དྲག་ཤུལ་སྟོབས་འཕྲོག་དབང་པོ་ལྕམ་དྲལ་གྱི་གསོལ་མཆོད་ཉུང་ངུ་དབང་དྲག་གྲུབ་གཏེར།

From Khyentse Lineage - A Tsadra Foundation Project
Revision as of 08:39, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title drag shul stobs 'phrog dbang po lcam dral gyi gsol mchod nyung ngu dbang drag grub gter JKCL-KABUM-11-DA-029.pdf
Location chos kyi blo gros bka' 'bum
Volume 11, Text 29, Pages 141-148 (Folios 1a to 4b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. drag shul stobs 'phrog dbang po lcam dral gyi gsol mchod nyung ngu dbang drag grub gter. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 141-148. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Colophon

།ཅེས་པའང་སྣེ་གདོང་བན་ཚང་བླ་མས་གསུང་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་ཁྲ་འབྲུག་གི་གཙུག་ལག་ཁང་རྩེར་བྲིས་པ་དགེ

/ces pa'ang sne gdong ban tshang bla mas gsung bskul ngor/__pad+ma ye shes rdo rjes khra 'brug gi gtsug lag khang rtser bris pa dge

1 Texts in this Section (sde tshan or chos tshan)

[edit]
༄༅། །དྲག་ཤུལ་སྟོབས་འཕྲོག་དབང་པོ་ལྕམ་དྲལ་གྱི་གསོལ་མཆོད་ཉུང་ངུ་དབང་དྲག་གྲུབ་གཏེར་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་རཱ་ཛ་དྷཱུ་མ་གྷ་ཡེ་ཌཱ་ཀི་ན་མ། དྲན་པས་སྲིད་ཞིའི་ཕུན་ཚོགས་ཀུན། །ཁབ་ལེན་རྡོ་ཡི་ལྕགས་ཕྱེ་བཞིན། །སྡུད་མཛད་གསང་བ་ཡེ་ཤེས་དང་། །དབང་བྱེད་ལྕམ་དྲལ་ཕྲིན་ལས་སྤེལ། །དེ་ལ་འདིར་སྙིགས་དུས་ཀྱི་དམ་སྲི་རྒྱལ་འགོང་རྒྱ་འདྲེའི་གཤེད་མ་རིག་འཛིན་བླ་མ་ཡབ་ཡུམ་ཆོས་སྐྱོང་གི་སྐུར་བསྟན་པ་དྲག་ཤུལ་དབང་པོ་ཉི་གཞོན་ཡབ་ཡུམ་ལ་མཆོད་གཏོར་འབུལ་བར་འདོད་པས། གཏོར་མ་ཕྱག་ལེན་ལྟར་འདུ་བྱས་ལ། མཁའ་འགྲོ་གསང་ཡེའི་གཏོར་མ་དང་། ཆོས་སྐྱོང་གི་གཏོར་མ། ཕྱི་ནང་གསང་བའི་མཆོད་པ། ཐོད་པར་སིནྡྷཱུར་བཏབ་པའི་ཆང་རྒོད། དཀར་མངར་གྱི་སྐྱེམས་ཕུད་རྣམས་བཀྲམ་ལ། བདག་ཉིད་གསང་བ་ཡེ་ཤེས་རྣལ་འབྱོར་དང་ལྡན་པས། རྃ་ཡྃ་ཁྃ། ཨོཾ་སྭ་བྷཱ་ཝས་མཆོད་གཏོར་རྣམས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཕྱི་ནང་གསང་བའི་མཆོད་གཏོར་རྣམས་དྭངས་ཤིང་ཐོགས་པ་མེད་པ་ས་དང་ནམ་མཁའ་བར་སྣང་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ་ལ་རྒྱས་པར་སྤེལ། ཧཱུྃ་ཧྲཱིཿ འོག་མིན་ཞིང་དང་ཨུ་རྒྱན་ཡུལ། །དཔའ་བོ་མཁའ་འགྲོ་འདུ་བའི་གནས། །ཉི་ཤུ་རྩ་བཞི་གནས་སོ་གཉིས། །དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས། །བཞུགས་པའི་དཔའ་བོ་རྣལ་འབྱོར་མ། །བྱེ་བ་ས་ཡའི་ཚོགས་རྣམས་དང་། །ཁྱད་པར་གསང་བ་ཡེ་ཤེས་མ། །ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས། །འདིར་གཤེགས་པད་ཉིའི་གདན་ལ་བཞུགས། །དམ་ཚིག་ཆེན་པོས་དགྱེས་དགོངས་ལ། །ཡེ་ཤེས་དབང་དང་བྱིན་རླབས་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱི་དྷཱུ་མ་གྷ་ཡེ་ན་མ་ཌཱ་ཀི་ནི་ཧ་རི་ནི་ས་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤཪྴེ་དྷརྨ་དྷ་ཏུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་གྷ་ཎ་སརྦ་པཱུ་ཙ་ཨཱཿཧཱུྃ། ཞེས་དང་། གསང་ཡེའི་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་ཕུལ། ཧྲཱི་མཿརྒྱལ་བ་ཀུན་གྱི་གསང་བའི་མཛོད། །རྡོ་རྗེ་ཕག་མོ་དབྱིངས་ཀྱི་ཡུམ། །ཡེ་ཤེས་མཁའ་འགྲོ་རྣལ་འབྱོར་མ། །གསང་བ་ཡེ་ཤེས་དཀྱིལ་འཁོར་ཚོགས། །ཕྱི་ནང་གསང་བའི་མཆོད་གཏོར་བཞེས། །ཐུགས་དམ་བསྐང་ངོ་ཉམས་ཆགས་བཤགས། །དབྱིངས་ལ་འཁྲུགས་པ་མི་མངའ་ཡང་། །འཁོར་གྱི་མཁའ་འགྲོའི་ཚོགས་རྣམས་ཀྱི། །ཐུགས་དང་འགལ་བ་བཟོད་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །སོགས་ཀྱི་ཕྲིན་ལས་བཅོལ་བར་བྱའོ། །དེ་ནས་ཆོས་སྐྱོང་ལྕམ་དྲལ་ལ་མཆོད་གསོལ་འབུལ་བ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་འོག་མིན་བདེ་ཆེན་ཞིང་། །དབང་དྲག་རོལ་པའི་ཕོ་བྲང་དང་། །ལྕང་ལོ་ཅན་གྱི་གནས་རྣམས་སུ། །དཔལ་ལྡན་སྟོབས་ལྡན་ནག་པོ་དང་། །དབང་ཆེན་ཁྲོ་བོའི་རྒྱལ་པོ་ནི། །རྟ་མགྲིན་གསང་བདག་ལ་སོགས་པས། །སྔོན་གྱི་ཐུགས་དམ་མ་བསྙེལ་པར། །རྩོད་ལྡན་དམ་སྲི་འདུལ་བ་ལ། །འགྲན་ཟླ་མེད་པའི་མཐུ་སྟོབས་ཅན། །རིག་འཛིན་དྲག་པོ་ཁྲོས་པའི་སྐུ། །དྲག་ཤུལ་སྟོབས་ལྡན་དབང་པོ་ནི། །པད་ཉི་རྒྱལ་བསེན་དམ་སྲི་རྣམས། །ཁ་སྦུབས་གན་རྐྱལ་བསྒྱེལ་བའི་སྟེང་། །རབ་འཇིགས་ཤིན་ཏུ་གཏུམ་པའི་གཟུགས། །སྨུག་ནག་གསང་གོས་བེར་ཆེན་དང་། །ཐོད་ཕྲེང་སྦྲུལ་དང་རུས་པའི་རྒྱན། །མི་མགོ་རློན་པའི་དོ་ཤལ་ཅན། །ཕྱག་གཡས་རྡོ་རྗེའི་རལ་གྲི་འཕྱར། །གཡོན་པས་ཡང་ན་འཆིང་བྱེད་ཞགས་པ་བསྣམས། །སྐུ་ལས་རྡོ་རྗེའི་ཚྭ་ཚྭ་དང་། །མེ་འོད་ཁྲོ་ཆུང་ཕྱག་མཚན་སོགས། །སྐར་ལྟར་འཁྲུགས་ཤིང་སེར་ལྟར་འདྲིལ། །གཡོན་པས་གཅོད་བྱེད་གསེར་འཁོར་ལོ། །སྤྲུལ་པའི་གཅན་གཟན་ལྕགས་སྡིག་ཚོགས། །ཉི་རྡུལ་ལྟར་འཁྲིགས་དམ་སྲི་དང་། །རྒྱ་འདྲེ་འགོང་པོ་ཧབ་ཧབ་ཟོས། །མིང་ཙམ་མེད་པར་ཐལ་བར་བརླགས། །གསང་ཡུམ་ལྷ་མོ་ཉི་གཞོན་མ། །དམར་མོ་ཕྱག་གཡས་མདའ་དར་དང་། །ཨུཏྤལ་དམར་པོའི་ལྕགས་ཀྱུ་འཛིན། །གཡོན་ན་མེ་ལོང་ནོར་གཞོང་བསྣམས། །ལྷ་རྫས་གོས་དང་རིན་ཆེན་བརྒྱན། །པུཎྜ་རི་ཀའི་དོ་ཤལ་འཕྱང་། །པད་ཉིའི་སྟེང་ན་གར་སྟབས་ཀྱིས། །ཡབ་ཀྱི་གཡོན་ཕྱོགས་ཉེ་བར་བཞུགས། །སྲིད་པ་གསུམ་པོ་འགུགས་བྱེད་མ། །ཨུ་མ་དཱེ་ཝི་མི་མོའི་གཟུགས། །རྣམ་འགྱུར་སྤྲུལ་པ་ཅིར་ཡང་སྟོན། །ངེས་དོན་ཡུམ་ཆེན་གོས་དཀར་མོ། །ཚེ་ཡི་ལྷ་མོ་ཙནྜི་ཀ །འཇིག་རྟེན་སྲིད་པའི་ཚུལ་བཟུང་མ། །རིག་འཛིན་གྲུབ་པའི་བདེ་སྟེར་མ། །སྔགས་ཀྱི་སྤྱོད་པའི་ཉེ་རྒྱུའི་རྟེན། །གང་ཞིག་ཡིད་ལ་དྲན་པས་ཀྱང་། །ཡིད་ཅན་བདེ་བའི་རོས་མྱོས་ཤིང་། །རྡོ་རྗེ་འཛིན་པའི་ཕོ་ཉ་ཆེ། །ལྕམ་དྲལ་འཁོར་ཚོགས་བསམ་མི་ཁྱབ། །ཁྱེད་རྣམས་དགྱེས་པའི་མཆོད་རྫས་ནི། །ཉེར་སྤྱོད་འདོད་ཡོན་རྣམ་ལྔ་དང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་འཇོའི་བ་དང་དཔག་བསམ་ཤིང་། །གཏེར་ཆེན་བུམ་བཟང་གཞལ་མེད་ཁང་། །ཁྲུས་རྫིང་སྐྱེད་ཚལ་མལ་ཆ་དང་། །ལྷ་ཡི་ན་བཟའ་སྣ་ཚོགས་མཛེས། །རིན་ཆེན་རྒྱན་དང་དོ་ཤལ་སོགས། །པདྨ་དམར་པོའི་ཕྲེང་བ་དང་། །མདའ་དར་མཆིལ་རྣོན་ཞགས་པ་དམར། །མེ་ལོང་ནོར་བུ་མདའ་གཞུ་སོགས། །ཕྱི་ནང་གསང་བའི་རྟེན་རྫས་དང་། །རྟ་གཡག་མ་ཧེ་གླང་ཆེན་དྲེལ། །སྤུ་སྡུག་མཛེས་པའི་རི་དྭགས་ཁྱུ། །བྱ་རིགས་རྣམ་པ་སྣ་ཚོགས་དང་། །དཀར་མངར་གསེར་སྐྱེམས་ཡིད་འགུགས་རྫས། །སིནྡྷཱུ་ཝཱ་ར་ཆང་རྒོད་ཕུད། །དབང་བཤོས་ཏིལ་མར་སྒྲོན་མེ་གསལ། །རྗེས་ཆགས་རཀྟའི་སྦུ་ཕྲེང་གཡོ། །སྨན་གཏོར་རི་དང་མཚོ་ལྟར་བསྐྱིལ། །མདོར་ན་སྲིད་དང་ཞི་བ་ཡི། །ཕུན་ཚོགས་དངོས་པོ་ཅི་མཆིས་པས། །ཐུགས་དམ་གཉེན་པོ་སྐོངས་གྱུར་ཅིང་། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ། །སྙིང་ནས་འགྱོད་པས་མཐོལ་ལོ་བཤགས། །བཟོད་བཞེས་ཚངས་པར་སྩལ་དུ་གསོལ། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིངས། །དགེ་འདུན་འདུ་བ་རྒྱས་པར་མཛོད། །ཁྱད་པར་རྡོ་རྗེ་ཐེག་པ་ཡི། །བཤད་སྒྲུབ་བསྟན་པ་རྒྱས་པ་དང་། །མཆོག་ཏུ་མི་འགྱུར་བདེན་དོན་གྱི། །ཡེ་ཤེས་མངོན་སུམ་གཟིགས་པ་ཡི། །སྐྱེས་མཆོག་དུ་མས་འཇིག་རྟེན་ཁེངས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །འཕགས་པའི་ནོར་གྱིས་འབྱོར་པར་མཛོད། །བསྟན་དང་བསྟན་འཛིན་ལ་འཁུ་བའི། །ནག་ཕྱོགས་སྡེ་དཔུང་རྩད་ནས་འཇོམས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །བཀྲ་ཤིས་བ་དན་དཀར་པོ་སྒྲེངས། །ཕུན་ཚོགས་དགེ་ལེགས་གཡང་དུ་ལེན། །འཇིག་རྟེན་རྫོགས་ལྡན་དཔལ་ཡོན་རྒྱས། །ཕྱོགས་རྣམས་ཀུན་ཏུ་བདེ་ལེགས་ཤོག །ཅེས་བརྗོད་ལ་མཆོད་གཏོར་གསེར་སྐྱེམས་གཙང་སར་གཤེགས། གཏོར་བསྐང་གཞན་དང་མ་འབྲེལ་ན། ནོངས་བཤགས་དང་། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱའོ། །རིག་འཛིན་དྲག་ཤུལ་ཡབ་ཡུམ་ལ། །གཏོར་ཆོག་ཉུང་ངུ་འདི་བྲིས་པས། །དམ་སྲི་རྒྱ་འདྲེའི་གནོད་པ་ཞི། །སྲིད་ཞིའི་ལེགས་ཚོགས་རྒྱས་གྱུར་ཅིག །ཅེས་པའང་སྣེ་གདོང་བན་ཚང་བླ་མས་གསུང་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་ཁྲ་འབྲུག་གི་གཙུག་ལག་ཁང་རྩེར་བྲིས་པ་དགེ རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཀྱེ། ལྷ་གཅིག་ཉི་མ་གཞོན་ནུ་ཁྱོད། །གསང་བདག་བཞད་པ་རྡོ་རྗེ་ཡི། །བཀའ་དང་དམ་ལས་མ་འདའ་བར། །བཤམས་པའི་གསེར་སྐྱེམས་མཆོད་གཏོར་བཞེས། །འདྲེ་སྲིན་རྒྱལ་འགོང་བར་ཆད་སྲུངས། །ལྐོགས་གྱུར་མངོན་སུམ་བརྟན་དུ་གསོལ། །ཨོཾ་ཤྲི་དཱེ་ཝི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཅེས་བཟླའོ།། །།
[edit]

