞིན་བཅུ་ཕྲག་གཅིག་གམ་གཉིས་སོགས་ལན་རེ་འབུལ་ཞིངཿ ཨོཾ་བཛྲ་ཙནྜཱི་ཨཱཿཧ་རི་ནི་ས་ཌཱ་ཀི་ནཱི་སརྦ་དུཥྚཱཾ་མཱ་ར་ཡ་ཕཊཿ ཅེས་འབུལ་ཞིང་མཚམས་རྣམས་སུཿ དགྲ་གདོན་དམིགས་པའི་ཡུལ་གྱུར་ཀུནཿ ཤ་ཁྲག་རུས་པ་ནང་རོལ་བཅསཿ ཁྲོས་མ་འཁོར་བཅས་ཞལ་དུ་བསྟབཿ འཁོར་དང་སྡོངས་ཟླ་རྒྱབ་རྟེན་བཅསཿ མེ་ལྕེའི་ཁ་ཡི་སྦྲང་བུ་བཞིནཿ ལྷག་མ་མེད་པར་བསྲེགས་པར་བསམཿ ཏིང་འཛིན་དམིགས་པའི་འཕྲུལ་འཁོར་ནིཿ རྡོ་རྗེ་སློབ་དཔོན་ཞལ་ཤེས་ལྟརཿ རྫས་རྣམས་ཡོངས་སུ་རྫོགས་པའི་ཚེཿ སླར་ཡང་མཆོད་ཅིང་བསྟོད་བྱས་ལཿ མེ་ཡི་བརྟུལ་ཞུགས་བསྐྱེད་འདོད་ནཿ དྲག་པོའི་མེ་རྫས་ལག་ཏུ་ཐོགསཿ ཧཱུྃ་བྷྱོཿ བདུད་འདུལ་ཁྲོས་མའི་སྐུ་ལས་སྤྲུལ་པ་ཡིཿ ཁྲོ་མོའི་དམག་ཚོགས་ཡེ་ཤེས་མེ་ལྕེའི་འོདཿ འཕྲོས་པས་བདུད་བཞི་རྟེན་དང་བརྟེན་པར་བཅསཿ ལྷག་མེད་བསྲེགས་ཤིང་ཉོན་མོངས་དུག་ལྔ་སྦྱངསཿ ལྔ་ལྡན་འོད་ཀྱི་གུར་ཁང་འཁྲིགས་པ་ཡིསཿ བསྲུང་བྱར་གྱུར་པའི་ཚེ་བསོད་ཉམས་པ་ཀུནཿ སོར་ཆུད་ཁྲོས་མ་སྡེ་ལྔའི་བྱིན་གྱིས་རློབསཿ ཧཱུྃ་ཕཊ་གད་རྒྱངས་སྒྲོག་ཅིང་བརྟུལ་ཞུགས་སྐྱེདཿ ཡི་དམ་ཁྲོས་མ་ལྷ་ལྔ་འཁོར་བཅས་ལཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་བསྒྲུབས་ཟིན་པའིཿ གཏང་རག་ཕྱི་ནང་གསང་མཆོད་དཔག་མེད་འབུལཿ ཐུགས་དམ་དགྱེས་བསྐངས་མཆོག་ཐུན་དངོས་གྲུབ་སྩོལཿ ཨོཾ་བཛྲ་ཨརྒྷཾ་སོགས་ནསཿ ཤབྡ་མ་ཧཱ་པཉྩ་བ་ལིང་ཏ་རཀྟ་མ་ཏྲཾ་རུ་དྲ་ཁཱ་ཧིཿ ཧཱུྃཿ སྤྲོས་བྲལ་ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགསཿ ཐུགས་རྗེའི་རྣམ་རོལ་ཡེ་ཤེས་ལྔའི་རང་བཞིནཿ མ་ཅིག་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་ལ་བསྟོདཿ སླར་ཡང་གཤེགས་སྐྱེམས་འབུལཿ མདུན་བསྐྱེད་ཡེ་ཤེས་ལྷ་ཚོགས་དབྱིངས་སུ་གཤེགསཿ དམ་ཚིག་བྱིན་རླབས་འོད་ལྔའི་ཐིག་ལེར་གྱུརཿ རང་ལ་ཐིམ་པས་དངོས་གྲུབ་རྣམ་གཉིས་ཐོབཿ རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་བརྟནཿ མངོན་སྤྱོད་དྲག་པོ་བསྒྲུབས་པའི་དགེ་ཚོགས་རྒྱུནཿ འཁྲུལ་སྣང་དབང་གྱུར་འགྲོ་རྣམས་སྒྲོལ་ཕྱིར་བསྔོཿ བདག་ཅག་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ཀུནཿ ལས་ངན་གདུག་པ་འདུལ་བའི་གཤེད་དུ་གྱུརཿ ཡང་གསང་བླ་མེད་འཛིན་པ་རང་གྲོལ་གྱིཿ བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཤོགཿ བཀྲ་ཤིས་གང་རིགས་ཀྱིས་མཐའ་བརྒྱན་པར་བྱའོཿ བསྲེགས་ཐལ་ཆུ་བོའི་གཞུང་དུ་བསྐྱལཿ ཡང་ན་དགྲ་གདོན་གནས་སུ་གཏོརཿ བདག་བསྐྱེད་ལས་མཇུག་སྤྱི་ལྟར་བསྡུཿ མ་ཅིག་ཁྲོས་མ་ལྷ་ལྔ་མའིཿ དྲག་བསྲེག་ཡེ་ཤེས་མེ་ལྕེ་འདིཿ ཌཱཀྐིའི་བརྡ་རིས་ཆེན་མོར་བཏབཿ འགྲོ་དོན་དུས་ལ་བབས་པའི་ཚེཿ སྐལ་ལྡན་མ་དང་འཕྲད་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུཧྱཿ ཨྠི་ཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཨ་ཙར་ནག་པོས་བརྡ་རིས་ལས་དག་པར་ཕབ་པ་རྣོ་མྱུར་བྱིན་རླབས་ཤིན་ཏུ་ཆེ་བས་སྐལ་མེད་ལག་ཏུ་ཤོར་ཏ་རེ། ཡི་གེའི་འདུ་བྱེད་ཉེར་གནས་འོད་ཟེར་མཐའ་ཡས་ཀྱིས་བགྱིས་སོ། །དགེའོ།། །།