བྱམས་ཆེན་རྒྱལ་བ་དངོས་སྣང་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོར་བསྟོད་པ་ཡོན་ཏན་སྤྲིན་གྱི་བླ་བྲེ།

From Khyentse Lineage - A Tsadra Foundation Project
Revision as of 08:18, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title byams chen rgyal ba dngos snang si tu o rgyan chos kyi rgya mtshor bstod pa yon tan sprin gyi bla bre JKCL-KABUM-02-KHA-071.pdf
Location chos kyi blo gros bka' 'bum
Volume 2, Text 71, Pages 593-598 (Folios 1a1 to 3b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཆོས་ཀྱི་རྒྱ་མཚོ་ (Katok Situ, 3rd)
Citation 'jam dbyangs mkhyen brtse chos kyi blo gros. byams chen rgyal ba dngos snang si tu o rgyan chos kyi rgya mtshor bstod pa yon tan sprin gyi bla bre. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 591-598. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཀཿཐོག་རྡོ་རྗེ་གདན་གྱི་བྱང་ཕྱོགས་རྒྱུད་སྡེ་ལྷ་ཁང་དཀོན་མཆོག་ཕོ་བྲང་ནོར་བུའི་ལྷུན་པོའི་ཡང་རྩེར་རྒྱལ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་ལ་གསོལ་བ་བཏབ་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་བླ་མ་ཐམས་ཅད་མཁྱེན་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །

ces pa'ang 'jam dbyangs blo gros rgya mtshos kaHthog rdo rje gdan gyi byang phyogs rgyud sde lha khang dkon mchog pho brang nor bu'i lhun po'i yang rtser rgyal zla'i dmar phyogs mkha' 'gro 'du ba'i dus tshes la gsol ba btab pa 'dis kyang tshe rabs kun tu bla ma thams cad mkhyen pas rjes su 'dzin pa'i rgyur gyur cig__/sarba mang+ga laM/

1 Texts in this Section (sde tshan or chos tshan)

[edit]
བྱམས་ཆེན་རྒྱལ་བ་དངོས་སྣང་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོར་བསྟོད་པ་ཡོན་ཏན་སྤྲིན་གྱི་བླ་བྲེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། མཁྱེན་བརྩེའི་ཡེ་ཤེས་ཕར་མཐའ་མེད་པ་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་ལས། །ཡོན་ཏན་ནོར་བུའི་གྲུ་ཆར་འཇོ་བས་འཕགས་དང་སྐྱེ་འགྲོའི་རེ་བ་བསྐང་། །རྒྱལ་བའི་རྒྱལ་ཚབ་ལྷ་བརྒྱའི་བདག་པོ་འཛམ་གླིང་ཆོས་ཀྱི་ཞིང་སར་འཕོས། །བྱམས་པ་ཆེན་པོ་བྷོ་ཊའི་མགོན་གཅིག་དཔལ་ལྡན་དུས་གསུམ་ཀུན་མཁྱེན་རྒྱལ། ༡། གང་ཞིག་གཟོད་ནས་ཞི་བ་རྣམ་གྲོལ་བྱང་ཆུབ་རྡོ་རྗེ་མཆོག་བརྙེས་ཀྱང