རིན་ཆེན་སྒྲུབ་སྐབས་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་ཀྱི་རྩ་བའི་བཟླས་པ་གྲུབ་ནས་སོགས།

From Khyentse Lineage - A Tsadra Foundation Project
Revision as of 09:40, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-12-NA-046
Wylie title rin chen sgrub skabs g.yu thog snying thig gi bla sgrub kyi rtsa ba'i bzlas pa grub nas sogs JKCL-KABUM-12-NA-046.pdf
Location chos kyi blo gros bka' 'bum
Volume 12, Text 46, Pages 243 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཡོན་ཏན་མགོན་པོ་ (yon tan mgon po)
Citation 'jam dbyangs mkhyen brtse chos kyi blo gros. rin chen sgrub skabs g.yu thog snying thig gi bla sgrub kyi rtsa ba'i bzlas pa grub nas sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 243. Bir, H.P.: Khyentse Labrang, 2012.
Genre Medicinal Pills - Making and Activating Practices - sman sgrub  ·  Medicine Texts - gso ba rig pa
Cycle བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ (bla sgrub sdug bsngal mun sel thugs rje'i nyi 'od)
Parent Cycle གཡུ་ཐོག་སྙིང་ཏིག་ (g.yu thog snying tig)

1 Texts in this Section (sde tshan or chos tshan)

[edit]
རིན་ཆེན་སྒྲུབ་སྐབས་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་ཀྱི་རྩ་བའི་བཟླས་པ་གྲུབ་ནས། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྨན་གྱི་རིལ་བུ་མི་དམིགས་སྟོང་པའི་ངང་། །དེ་ལས་པདྨ་འདབ་བཞི་ཉི་ཟླའི་སྟེང་། །རིལ་བུའི་ངོ་བོ་སྨན་རྒྱལ་རྡོ་རྗེ་སེམས། །མཐིང་གསལ་ཕྱག་གཉིས་རྡོ་རྗེ་ཐོད་པ་འཛིན། །གཅེར་བུ་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །ཁྲོ་འཛུམ་འགྱིང་བག་སྐྱིལ་མོ་ཀྲུང་གིས་བཞུགས། །རང་འོད་རིག་མ་གྲི་ཐོད་འཛིན་པས་འཁྱུད། །ཕྱོགས་བཞིར་རིགས་བཞི་རང་རིག་ཡུམ་དང་སྦྱོར། །རང་རྟགས་ཕྱག་མཚན་འཛིན་པའི་སྐུར་གསལ་པའི། །ཐུགས་ཀར་ས་བོན་སྔགས་ཀྱིས་མཚན་པ་དང་། །བདག་གི་ཐུགས་ནས་འོད་འཕྲོས་གཟུང་ཐག་གི །རྡོ་རྗེའི་ཁོང་སེང་ལམ་བརྒྱུད་མདུན་བསྐྱེད་ཀྱི། །གཙོ་བོ་ཡབ་ཡུམ་ཐུགས་དམ་རྒྱུད་བསྐུལ་བས། །སྔགས་ཕྲེང་བྱུང་བ་གསང་བའི་གནས་ནས་ཐོན། །གཟུང་ཐག་ལམ་བརྒྱུད་རང་གི་ཞལ་དུ་ཞུགས། །སྐུ་དབྱིབས་ནས་བརྒྱུད་ཡུམ་གྱི་པདྨར་བབ། །སྤྱི་བོ་ནས་ཐོན་མདུན་བསྐྱེད་སྨན་རྒྱལ་གྱི། །གསང་གནས་སོགས་ནས། །བདག་མདུན་རིགས་འདུས་རྒྱལ་བའི་སོགས། བདག་མདུན་ལྷར་གསར་སྤྱི་མགྲིན་སོགས་ནས། སླར་འདུས་བདག་མདུན་གནས་གསུམ་ཐིམ་པར་གྱུར། ཞེས་སྔགས་བཟླས། བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་སོགས།། །།

Footnotes

Other Information