སངས་རྒྱས་ཡེར་པ་ལ་གསོལ་འདེབས་ངེས་དོན་གྲུབ་སྟེར།

From Khyentse Lineage - A Tsadra Foundation Project
Revision as of 09:21, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-03-GA-061
Wylie title sangs rgyas yer pa la gsol 'debs nges don grub ster JKCL-KABUM-03-GA-061.pdf
Location chos kyi blo gros bka' 'bum
Volume 3, Text 61, Pages 213-214 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People སངས་རྒྱས་ཡེར་པ་ (sangs rgyas yer pa)
Citation 'jam dbyangs mkhyen brtse chos kyi blo gros. sangs rgyas yer pa la gsol 'debs nges don grub ster. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 213-214. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་པའང་བྱང་རྟ་རྣའི་གཟིམས་བསྐྱིལ་ལེར་པ་ཁང་དུ་རྗེ་ཉིད་ཀྱི་འདྲ་ཞལ་རིན་པོ་ཆེའི་མདུན་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མི་ཕྱེད་དད་པས་མངོན་པར་ཤེས་བཞིན་དུ་གསོལ་བ་བཏབ་པ་ཐུགས་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བའི་རྒྱུ་གྱུར་ཅིག །ཤུ་བྷཾ།།

/ces pa'ang byang rta rna'i gzims bskyil ler pa khang du rje nyid kyi 'dra zhal rin po che'i mdun 'jam dbyangs blo gros rgya mtshos mi phyed dad pas mngon par shes bzhin du gsol ba btab pa thugs brgyud dgongs pa'i byin rlabs 'pho ba'i rgyu gyur cig__/shu b+haM//

1 Texts in this Section (sde tshan or chos tshan)

[edit]
སངས་རྒྱས་ཡེར་པ་ལ་གསོལ་འདེབས་ངེས་དོན་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །བྱང་ཆུབ་སེམས་དཔའ་ཟ་མ་ཏོག །འཕགས་པ་སྙིང་རྗེའི་ཆུ་འཛིན་དབང་། །འགྲོ་བ་ཀུན་ལ་སྙིང་བརྩེ་བས། །སྐྱེ་བས་གཟུགས་སུ་རྣམ་པར་སྣང་། །དམ་པའི་རྣམ་ཐར་བསམ་ལས་འདས། །རྒྱལ་བ་ཀུན་དང་སྤྱོད་ཡུལ་མཉམ། །བདེ་གཤེགས་རྡོ་རྗེ་རྒྱལ་པོ་ཡི། །ངོ་མཚར་ཐུགས་ཀྱི་སྲས་གཅིག་པུ། །བླ་མ་མཆོག་གི་གསང་གསུམ་གྱི། །ཡོན་ཏན་དཔག་ཡས་རྗེས་སུ་དྲན། །མི་ཕྱེད་དད་པས་གསོལ་བ་འདེབས། །ལྷན་སྐྱེས་ངེས་དོན་ཕྱག་རྒྱ་ཆེ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོས་པ་ཉེར་ཞིའི་དབྱིངས་ཆེན་པོ། །མི་འགྱུར་བདེ་ཆེན་ཡེ་ཤེས་དེ། །བདག་གི་སྙིང་ལ་སད་པ་དང་། །འཁོར་འདས་ཆོས་ཀུན་དབུ་མར་ཐིམ། །ཟུང་འཇུག་མཆོག་ཏུ་གྲུབ་པ་ནི། །བླ་མ་མཆོག་དང་མཉམ་པར་ཤོག །ཁྱེད་ཀྱི་ཐུགས་རྒྱུད་དགོངས་པ་དེ། །ད་ལྟ་བདག་ལ་འཕོས་ནས་སུ། །བདག་ནི་ཡེ་ཤེས་བརྩེགས་པ་དང་། །དུས་གསུམ་རྣམ་དབྱེར་མེད་པར་ཤོག །སྒྲུབ་བརྒྱུད་བསྟན་པ་ཉི་ལྟར་གསལ། །ངེས་དོན་གྲུབ་པས་ས་སྟེང་ཁེངས། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཡི། །བརྟན་གཡོ་ཀུན་ལ་བཀྲ་ཤིས་ཤོག །ཅེས་པའང་བྱང་རྟ་རྣའི་གཟིམས་བསྐྱིལ་ལེར་པ་ཁང་དུ་རྗེ་ཉིད་ཀྱི་འདྲ་ཞལ་རིན་པོ་ཆེའི་མདུན་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མི་ཕྱེད་དད་པས་མངོན་པར་ཤེས་བཞིན་དུ་གསོལ་བ་བཏབ་པ་ཐུགས་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བའི་རྒྱུ་གྱུར་ཅིག །ཤུ་བྷཾ།། །།

Footnotes

Other Information