་། །སྙིང་རྗེའི་སྤྱན་རས་པདྨ་རྒྱས་པ་སྲིད་པའི་ཁམས་དང་མཛའ་བས་ན། །འགྲོ་བའི་ལྷག་བསམ་དད་མོས་སྐྱེད་ཚལ་གང་ཁྱོད་དགྱེས་པའི་འབབ་སྟེགས་གྱུར། །བསོད་ནམས་བརྒྱ་པའི་སྐུ་ཡི་ཆུ་ཤེལ་བཞིན་ལག་མཚན་དཔེའི་མེ་ཏོག་བཀྲ། ༢། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་འོད་བརྒྱས་རྨོངས་པའི་སྙིང་གི་གའུ་བཀས། །སྔོན་མེད་ངོ་མཚར་གཏམ་གྱི་གླིང་གཞི་ཕྱོགས་ཀྱི་བུ་མོའི་རྣ་ཆར་དཔྱངས། །གྲགས་པའི་སྤྲིན་ཡིག་རྒྱུ་དང་མི་རྒྱུ་ཅི་དགར་སྒྲོགས་ལ་བར་མེད་བྲེལ། །ཉིན་མཚན་ཀུན་ཏུ་བགྱི་བ་ཀུན་བཏང་ཁྱོད་སྐུ་ཁོ་ན་ཡིད་ལ་བྱེད། ༣། ལེགས་བྲིས་བདག་དང་གསེར་མངལ་ཅན་སོགས་ས་ཡི་སྟེང་འདིར་ལྷག་གྱུར་ཏོ། །མི་ཡི་འགྲོ་དང་ལྷན་ཅིག་དད་པའི་མཆོད་སྤྲིན་བྱེ་བ་བརྒྱ་ཕྲག་སྟོབས། །གནག་སྣུམ་ཐོར་གཙུག་ནོར་བུའི་བརྒྱན་པས་ཞབས་རྟེན་པདྨ་དཀར་པོར་བཏུད། །དགེ་ལེགས་ཤིས་པའི་རྒྱལ་དབྱངས་སྙན་པོ་སྲིད་རྩེའི་བར་དུ་སྒྲོགས་པར་བྱས། ༤། དེ་ཚེ་འཇིག་རྟེན་ཉིན་མཚན་མི་ཕྱེད་དགེ་ལེགས་སྣང་བའི་འོད་ཆེན་དང་། །ལུས་སེམས་དགའ་བདེའི་དཔལ་གྱི་འབྱོར་ཞིང་མཐོ་རིས་ས་འདིར་འཕོས་འདྲ་བའི། །དགེ་མཚན་གཡུང་དྲུང་གཡས་སུ་འཁྱིལ་བ་རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས། །བཀྲ་ཤིས་མེ་ཏོག་མནྡ་ར་ཡི་ཆར་ཆེན་སྲས་བཅས་རྒྱལ་བས་བསྙིལ། ༥། དེ་ཚེ་རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་བརྟན་པའི་འཁོར་ལོ་ཡི། །རང་གི་རིགས་ཀྱི་མཚན་མར་བཟུང་ནས་བྱམས་ཆེན་རྒྱལ་བར་དབང་བསྐུར་ཞིང་། །དཔལ་ཆེན་འཆོལ་བའི་ཁྲོ་རྒྱལ་སྟོབས་ཀྱི་རྒྱལ་སྲས་ཆོས་ཀྱི་ཤིང་རྟ་དེ། །རྡོ་རྗེའི་གདན་གྱི་རྡོ་རྗེའི་བྲག་ལ་གསལ་བྱེད་ཐོག་མས་མཚན་པ་དེ། ༦། གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་གསེར་རིའི་ལྷུན་པོ་བཞིན་དུ་བརྗིད། །ཕྱོགས་བཅུའི་ཞིང་ནས་མཁྱེན་རབ་རླུང་གི་རིན་ཆེན་ཁམས་མང་སྡུད་པ་རྣམས། །ཟབ་ཅིང་རྣོ་མྱུར་ཤུགས་དྲག་འབར་བའི་ཡེ་ཤེས་ཞུགས་ཀྱིས་སྦྱངས་པ་ལས། །རྡོ་རྗེ་རྩེ་མོའི་མི་ཤིག་ཐིག་ལེས་གང་ཐུགས་དབྱིངས་ཀྱི་དཔལ་བེའུ་མཛེས། ༧། རྡོ་རྗེ་གཟི་བརྗིད་གསང་བའི་མཛོད་ནས་ཐོག་མཐའ་དབུས་མེད་ཀུན་ཏུ་བཟང་། །ཤིན་ཏུ་བརྟག་དཀའ་རྒྱ་ཆད་ཕྱོགས་བྲལ་མཚན་མ་ཀུན་ལས་འདས་པ་དེ། །བྱམས་ཆེན་ཐུགས་ཀྱི་ཐིག་ལེར་བཞུགས་པས་བསམ་ཡས་རིགས་ཀྱི་བདག་པོར་གྱུར། །མཁས་དང་གྲུབ་པར་སྙེམས་རྣམས་འདར་བཅས་ཁྱོད་ཀྱི་ཞབས་རྟེན་པད་མོར་བཏུད། ༨། འཕགས་ཡུལ་རྒྱན་དྲུག་མཁྱེན་རབ་དབང་ཕྱུག་ཆེ་རྣམས་གཅིག་ཏུ་བཀའ་བགྲོས་ནས། །ཤེས་བྱ་རབ་འབྱམས་མ་འདྲེས་ཡོངས་རྫོགས་དྲང་སྲོང་ཛ་ཧུའི་ལྟོ་བར་བསྐྱིལ། །ཆོས་ཀྱི་རྒྱ་མཚོ་ཆོས་ཀྱི་གཏེར་མཛོད་གྲགས་པ་དོན་གྱི་ལྕི་བར་འགྱུར། །རྒོལ་བ་ངན་འཇོམས་ཕྱོགས་ལས་རྣམ་རྒྱལ་འཇམ་མགོན་མ་ཧཱ་པཎྜི་ཏ། ༩། བསླབ་པ་གསུམ་གྱི་ལུས་ཚུགས་གྲིམ་ཞིང་འཆད་རྩོམ་རྩོད་པའི་གཡུ་རལ་འཕྱོ། །བསྡུ་དངོས་བཞི་ཡི་ཡན་ལག་བརྟན་ཅིང་ཚད་མེད་རྣམ་བཞིའི་སྡེར་མོ་ན། །ཕྱིན་དྲུག་རྩལ་གྱིས་ས་གསུམ་ཀུན་ནས་ཀུན་ཏུ་མཆོངས་པའི་དབང་པོ་དེ། །སྔ་འགྱུར་ཏི་སེའི་གངས་ལ་གནས་ཤིང་སྟོབས་ལྡན་རི་དྭགས་རྒྱལ་པོའོ། ༡༠། བཀའ་གཏེར་ཆོས་ཚུལ་ནོར་བུའི་གྲམ་ཕུང་ཕྱོགས་ཀྱི་ཐ་གྲུ་ཡངས་པར་བརྡལ། །སྔགས་ཀྱི་གྲུབ་གཉིས་ནོར་གྱི་འབྲས་བུ་དབུལ་བར་གྱུར་རྣམས་འབྱོར་བར་བྱེད། །ཨུ་རྒྱན་དཔལ་རིའི་པདྨའི་རྩ་ལག་བསྐལ་པ་བརྒྱར་ཡང་འགྲིབ་མེད་པ། །འདི་ཀོ་རྒྱལ་དབང་པདྨ་ལས་གྲོལ་ཁྱོད་ལས་གཞན་དུ་སུ་ཞིག་སེམས། ༡༡། རྩ་གསུམ་རབ་འབྱམས་ཞལ་བཟང་ངོམ་ཞིང་ལྗགས་ཀྱི་ལུང་བསྟན་དམ་པ་ནི། །ཁྱེད་ལ་ཤིན་ཏུ་མཛའ་བར་གྱུར་ཀྱང་ཁྱོད་ནི་རྣམ་པར་རྟོག་པ་མེད། །ཉིད་ལས་སྤྲོ་ཞིང་ཉིད་ལ་མཆོག་ཉེར་ལྷ་ཆེན་འཕྲུལ་དགའི་བདག་པོ་བཞིན། །དེས་ན་དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་ཁྱབ་བདག་པདྨ་བཛྲ་དངོས། ༡༢། མ་འབད་པར་ཡང་སྲིད་ཞིའི་ཕུན་ཚོགས་བྱེ་བ་ཕྲག་བརྒྱར་ངང་གིས་འདུ། །རྣམ་མང་ཞིང་ནས་འཁོར་གྱི་ཚོམ་བུ་མཁའ་ལ་རྒྱུ་སྐར་བཀྲ་བ་བཞིན། །དེ་རྣམས་སྨིན་ཅིང་གྲོལ་བར་བཀོད་ནས་དཔལ་འབྱོར་མཆིལ་མའི་ཐལ་བ་ལྟར། །གཅེས་པར་འཛིན་པའི་འཆིང་བ་ཀུན་བཏང་རྣལ་འབྱོར་དབང་ཕྱུག་མདའ་བསྣུན་ཞབས། ༡༣། ཀླུ་སྒྲུབ་བཞིན་དུ་ཚོགས་ཀྱི་ཞིང་སར་ཚོགས་ཀྱི་དཔལ་ཡོན་མཐའ་ཀླས་པ། །བསྟན་དང་འགྲོ་བའི་དཔལ་མགོན་དམ་པར་རྒྱལ་བའི་རིང་བསྲེལ་མཆོད་སྡོང་ཆེ། །མཁའ་ལྡིང་དབང་པོས་བཞེད་པའི་མོད་ལ་རིག་སྔགས་ཟབ་མོས་སྐད་ཅིག་སྒྲུབ། །སྒྱུ་མའི་གར་གྱི་མིག་འཕྲུལ་ཆེ་འདིས་ཁྱོད་ཉིད་སྒྱུ་མའི་བདག་པོར་དོགས། ༡༤། བཤད་དང་སྒྲུབ་པའི་སྐྱེད་ཚལ་ལ་འདུ་རྐང་དྲུག་རཿཡིག་གཉིས་པའི་ཚོགས། །ཕྱོགས་བརྒྱར་འཕེལ་ནས་འཕུར་ལྡིང་གཡོ་ཞིང་ཨོཾ་ཡིག་གླུ་དབྱངས་སྙན་པར་སྒྲོགས། །ས་གཞན་གནས་པའི་ཀོ་ཀཱི་ལི་རྣམས་རང་གི་གསུང་དབྱངས་གྲེ་འགྱུར་གྱིས། །ཅི་དགར་སྒྲོགས་པས་ཕན་ཚུན་བྲེལ་ཞིང་ཉིན་བཞིན་བློ་གསལ་དགའ་བར་བྱེད། ༡༥། བྱེ་བ་ཕྲག་བརྒྱའི་པད་ཚལ་དབང་སྒྱུར་ཨོ་རྒྱན་བསྟན་པའི་རྒྱལ་མཚན་ཆེ། །འདོད་འཇོའི་བ་མཆོག་མ་ཎི་ཀ་དང་དགོས་འབྱུང་དཔག་བསམ་དབང་པོ་ཡིས། །ཅི་འདོད་འབྱུང་ལ་ཆ་ཤས་ཙམ་གྱི་ཁྱོད་ཀྱི་དཔེ་ཟླར་བསྐྲུན་འོས་ཀྱང་། །སྲིད་ཞིའི་འཇིགས་སྐྱོབས་ཁྱོད་དང་མཚུངས་མིན་འཇིག་རྟེན་གསུམ་ན་ཁྱད་པར་འཕགས། ༡༦། ཕན་བདེའི་ཉེར་འཚོ་ས་ཆེན་དང་ནི་མ་རིག་མུན་སེལ་སྒྲོན་མེ་ཆེ། །ཡོན་ཏན་ཚོགས་ཀྱི་ཕྱུར་བུར་གཏམས་པ་རྡོ་རྗེ་རིན་ཆེན་ཟ་མ་ཏོག །མཁྱེན་ནུས་བརྩེ་བ་རྒྱལ་སྲས་སེམས་དཔའ་རིགས་གསུམ་དཔའ་བོ་ཆེན་པོ་དང་། །བསྐལ་བརྒྱར་བརྟགས་ཀྱང་ཐ་དད་མ་དམིགས་ཀུན་གཟིགས་ཀུན་མཁྱེན་བླ་མར་འདུད། ༡༧། གྲོལ་བ་བཞི་ལྡན་ཕྲིན་ལས་མུ་ཁྱུད་བཟང་པོས་ཕྱོགས་ཀུན་ཟླུམ་པོར་བཅིངས། །འཕགས་ནོར་རིན་ཆེན་བདུན་གྱི་འབྱོར་པས་མངོན་མཐོ་ཆོས་ཀྱི་རྒྱལ་པོ་མཆོག །གནམ་སྔོན་བཞུས་པའི་མདངས་ཀྱིས་འཁྱུད་པ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུ། །རྡོ་རྗེ་འཛིན་རྒྱལ་གདོད་མའི་མགོན་དང་དབྱེར་མེད་དཔལ་ལྡན་བླ་མར་འདུད། ༡༨། ཆོས་ཀྱི་དབྱིངས་ལ་སྙོམ་པར་ཞུགས་ཀྱང་ཞི་བའི་མཐའ་ལ་གཞོལ་སྲིད་དམ། །གཞན་དབང་དངོས་ལ་ཆགས་པར་གྱུར་ན་འཁོར་མཐའ་ཡས་པར་ནུས་སམ་ཅི། །འགལ་འདུ་སྤང་པའི་དབུ་མའི་འབྲས་བཟང་ས་གསུམ་ཆོ་རོལ་སྣ་ཚོགས་ཀྱི། །རོལ་པ་ཅིར་ཡང་འཆར་བས་བརྟན་གཡོ་ཀུན་ཁྱབ་རྡོ་རྗེ་སེམས་དཔའ་བསྟོད། ༡༩། དེ་ལྟར་བསྟོད་པའི་ཚིག་ཕྲེང་གི། ཆ་ཤས་བསྙད་པའི་དགེ་བ་འདིས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་མི་འབྲལ་ཤོག༢༠། གྲུབ་པ་སྟོན་ཟླ་ལྟར་དཀར་དེས། །མཐའ་ཡས་འགྲོ་བའི་ཀུ་མུད་རྒྱས། །སྙིང་ལ་འཇམ་མགོན་བདུད་རྩིའི་ཟིལ། །རེག་པས་བྱང་ཆུབ་མཆོག་ཐོབ་ཤོག༢༡། ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཀཿཐོག་རྡོ་རྗེ་གདན་གྱི་བྱང་ཕྱོགས་རྒྱུད་སྡེ་ལྷ་ཁང་དཀོན་མཆོག་ཕོ་བྲང་ནོར་བུའི་ལྷུན་པོའི་ཡང་རྩེར་རྒྱལ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་ལ་གསོལ་བ་བཏབ་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་བླ་མ་ཐམས་ཅད་མཁྱེན་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ། །།
[edit]

byams chen rgyal ba dngos snang si tu o rgyan chos kyi rgya mtshor bstod pa yon tan sprin gyi bla bre zhes bya ba bzhugs so/____/na mo gu ru many+dzu g+ho Sha ya/__mkhyen brtse'i ye shes phar mtha' med pa rgya mtsho'i sprin gyi bla bre las/____/yon tan nor bu'i gru char 'jo bas 'phags dang skye 'gro'i re ba bskang /____/rgyal ba'i rgyal tshab lha brgya'i bdag po 'dzam gling chos kyi zhing sar 'phos/____/byams pa chen po b+ho Ta'i mgon gcig dpal ldan dus gsum kun mkhyen rgyal/__1/__gang zhig gzod nas zhi ba rnam grol byang chub rdo rje mchog brnyes kyang /____/snying rje'i spyan ras pad+ma rgyas pa srid pa'i khams dang mdza' bas na/____/'gro ba'i lhag bsam dad mos skyed tshal gang khyod dgyes pa'i 'bab stegs gyur/____/bsod nams brgya pa'i sku yi chu shel bzhin lag mtshan