དཔལ་ཆེན་པོ་ལ་བསྟོད་པ་རྔམ་པའི་འགྱིང་གླུ།

From Khyentse Lineage - A Tsadra Foundation Project
Revision as of 08:17, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-02-KHA-039
Wylie title dpal chen po la bstod pa rngam pa'i 'gying glu JKCL-KABUM-02-KHA-039.pdf
Location chos kyi blo gros bka' 'bum
Volume 2, Text 39, Pages 471-472 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal chen po la bstod pa rngam pa'i 'gying glu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 471-472. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity dpal chen
Colophon

།ཅེས་པའང་ཇོ་བོ་སྨྲྀ་ཏི་ཛྙཱ་ནས་རྫུ་འཕྲུལ་གྱི་བཀོད་པས་འདུ་བྱས་པའི་གླིང་བུ་དཔལ་ཆེན་དགྱེས་པའི་གཙུག་ལག་ཁང་གི་ཡང་རྩེར་སྤྲེལ་ལོ་གྲོ་བཞིན་ཟླ་བའི་ཚེས་ཉེར་ལྔ་ལ་རིག་པ་འཛིན་པའི་གྲལ་མཐར་འཁོད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། པདྨ་ཡེ་ཤེས་རྡོ་རྗེས་བསྟོད་པ་འདིས་ཀྱང་བླ་མ་དཔལ་ཆེན་པོའི་གོ་འཕང་མངོན་དུ་བརྙེས་པའི་རྒྱུར་གྱུར་ཅིག །

ces pa'ang jo bo smr-i ti dz+nyA nas rdzu 'phrul gyi bkod pas 'du byas pa'i gling bu dpal chen dgyes pa'i gtsug lag khang gi yang rtser sprel lo gro bzhin zla ba'i tshes nyer lnga la rig pa 'dzin pa'i gral mthar 'khod pa 'jam dbyangs chos kyi blo gros sam/__pad+ma ye shes rdo rjes bstod pa 'dis kyang bla ma dpal chen po'i go 'phang mngon du brnyes pa'i rgyur gyur cig__/

1 Texts in this Section (sde tshan or chos tshan)

[edit]
དཔལ་ཆེན་པོ་ལ་བསྟོད་པ་རྔམ་པའི་འགྱིང་གླུ་ཞེས་བྱ་བ། ཨ་ཧོ། བཛྲ་གཱིརྟི་ཀ་མ་ལ་མ་ལྱཱ་ནིརྟི་ཨ་ལ་ལ་ཧོ། བདེ་མཆོག་ཡེ་ཤེས་བདེ་བའི་གར། །ཆགས་མེད་ཆགས་པ་ཆེན་པོའི་གཟུགས། །རང་བྱུང་གྲུབ་པའི་ཕྱག་རྒྱ་འབར། །བརྟན་གཡོ་ཀུན་གྱི་ཁྱབ་བདག་ཆེ། ཧོཿདངོས་པོ་ཀུན་ལས་རབ་འདས་ཤིང་། །རྡུལ་བྲལ་ཡེ་ཤེས་ཆེན་པོའི་སྐུ། །གར་དགུའི་ཉམས་ཀྱིས་རྣམ་པར་སྒེག །དཔལ་ཆེན་སྐུ་མཆོག་འབར་ལ་བསྟོད། །རྔམ་པའི་སྒྲ་ཆེན་རབ་བསྒྲགས་པས། །འགོག་པའི་ཆོས་ལས་སློང་བ་དང་། །བརྟན་གཡོའི་སྒྲ་སྐད་ཐམས་ཅད་ཀུན། །གྲགས་སྟོང་རུ་ལུའི་གསུང་ལ་བསྟོད། །ནམ་མཁའ་ལྟ་བུར་མཐའ་དབུས་བྲལ། །ཡེ་ཤེས་ཉི་མ་རབ་གསལ་བས། །སྐྱེ་མེད་བློ་ལས་འདས་པའི་ཐུགས། །རྣམ་པ་ཀུན་མཆོག་བདེ་ཆེན་བསྟོད། །འཛད་པ་མེད་པའི་ཡོན་ཏན་ནི། །ལྷུན་གྲུབ་ཟག་པ་མེད་པའི་ཆོས། །མཐའ་ཀླས་ངང་གིས་འབྱོར་པ་ཡི། །སྐུ་དང་ཡེ་ཤེས་ཚོགས་ལ་བསྟོད། །གང་ལ་གང་འདུལ་བསམ་མི་ཁྱབ། །དུ་མའི་གཟུགས་སུ་བསྒྱུར་བ་ལས། །ཕྲིན་ལས་རྩོལ་མེད་ལྷུན་རྫོགས་པ། །སྲིད་པ་ཇི་སྲིད་འཕྲོ་ལ་བསྟོད། །སངས་རྒྱས་ཀུན་གྱི་གསང་བ་གསུམ། །ཐུགས་ཀྱི་དཔལ་བེར་སྡུད་པ་ལས། །ཇི་སྙེད་སྤྲོ་བར་བྱེད་པའི་བདག །ཡང་དག་གྲུབ་པ་ཆེན་པོར་བསྟོད། །ཕྱོགས་མེད་ཕྱོགས་དང་བྲལ་བ་ཡི། །གཟུང་འཛིན་ཆོས་སུ་སྣང་བ་ཀུན། །བདག་མེད་དབྱིངས་སུ་མཉམ་པ་ཉིད། །དངོས་པོའི་དེ་ཁོ་ན་ཉིད་བསྟོད། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ། །ཁ་སྦྱོར་བདུན་ལྡན་ཧེ་རུ་ཀ། རང་རིག་ཉིད་དུ་ཤེས་པའི་བློས། །གཉིས་སུ་མེད་པར་བསྟོད་པར་བགྱི། །དེ་ལྟར་བསྟོད་ལས་བྱུང་བའི་དགེས། །སྲིད་གསུམ་གྲོང་ཁྱེར་སྟོང་གྱུར་ཏེ། །འོག་མིན་རྡོ་རྗེ་བཀོད་པ་རུ། །ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །ཅེས་པའང་ཇོ་བོ་སྨྲྀ་ཏི་ཛྙཱ་ནས་རྫུ་འཕྲུལ་གྱི་བཀོད་པས་འདུ་བྱས་པའི་གླིང་བུ་དཔལ་ཆེན་དགྱེས་པའི་གཙུག་ལག་ཁང་གི་ཡང་རྩེར་སྤྲེལ་ལོ་གྲོ་བཞིན་ཟླ་བའི་ཚེས་ཉེར་ལྔ་ལ་རིག་པ་འཛིན་པའི་གྲལ་མཐར་འཁོད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། པདྨ་ཡེ་ཤེས་རྡོ་རྗེས་བསྟོད་པ་འདིས་ཀྱང་བླ་མ་དཔལ་ཆེན་པོའི་གོ་འཕང་མངོན་དུ་བརྙེས་པའི་རྒྱུར་གྱུར་ཅིག ། །།
[edit]

