མཚོ་སྐྱེས་རྡོ་རྗེར་བསྟོད་ཤིས་མེ་ཏོག་ཕྲེང་མཛེས།

From Khyentse Lineage - A Tsadra Foundation Project
Revision as of 09:17, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-02-KHA-053
Wylie title mtsho skyes rdo rjer bstod shis me tog phreng mdzes JKCL-KABUM-02-KHA-053.pdf
Location chos kyi blo gros bka' 'bum
Volume 2, Text 53, Pages 531-532 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mtsho skyes rdo rjer bstod shis me tog phreng mdzes. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 531-532. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity gu ru mtsho skyes rdo rje

1 Texts in this Section (sde tshan or chos tshan)

[edit]
མཚོ་སྐྱེས་རྡོ་རྗེར་བསྟོད་ཤིས་མེ་ཏོག་ཕྲེང་མཛེས་བཞུགས། རྒྱལ་ཀུན་ཐུགས་རྗེ་སིནྡྷཱུ་ཝ་རའི་ཕྲེང་། །དྭངས་བསིལ་དཀར་པོའི་ཆུ་གཏེར་ལྷུང་པ་ལས། །ངོ་མཚར་མཚན་དཔེའི་ཟླ་ཞུན་ཕུང་པོ་ལ། །དབང་པོའི་ཚོན་གྱིས་མཛེས་པར་མདངས་འདྲའི་སྐུ། །མཁྱེན་གཉིས་སྤྱན་གྱི་ཟེའུ་འབྲུ་བུང་བ་ལྟར། །རབ་གནག་ཕྱོགས་བཅུའི་ཞིང་ཁམས་ས་ལེར་གསལ། །སྐུ་གཅིག་བ་སྤུའི་ཁུང་བུ་རེ་ལས་ཀྱང་། །ཞིང་གི་རྡུལ་སྙེད་གདུལ་བྱ་འདུལ་བྱེད་སྣང་། །གསུང་གཅིག་དབྱངས་ནི་བརྗོད་པ་དང་བྲལ་ཡང་། །དབྱངས་ཀྱི་ང་རོས་སྲིད་ཞི་ཀུན་ཏུ་ཁྱབ། །ཡིད་ཅན་རྒྱ་མཚོའི་རྣ་བར་སྙན་ཅིང་འཇེབས། །ཉོན་མོངས་མེ་བསིལ་ཆོས་ཀྱི་ཆར་ཆེན་འབེབས། །ཟབ་ཐུགས་རྒྱ་མཚོའི་མཇིང་ཀློང་ལྟར་ཟབ་ཅིང་། །རྣམ་པ་ཀུན་མཆོག་ཀླུ་དབང་རོལ་པའི་གནས། །ཤེས་དང་ཤེས་བྱ་ཐམས་ཅད་རོ་གཅིག་པའི། །རྡོ་རྗེའི་གསང་བ་ཤིན་ཏུ་བརྟག་དཀའི་གནས། །གངས་ཆེན་མཚོ་འདྲའི་རྒྱལ་བའི་དབང་པོ་ཡི། །ཡོན་ཏན་མཐའ་ཀླས་བརྗོད་པར་སུ་ཡིས་ནུས། །འཕགས་ཆེན་ལྗགས་ཀྱང་ངལ་བ་ལྷུར་བླངས་ན། །བདག་འདྲས་བརྗོད་པའི་དཀའ་བས་ཅི་ཞིག་བྱ། །འོན་ཀྱང་དད་གསུམ་རྡུལ་དམར་བཞད་པའི་ཚེ། །བྱུང་བའི་ཚིག་གི་ཟེ་ཕྲེང་འདི་འབུལ་བས། །སྐྱེ་ཀུན་མཚོ་སྐྱེས་རྒྱལ་བས་རྗེས་བཟུང་ནས། །འཆི་མེད་སྐུ་གསུམ་གོ་འཕང་འགྲུབ་པར་སྨོན། ། །།

Footnotes

Other Information