@#/__/drag shul stobs 'phrog dbang po lcam dral gyi gsol mchod nyung ngu dbang drag grub gter ces bya ba bzhugs so/__/ na mo gu ru pad+ma rA dza d+hU ma g+ha ye DA ki na ma/__dran pas srid zhi'i phun tshogs kun/__/khab len rdo yi lcags phye bzhin/__/sdud mdzad gsang ba ye shes dang /__/dbang byed lcam dral phrin las spel/__/de la 'dir snyigs dus kyi dam sri rgyal 'gong rgya 'dre'i gshed ma rig 'dzin bla ma yab yum chos skyong gi skur bstan pa drag shul dbang po nyi gzhon yab yum la mchod gtor 'bul bar 'dod pas/__gtor ma phyag len ltar 'du byas la/__mkha' 'gro gsang ye'i gtor ma dang /__chos skyong gi gtor ma/__phyi nang gsang ba'i mchod pa/__thod par sin+d+hUr btab pa'i chang rgod/__dkar mngar gyi skyems phud rnams bkram la/__bdag nyid gsang ba ye shes rnal 'byor dang ldan pas/__ra~M ya~M kha~M/__oM swa b+hA was mchod gtor rnams stong par sbyangs/__stong pa'i ngang las phyi nang gsang ba'i mchod gtor rnams dwangs shing thogs pa med pa sa dang nam mkha' bar snang thams cad gang bar gyur/__oM AHhU~M ha ho hrIHlan gsum dang /__na maHsarba ta thA ga ta b+h+yo bi shwa sogs nam mkha' mdzod kyi sngags rgya lan gsum gyis byin brlab la rgyas par spel/__hU~M hrIH'og min zhing dang u rgyan yul/__/dpa' bo mkha' 'gro 'du ba'i gnas/__/nyi shu rtsa bzhi gnas so gnyis/__/dur khrod chen po brgyad la sogs/__/bzhugs pa'i dpa' bo rnal 'byor ma/__/bye ba sa ya'i tshogs rnams dang /__/khyad par gsang ba ye shes ma/__/cang te'u dril bu'i sgra dang bcas/__/'dir gshegs pad nyi'i gdan la bzhugs/__/dam tshig chen pos dgyes dgongs la/__/ye shes dbang dang byin rlabs stsol/__/oM AHhU~M hrI d+hU ma g+ha ye na ma DA ki ni ha ri ni sa sa pa ri wA ra badz+ra ar+g+haM nas/__shab+da rU pa shab+da gan+d+he rA sa spaR+she d+harma d+ha tu sarba pany+tsa a mr-i ta rak+ta ba liM ta ta na g+ha Na sarba pU tsa AHhU~M/__zhes dang /__gsang ye'i sngags mthar/__i daM ba liM ta kha kha khA hi khA hi/__btags pa lan gsum gyis phul/__hrI maHrgyal ba kun gyi gsang ba'i mdzod/__/rdo rje phag mo dbyings kyi yum/__/ye shes mkha' 'gro rnal 'byor ma/__/gsang ba ye shes dkyil 'khor tshogs/__/phyi nang gsang ba'i mchod gtor bzhes/__/thugs dam bskang ngo nyams chags bshags/__/dbyings la 'khrugs pa mi mnga' yang /__/'khor gyi mkha' 'gro'i tshogs rnams kyi/__/thugs dang 'gal ba bzod bzhes la/__/mchog dang thun mong