dpal chen po la bstod pa rngam pa'i 'gying glu zhes bya ba/__a ho/__badz+ra gIrti ka ma la ma l+yA nirti a la la ho/__bde mchog ye shes bde ba'i gar/____/chags med chags pa chen po'i gzugs/____/rang byung grub pa'i phyag rgya 'bar/____/brtan g.yo kun gyi khyab bdag che/__hoHdngos po kun las rab 'das shing /____/rdul bral ye shes chen po'i sku/____/gar dgu'i nyams kyis rnam par sgeg__/dpal chen sku mchog 'bar la bstod/____/rngam pa'i sgra chen rab bsgrags pas/____/'gog pa'i chos las slong ba dang /____/brtan g.yo'i sgra skad thams cad kun/____/grags stong ru lu'i gsung la bstod/____/nam mkha' lta bur mtha' dbus bral/____/ye shes nyi ma rab gsal bas/____/skye med blo las 'das pa'i thugs/____/rnam pa kun mchog bde chen bstod/____/'dzad pa med pa'i yon tan ni/____/lhun grub zag pa med pa'i chos/____/mtha' klas ngang gis 'byor pa yi/____/sku dang ye shes tshogs la bstod/____/gang la gang 'dul bsam mi khyab/____/du ma'i gzugs su bsgyur ba las/____/phrin las rtsol med lhun rdzogs pa/____/srid pa ji srid 'phro la bstod/____/sangs rgyas kun gyi gsang ba gsum/____/thugs kyi dpal ber sdud pa las/____/ji snyed spro bar byed pa'i bdag__/yang dag grub pa chen por bstod/____/phyogs med phyogs dang bral ba yi/____/gzung 'dzin chos su snang ba kun/____/bdag med dbyings su mnyam pa nyid/____/dngos po'i de kho na nyid bstod/____/'khor 'das kun gyi spyi dpal che/____/kha sbyor bdun ldan he ru ka/__rang rig nyid du shes pa'i blos/____/gnyis su med par bstod par bgyi/____/de ltar bstod las byung ba'i dges/____/srid gsum grong khyer stong gyur te/____/'og min rdo rje bkod pa ru/____/tshom bu gcig tu sangs rgyas shog__/ces pa'ang jo bo smr-i ti dz+nyA nas rdzu 'phrul gyi bkod pas 'du byas pa'i gling bu dpal chen dgyes pa'i gtsug lag khang gi yang rtser sprel lo gro bzhin zla ba'i tshes nyer lnga la rig pa 'dzin pa'i gral mthar 'khod pa 'jam dbyangs chos kyi blo gros sam/__pad+ma ye shes rdo rjes bstod pa 'dis kyang bla ma dpal chen po'i go 'phang mngon du brnyes pa'i rgyur gyur cig__/__//__

Footnotes

Other Information