འགྲོ་འདུལ་རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོའི་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
Revision as of 14:50, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABUM-01-KA-002-145
Wylie title 'gro 'dul rgyal ba'i myu gu chos kyi dbang po'i gsol 'debs JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 145, Pages 405-406 (Folios 174a3 to 174b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People དཔལ་སྤྲུལ་རིན་པོ་ཆེ་ (Dpal sprul rin po che)
Citation 'jam dbyangs mkhyen brtse'i dbang po. gro 'dul rgyal ba'i myu gu chos kyi dbang po'i gsol 'debs. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 405-406. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Supplications - gsol 'debs
Colophon

ཅེས་པའང་ལྕགས་ཕོ་སྤྲེའུ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་འདུན་པ་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་སིདྡྷི་རསྟུ།

ces pa'ang lcags pho spre'u lo'i chu stod zla ba'i tshes bzhi rgyal bas chos 'khor bskor ba'i dus chen nyin mtsho skyes kun tu 'chang ba dgyes pa'i 'bangs mkhyen brtse'i dbang pos 'dun pa rtse gcig pas gsol ba btab pa de de bzhin du sid+d+hi rastu

1 Texts in this Section (sde tshan or chos tshan)

[edit]
འགྲོ་འདུལ་རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོའི་གསོལ་འདེབས་བཞུགས་སོ། །འཕགས་པའི་ཡུལ་ན་སློབ་དཔོན་ཞི་བ་ལྷ། །གངས་རིའི་ཁྲོད་ན་སྤྲུལ་སྐུ་ཡེ་ཤེས་འབྱུང་། །དེང་འདིར་འགྲོ་འདུལ་ཆོས༷་ཀྱི་དབང༷་པོ༷འི་སྡེ། །འབྲེལ་ཚད་དོན་ལྡན་ཆེན་པོར་གསོལ་བ་འདེབས། །ངེས་འབྱུང་ཆེན་པོས་སྒྲུབ་པའི་རྒྱལ་མཚན་བཙུགས། །བྱང་སེམས་ཆེན་པོས་འགྲོ་ཀུན་བུ་ལྟར་གཟིགས། །མཁྱེན་རབ་ཆེན་པོས་ཆོས་ཆར་མཐའ་ཡས་པའི། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །བཤད་སྒྲུབ་ཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་ལྕགས་ཕོ་སྤྲེའུ་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་འདུན་པ་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་སིདྡྷི་རསྟུ།། །། ༈

Footnotes

Other Information