dpe'i me tog bkra/__2/__tshul khrims ting 'dzin shes rab 'od brgyas rmongs pa'i snying gi ga'u bkas/____/sngon med ngo mtshar gtam gyi gling gzhi phyogs kyi bu mo'i rna char dpyangs/____/grags pa'i sprin yig rgyu dang mi rgyu ci dgar sgrogs la bar med brel/____/nyin mtshan kun tu bgyi ba kun btang khyod sku kho na yid la byed/__3/__legs bris bdag dang gser mngal can sogs sa yi steng 'dir lhag gyur to/____/mi yi 'gro dang lhan cig dad pa'i mchod sprin bye ba brgya phrag stobs/____/gnag snum thor gtsug nor bu'i brgyan pas zhabs rten pad+ma dkar por btud/____/dge legs shis pa'i rgyal dbyangs snyan po srid rtse'i bar du sgrogs par byas/__4/__de tshe 'jig rten nyin mtshan mi phyed dge legs snang ba'i 'od chen dang /____/lus sems dga' bde'i dpal gyi 'byor zhing mtho ris sa 'dir 'phos 'dra ba'i/____/dge mtshan g.yung drung g.yas su 'khyil ba rdzogs ldan gsar pa'i dga' ston rgyas/____/bkra shis me tog man+da ra yi char chen sras bcas rgyal bas bsnyil/__5/__de tshe rgyal ba'i yab gcig rje btsun 'jam dpal brtan pa'i 'khor lo yi/____/rang gi rigs kyi mtshan mar bzung nas byams chen rgyal bar dbang bskur zhing /____/dpal chen 'chol ba'i khro rgyal stobs kyi rgyal sras chos kyi shing rta de/____/rdo rje'i gdan gyi rdo rje'i brag la gsal byed thog mas mtshan pa de/__6/__gdong lngas btegs pa'i khri 'phang mthon por gser ri'i lhun po bzhin du brjid/____/phyogs bcu'i zhing nas mkhyen rab rlung gi rin chen khams mang sdud pa rnams/____/zab cing rno myur shugs drag 'bar ba'i ye shes zhugs kyis sbyangs pa las/____/rdo rje rtse mo'i mi shig thig les gang thugs dbyings kyi dpal be'u mdzes/__7/__rdo rje gzi brjid gsang ba'i mdzod nas thog mtha' dbus med kun tu bzang /____/shin tu brtag dka' rgya chad phyogs bral mtshan ma kun las 'das pa de/____/byams chen thugs kyi thig ler bzhugs pas bsam yas rigs kyi bdag por gyur/____/mkhas dang grub par snyems rnams 'dar bcas khyod kyi zhabs rten pad mor btud/__8/__'phags yul rgyan drug mkhyen rab dbang phyug che rnams gcig tu bka' bgros nas/____/shes bya rab 'byams ma 'dres