DKYD-DZINDROL-002

From Khyentse Lineage - A Tsadra Foundation Project
Revision as of 15:41, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

འཛིན་པ་རང་གྲོལ་འདོན་ཟིན་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས། ཚིག་བདུན་གསོལ་འདེབས་དང་བླ་མ་སྐུ་གསུམ་གསོལ་འདེབས། ཨེ་མ་ཧོ། གདོད་མའི་མགོན་པོ་སོགས། འོག་མིན་ཆོས་ཀྱི་དབྱིངས་སོགས། སྐྱེ་བ་ཀུན་ཏུ་སོགས། དེ་ནས་ཁྲོས་མའི་བསྐྱེད་བཟླས་རྗེས་ཤིས་བརྗོད་བྱ། ཨེ་མ་ཧོ། སངས་རྒྱས་ཀུན་འདུས་བླ་མ་སོགས་ཁ་སྒྱུར་བཅས་གོང་འོག་ལན་གསུམ་རེ། འཛིན་གྲོལ་གདམས་པ། ན་མོཿ སྐུ་གསུམ་ཀུན་འདུས་བླ་མ་སོགས་སྐྱབས་སེམས་དང་། རྟེན་སྐྱེད། གསོལ་འདེབས་ཀྱི་བསྙེན་པ་བཟླ། ཕཊཿ ཨ་འཐས་འཁྲུལ་སྣང་སོགས་བསྙེན་སྒྲུབ་སྔགས་བཟླ། རིགས་བཞིའི་ཐུགས་ཀར་སོགས་གོང་སྔགས་བཟླ། ཕཊཿ རང་ཉིད་ཁྲོས་མ་ནག་མོའི་སོགས་ནས། འདིར་འདུས་ཤིགཿ ཕཊཿ ཌཱ་རྐང་བཅས། མ་ཡུམ་ཆེན་ཐུགས་ལས་སོགས་ནས། གནས་པར་གྱུརཿ ཕཊཿ དེ་ལྟར་སྤྲུལ་དང་སྤྲུལ་གཞི་སོགས་ནས། རོ་གཅིག་འདྲེསཿ ཕཊཿ ཌཱ་རྐང་བཅས། སྣང་བ་སྣོད་ཀྱི་འཇིག་རྟེན་སོགས་ནས། ཕེཾ་ཕེཾ་ཨ་ཨ་ཨཿ བར་གཏང་། ༈ དེ་ནས་རྒྱས་པའི་སྐབས་ཉམས་ལེན་གཞུང་ཤིང་ཆེན་མོ་མཐར་ཆགས་གཏང་། དེ་ནས་གདན་ཐོགས་གཅིག་མ་གཏང་། རྒྱུ་མེད་རྐྱེན་བྲལ་སོགས་ལུས་སྦྱིན་གསུམ་གང་རུང་གཏང་། དེ་ནས་བཀའ་སྲུང་རྣམས་བཏང་མཐར། ཨོཾ་སྐྱེ་བ་མེད་པ་སོགས་སྒྲོལ་མ་འདོན་རྗེས། ཚོགས་ལ་འཇུག ༈ །རིམ་འགྲོའི་སྐབས་ལྷག་མའི་མགོར་དྲག་གཅོད་དང་། ཆངས་བུ་བརྒྱ་རྩ། གདོན་འདུལ། གདོན་ཚོགས་དགུ་མ། ཁྲོས་མའི་གྲི་འདུལ་སོགས་བཏང་རྗེས། ལྷག་མ་ནས་བཟུང་ཚོགས་ཀྱི་མཇུག་བསྡུས་ལ། ཉིན་ཆོག་ཡིན་ན་འདི་ནས་རྗེས་ཆོག་གཏོང་། ཉིན་གྲངས་ཡིན་ན་ཉིན་ཐ་མའི་རྗེས་སུ་གཏོང་ངོ་། ༈ བསྡུ་ན་འཛིན་གྲོལ་གདམས་པའི་མཇུག །གདན་ཐོགས་གཅིག་མའམ། རྒྱུ་མེད་རྐྱེན་བྲལ་སོགས་ལུས་སྦྱིན་གསུམ་གང་རུང་འདོན། གཞན་རྣམས་སྔར་ལྟར་དང་། གཤིན་པོ་རྗེས་འཛིན་འདོན་ན་བསྔོ་བའི་མགོར་སྦྱོར་བ་ཕྱག་ལེན་ནོ། ༈ ཚོགས་མཆོད་རྐྱང་པ་འདོན་ན་ཡང་ཆོག །ལུས་སྦྱིན་རྒྱས་པ་ལ་སྦྱར་ཡང་ཆོག་ཅིང་དེ་སྐབས་སྐོང་བའི་མགོར་བཀའ་སྲུང་སྦྱོར་བ་ཡིན་ནོ། །རྫོགས་ཆེན་དགོན་གྱི་དབུ་མཛད་ཅིག་གི་དཔེ་ལས་པད་བཀོད་སྒམ་སྤྲུལ་ལམ་དྭགས་པོ་སྤྲུལ་སྐུར་འབོད་པས་ཞལ་བཤུས་པ་སྟེ། སླད་ནས་རྫོགས་ཆེན་མཁན་པོ་ཐུབ་སྙན་ཕྱག་བྲིས་ལས་ཞལ་བཤུས་པའི་འདོན་ཟིན་ཞིག་མཇལ་བ་ཡང་འདི་དང་ཁྱད་པར་མི་འདུག་གོ།། །།