PJCW-KABUM-02-KHA-016

From Khyentse Lineage - A Tsadra Foundation Project
Revision as of 08:52, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །སློབ་གསར་རྣམས་ཀྱི་བློ་གྲོས་རྩལ་སྦྱོང་བ་ཚོགས་བཤད་འབུལ་བའི་མགོ་བསྐུལ་དང་མཇུག་གི་མཚམས་སྦྱོར།


མཆོད་བརྗོད་ཀྱི་རྗེས་སུ། ཞེས་མཆོད་པར་བརྗོད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ་ད་རེས་ཀྱི་སྐབས་སུ་ལེགས་བཤད་བདུད་རྩིའི་བཅུད་ཀྱི་རྣམ་པར་རོལ་པར་མྱོང་བའི་འཆད་རྩོད་རྩོམ་པའི་གླུ་སྒྲ་སྙན་པོས་སྐལ་བཟང་ཐར་འདོད་ཀྱི་དགའ་བ་བླ་ལྷག་ཏུ་བསྐྱེད་པའི་བཤེས་གཅིག །བླ་མ་དང་མཆེད་ཀྱི་བཞུགས་གྲལ་བཀྲ་ཤིས་པའི་མདུན་དུ་རྟེན་འབྲེལ་ལེགས་སྤེལ་གྱི་སྒོ་འཕར་དབྱེ་བ་དང་། རང་ཉིད་ཀྱི་བློ་གྲོས་གོམས་པའི་ཆ་རྐྱེན་དུ་ལེགས་བཤད་ཀྱི་སྤྲིན་ཕུང་ཅུང་ཟད་སྤྲོ་བར་བྱ་སྟེ། དེ་ཡང་དཔལ་ལྡན་གསང་བ་སྙིང་པོའི་རྒྱུད་འདི་ཉིད་པཎ་ཆེན་བི་མ་ལའི་རྗེས་སུ་འབྲང་ནས་འཆད་པ་ལ། རབ་ལ་མཚན་བསྟན་སོགས། ནས་ས་བཅད་བཞག །རྗེས་སུ་དེ་རིང་གི་ཆོས་མཚམས་ལེགས་ཚོགས་དེ་ཙམ་དུ་ཞུ་ཞིང་ཕྱི་ནས་བྱང་ཆུབ་སྙིང་པོའི་མཐའ་ཅན་དུ་བཤད་སྒྲུབ་ཆོས་ཀྱི་དགའ་སྟོན་ལྷན་གཅིག་ཏུ་སྐྱོང་བའི་རྟེན་འབྲེལ་ཀྱང་ཞུ་བ་ལགས། རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། སོགས་དང་། ཐུན་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་བསྒོམ་པས་འཛིན་གྱུར་ཅིག །