yongs rdzogs drang srong dza hu'i lto bar bskyil/____/chos kyi rgya mtsho chos kyi gter mdzod grags pa don gyi lci bar 'gyur/____/rgol ba ngan 'joms phyogs las rnam rgyal 'jam mgon ma hA paN+Di ta/__9/__bslab pa gsum gyi lus tshugs grim zhing 'chad rtsom rtsod pa'i g.yu ral 'phyo/____/bsdu dngos bzhi yi yan lag brtan cing tshad med rnam bzhi'i sder mo na/____/phyin drug rtsal gyis sa gsum kun nas kun tu mchongs pa'i dbang po de/____/snga 'gyur ti se'i gangs la gnas shing stobs ldan ri dwags rgyal po'o/__10/__bka' gter chos tshul nor bu'i gram phung phyogs kyi tha gru yangs par brdal/____/sngags kyi grub gnyis nor gyi 'bras bu dbul bar gyur rnams 'byor bar byed/____/u rgyan dpal ri'i pad+ma'i rtsa lag bskal pa brgyar yang 'grib med pa/____/'di ko rgyal dbang pad+ma las grol khyod las gzhan du su zhig sems/__11/__rtsa gsum rab 'byams zhal bzang ngom zhing ljags kyi lung bstan dam pa ni/____/khyed la shin tu mdza' bar gyur kyang khyod ni rnam par rtog pa med/____/nyid las spro zhing nyid la mchog nyer lha chen 'phrul dga'i bdag po bzhin/____/des na dkyil 'khor rgya mtsho'i gtso mchog khyab bdag pad+ma badz+ra dngos/__12/__ma 'bad par yang srid zhi'i phun tshogs bye ba phrag brgyar ngang gis 'du/____/rnam mang zhing nas 'khor gyi tshom bu mkha' la rgyu skar bkra ba bzhin/____/de rnams smin cing grol bar bkod nas dpal 'byor mchil ma'i thal ba ltar/____/gces par 'dzin pa'i 'ching ba kun btang rnal 'byor dbang phyug mda' bsnun zhabs/__13/__klu sgrub bzhin du tshogs kyi zhing sar tshogs kyi dpal yon mtha' klas pa/____/bstan dang 'gro ba'i dpal mgon dam par rgyal ba'i ring bsrel mchod sdong che/____/mkha' lding dbang pos bzhed pa'i mod la rig sngags zab mos skad cig sgrub/____/sgyu ma'i gar gyi mig 'phrul che 'dis khyod nyid sgyu ma'i bdag por dogs/__14/__bshad dang sgrub pa'i skyed tshal la 'du rkang drug raHyig gnyis pa'i tshogs/____/phyogs brgyar 'phel nas 'phur lding g.yo zhing oM yig glu dbyangs snyan par sgrogs/____/sa gzhan gnas pa'i ko kI li rnams rang gi gsung dbyangs gre 'gyur gyis/____/ci