DKYD-KABUM-02-KHA-007
༄༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ བཤགས་པ་དྲི་མེད་ཤེལ་དཀར་བཞུགསཿ རྒྱལ་ཀུན་ཐུགས་ཀྱི་བདག་ཉིད་མཆོགཿ རྡོ་རྗེ་སེམས་དཔའ་ཉིད་ལ་འདུདཿ ཉམས་ཆག་བཤགས་པའི་རྒྱལ་པོ་ནིཿ དྲི་མེད་རྣམ་དག་ཤེལ་དཀར་བསྟནཿ ཧོཿ དགོངས་ཤིག་སྟོན་པ་རྡོ་རྗེ་འཆངཿ གཟིགས་ཤིག་རིགས་ལྔ་ཡབ་ཡུམ་འཁོརཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ སེམས་དཔའ་ཆེན་པོས་རྗེས་སུ་ཟུངསཿ བདག་ནི་ལས་ངན་སྡིག་པོ་ཆེཿ སོ་སོ་ཐར་དང་བྱང་ཆུབ་སེམསཿ ཁྱད་པར་རྡོ་རྗེའི་ཐེག་པ་ཡིཿ བསླབ་པ་འཆལ་ཞིང་སྡོམ་པ་ཤོརཿ རྩ་བ་སྐུ་གསུང་ཐུགས་གསང་དངཿ ཡན་ལག་དམ་ལས་ཉམས་གྱུར་ཅིངཿ རྡོ་རྗེའི་ཚིག་ལ་འགལ་གྱུར་པཿ གནོང་ངོ་འགྱོད་དོ་མཐོལ་ལོ་བཤགསཿ ཨོཾ་བཛྲ་སཏྭ་ཧཱུཾཿ གསང་བའི་བདག་པོའི་ཡེ་བསྲུང་ལསཿ རིག་པ་རང་བྱུང་ཡེ་ཤེས་ཤརཿ མེད་དང་གཅིག་པུ་ཕྱལ་བ་དངཿ ལྷུན་གྲུབ་རྒྱལ་བའི་དགོངས་པ་རྟོགསཿ ཉམས་དང་བསྲུང་བའི་མཚམས་ལས་འདསཿ བླང་དོར་རེ་དོགས་དགེ་སྡིག་ཀུནཿ ཆོས་ཟད་བློ་འདས་ངང་དུ་ཡལཿ སེམས་དཔའ་ཆེན་པོའི་ཐུགས་ཀློང་འདྲེསཿ འ་ཨ་ཧ་ཤ་ས་མཿ ལན་བདུན་བརྗོད་ཅིང་གནས་ལུགས་སྐྱོངཿ ཐ་སྙད་ཚིག་གི་སྤྲོས་པ་ཞིགཿ ཡང་དག་དོན་གྱི་བཤགས་པ་སྟེཿ ཆོས་ཉིད་རྟོགས་པའི་ཁྱད་ཆོས་ནོརཿ ཕྲང་བ་ཙམ་གྱིས་ཉམས་ཆག་སྦྱོངཿ སྐལ་དམན་ལག་ཏུ་མ་ཤོར་ཅིགཿ བདེ་ཆེན་ཆགས་པའི་མཁའ་དབྱིངས་ལསཿ བཻཌཱུར་ཡི་གེའི་དགོངས་དོན་བཞིནཿ བདེ་ཆེན་ཆགས་པའི་རྡོ་རྗེས་ཕབཿ ཡེ་ཤེས་བདེ་བས་བྲིས་པའོཿ ཿ