ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། བརྒྱུད་པའི་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
Revision as of 15:45, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-12-NA-018
Wylie title thugs rje chen po don gsal sgron me las brgyud pa'i gsol 'debs JKW-KABAB-12-NA-018.pdf
Location mkhyen brtse'i bka' babs
Volume 12, Text 18, Pages 565-566 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འགྲོ་འདུལ་ལས་འཕྲོ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('gro 'dul las 'phro gling pa, 'jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. thugs rje chen po don gsal sgron me las brgyud pa'i gsol 'debs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 12: 565-566. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma  ·  Lineage Supplications - brgyud 'debs
Cycle ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ (thugs rje chen po don gsal sgron me)
Deity thugs rje chen po
Karchag page JKW-KABAB-Volume-12-NA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-'A-018
[edit]
༁ྃ༁ྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས༔ བརྒྱུད་པའི་གསོལ་འདེབས་བཞུགས༔

ཨེ་མ་ཧོ༔ རྣམ་དག་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ རིག་སྟོང་དབྱེར་མེད་འོད་དཔག་མེད་མགོན་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བྱིན་གྱིས་རློབས༔ འཁོར་འདས་རང་གྲོལ་རྟོགས་པར་གསོལ་བ་འདེབས༔ རིག་རྩལ་འགག་མེད་འོད་ལྔའི་དཀྱིལ་འཁོར་ནས༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་དབང་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་བྱིན་གྱིས་རློབས༔ རང་སྣང་བརྟན་པ་ཐོབ་པར་གསོལ་བ་འདེབས༔ སྣ་ཚོགས་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས༔ འདིའི་མ་ཕྱིར་སྤྱན་རས་གཟིགས་ཐམས་ཅད་ལ་སྤྱན་རལ་གཟིགས་ཞེས་བྲིས་སྣང༌། དེའང་གཏེར་གཞུང་རང་གི་ངེས་ཚིག་བཤད་པ་དང་བསྟུན་ན་རྫོགས་ཆེན་གྱི་གཞུང་རྣམས་ལས་ལྷུན་གྲུབ་ཕྱི་རྒྱ་རལ་ཅེས་གསུངས་པ་དང་གོ་བ་གནད་གཅིག །དོན་དུ་ཐུགས་རྗེ་ཡུལ་ལ་འཇུག་པའི་སྤྱན་དབྱེ་བ་ལ་དགོངས་པ་ཡིན་འདྲ་བས་འགལ་བ་མེད་རུང༌། བྲིས་པས་དཔེ་བཤུ་དུས་སྤྱན་རས་གཟིགས་ཞེས་བཅོས་བཞག་པ་རེད་པས་ཕྱི་རབས་རྣམས་ཀྱིས་དེ་ལྟར་དགོངས་མཛོད། མཆན། འགྲོ་བ་འདྲེན་མཛད་བྲམ་ཟེ་རྣམ་གསུམ་གྱིས༔ སྐལ་ལྡན་བུ་ལ༴ ཁམས་གསུམ་འཁོར་བ་སྟོངས་པར༴ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རི་ནས༔ སངས་རྒྱས་ཀུན་འདུས་ཨོ་རྒྱན་པདྨ་ཡིས༔ སྐལ་ལྡན༴ བདག་གཞན་དོན་གཉིས་འགྲུབ་པར༴ ཀློང་ཡངས་རྣམ་དག་རིག་པའི་ཞིང་ཁམས་ནས༔ འབྲེལ་ཚད་དོན་ལྡན་ལས་འཕྲོ་གླིང་པ་ཡིས༔ སྐལ་ལྡན༴ རིག་པའི་རྩལ་དབང་ཐོབ་པར༴ རྩ་ཁམས་རྣམ་དག་ཐིག་ལེའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་རང་བཞིན་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ སྐལ་ལྡན༴ བསྐྱེད་རྫོགས་མཐའ་རུ་ཕྱིན་པར༴ བལ་ཡུལ་གླང་བྲག་གསང་བའི་གཏེར་གནས་ནས༔ གསང་བའི་ཟབ་ཆོས་དོན་གསལ་སྒྲོན་མེ་ཡིས༔ སྐལ་ལྡན༴ མདོ་སྔགས་བསྟན་པ་རྒྱས་པར༴ བཀའ་དང་དམ་ལ་གནས་པའི་གཞལ་ཡས་ནས༔ ཆོས་སྐྱོང་སྲུང་མ་གཏེར་བདག་དམ་ཅན་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བྱིན་གྱིས་རློབས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་གསོལ་བ་འདེབས༔ བར་ཆད་གདོན་བགེགས་འཇོམས་པར་གསོལ་བ་འདེབས༔ བསམ་པ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ༡༢༣༤༥༦༧༨༩༠༩༨༧༧༦།

Footnotes

Other Information