dgar sgrogs pas phan tshun brel zhing nyin bzhin blo gsal dga' bar byed/__15/__bye ba phrag brgya'i pad tshal dbang sgyur o rgyan bstan pa'i rgyal mtshan che/____/'dod 'jo'i ba mchog ma Ni ka dang dgos 'byung dpag bsam dbang po yis/____/ci 'dod 'byung la cha shas tsam gyi khyod kyi dpe zlar bskrun 'os kyang /____/srid zhi'i 'jigs skyobs khyod dang mtshungs min 'jig rten gsum na khyad par 'phags/__16/__phan bde'i nyer 'tsho sa chen dang ni ma rig mun sel sgron me che/____/yon tan tshogs kyi phyur bur gtams pa rdo rje rin chen za ma tog__/mkhyen nus brtse ba rgyal sras sems dpa' rigs gsum dpa' bo chen po dang /____/bskal brgyar brtags kyang tha dad ma dmigs kun gzigs kun mkhyen bla mar 'dud/__17/__grol ba bzhi ldan phrin las mu khyud bzang pos phyogs kun zlum por bcings/____/'phags nor rin chen bdun gyi 'byor pas mngon mtho chos kyi rgyal po mchog__/gnam sngon bzhus pa'i mdangs kyis 'khyud pa zung 'jug phyag rgya chen po'i sku/____/rdo rje 'dzin rgyal gdod ma'i mgon dang dbyer med dpal ldan bla mar 'dud/__18/__chos kyi dbyings la snyom par zhugs kyang zhi ba'i mtha' la gzhol srid dam/____/gzhan dbang dngos la chags par gyur na 'khor mtha' yas par nus sam ci/____/'gal 'du spang pa'i dbu ma'i 'bras bzang sa gsum cho rol sna tshogs kyi/____/rol pa cir yang 'char bas brtan g.yo kun khyab rdo rje sems dpa' bstod/__19/__de ltar bstod pa'i tshig phreng gi/__cha shas bsnyad pa'i dge ba 'dis/____/deng nas byang chub snying po'i bar/____/bla ma mchog dang mi 'bral shog20/__grub pa ston zla ltar dkar des/____/mtha' yas 'gro ba'i ku mud rgyas/____/snying la 'jam mgon bdud rtsi'i zil/____/reg pas byang chub mchog thob shog21/__ces pa'ang 'jam dbyangs blo gros rgya mtshos kaHthog rdo rje gdan gyi byang phyogs rgyud sde lha khang dkon mchog pho brang nor bu'i lhun po'i yang rtser rgyal zla'i dmar phyogs mkha' 'gro 'du ba'i dus tshes la gsol ba btab pa 'dis kyang tshe rabs kun tu bla ma thams cad mkhyen pas rjes su 'dzin pa'i rgyur gyur cig__/sarba mang+ga laM/__/____//_

Footnotes

Other Information