dngos grub stsol/__/rnal 'byor bdag cag 'khor bcas la/__/nad med tshe dang dbang phyug dang /__/sogs kyi phrin las bcol bar bya'o/__/de nas chos skyong lcam dral la mchod gsol 'bul ba ni/__hU~M hrIHsngon tshe 'og min bde chen zhing /__/dbang drag rol pa'i pho brang dang /__/lcang lo can gyi gnas rnams su/__/dpal ldan stobs ldan nag po dang /__/dbang chen khro bo'i rgyal po ni/__/rta mgrin gsang bdag la sogs pas/__/sngon gyi thugs dam ma bsnyel par/__/rtsod ldan dam sri 'dul ba la/__/'gran zla med pa'i mthu stobs can/__/rig 'dzin drag po khros pa'i sku/__/drag shul stobs ldan dbang po ni/__/pad nyi rgyal bsen dam sri rnams/__/kha sbubs gan rkyal bsgyel ba'i steng /__/rab 'jigs shin tu gtum pa'i gzugs/__/smug nag gsang gos ber chen dang /__/thod phreng sbrul dang rus pa'i rgyan/__/mi mgo rlon pa'i do shal can/__/phyag g.yas rdo rje'i ral gri 'phyar/__/g.yon pas yang na 'ching byed zhags pa bsnams/__/sku las rdo rje'i tshwa tshwa dang /__/me 'od khro chung phyag mtshan sogs/__/skar ltar 'khrugs shing ser ltar 'dril/__/g.yon pas gcod byed gser 'khor lo/__/sprul pa'i gcan gzan lcags sdig tshogs/__/nyi rdul ltar 'khrigs dam sri dang /__/rgya 'dre 'gong po hab hab zos/__/ming tsam med par thal bar brlags/__/gsang yum lha mo nyi gzhon ma/__/dmar mo phyag g.yas mda' dar dang /__/ut+pal dmar po'i lcags kyu 'dzin/__/g.yon na me long nor gzhong bsnams/__/lha rdzas gos dang rin chen brgyan/__/puN+Da ri ka'i do shal 'phyang /__/pad nyi'i steng na gar stabs kyis/__/yab kyi g.yon phyogs nye bar bzhugs/__/srid pa gsum po 'gugs byed ma/__/u ma dA+e wi mi mo'i gzugs/__/rnam 'gyur sprul pa cir yang ston/__/nges don yum chen gos dkar mo/__/tshe yi lha mo tsan+Di ka__/'jig rten srid pa'i tshul bzung ma/__/rig 'dzin grub pa'i bde ster ma/__/sngags kyi spyod pa'i nye rgyu'i rten/__/gang zhig yid la dran pas kyang /__/yid can bde ba'i ros myos shing /__/rdo rje 'dzin pa'i pho nya che/__/lcam dral 'khor tshogs bsam mi khyab/__/khyed rnams dgyes pa'i mchod rdzas ni/__/nyer spyod 'dod yon rnam lnga dang /__/bkra shis rdzas rtags rin chen bdun/__/'dod 'jo'i ba dang dpag bsam shing /__/gter chen bum bzang gzhal med khang /__/khrus rdzing skyed tshal mal cha dang /__/lha yi na bza' sna tshogs mdzes/__/rin chen rgyan dang do shal sogs/__/pad+ma dmar po'i phreng ba dang /__/mda' dar mchil rnon zhags pa dmar/__/me long nor bu mda' gzhu sogs/__/phyi nang gsang ba'i rten rdzas dang /__/rta g.yag ma he glang chen drel/__/spu sdug mdzes pa'i ri dwags khyu/__/bya rigs rnam pa sna tshogs dang /__/dkar mngar gser skyems yid 'gugs rdzas/__/sin+d+hU wA ra chang rgod phud/__/dbang bshos til mar sgron me gsal/__/rjes chags rak+ta'i sbu phreng g.yo/__/sman gtor ri dang mtsho ltar bskyil/__/mdor na srid dang zhi ba yi/__/phun tshogs dngos po ci mchis pas/__/thugs dam gnyen po skongs gyur cing /__/nyams chags 'gal 'khrul ci mchis pa/__/snying nas 'gyod pas mthol lo bshags/__/bzod bzhes tshangs par stsal du gsol/__/khyed la phrin las bcol ba ni/__/sangs rgyas bstan pa gnyan po srungs/__/dkon mchog gsum gyi dbu 'phang bstod/__/bstan 'dzin skyes bu'i sku tshe bsrings/__/dge 'dun 'du ba rgyas par mdzod/__/khyad par rdo rje theg pa yi/__/bshad sgrub bstan pa rgyas pa dang /__/mchog tu mi 'gyur bden don gyi/__/ye shes mngon sum gzigs pa yi/__/skyes mchog du mas 'jig rten khengs/__/rang gzhan don gnyis lhun gyis grub/__/'phags pa'i nor gyis 'byor par mdzod/__/bstan dang bstan 'dzin la 'khu ba'i/__/nag phyogs sde dpung rtsad nas 'joms/__/phyogs las rnam par rgyal ba yi/__/bkra shis ba dan dkar po sgrengs/__/phun tshogs dge legs g.yang du len/__/'jig rten rdzogs ldan dpal yon rgyas/__/phyogs rnams kun tu bde legs shog__/ces brjod la mchod gtor gser skyems gtsang sar gshegs/__gtor bskang gzhan dang ma 'brel na/__nongs bshags dang /__rten yod na brtan bzhugs dang /__med na gshegs gsol bya'o/__/rig 'dzin drag shul yab yum la/__/gtor chog nyung ngu 'di bris pas/__/dam sri rgya 'dre'i gnod pa zhi/__/srid zhi'i legs tshogs rgyas gyur cig__/ces pa'ang sne gdong ban tshang bla mas gsung bskul ngor/__pad+ma ye shes rdo rjes khra 'brug gi gtsug lag khang rtser bris pa dgera~M ya~M kha~M/__oM AHhU~M ha ho hrIHkye/__lha gcig nyi ma gzhon nu khyod/__/gsang bdag bzhad pa rdo rje yi/__/bka' dang dam las ma 'da' bar/__/bshams pa'i gser skyems mchod gtor bzhes/__/'dre srin rgyal 'gong bar chad srungs/__/lkogs gyur mngon sum brtan du gsol/__/oM shri dA+e wi sarba sid+d+hi pha la hU~M/__ces bzla'o//__//

Footnotes

Other Information