རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་ཡོན་ཏན་མཐའ་ཡས་ཕྲིན་ལས་མི་ཟད་པའི་རོལ་མོ།

From Khyentse Lineage - A Tsadra Foundation Project
Revision as of 08:13, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rje btsun 'jam dpal dbyangs la bstod pa yon tan mtha' yas phrin las mi zad pa'i rol mo JKCL-KABUM-02-KHA-012.pdf
Location chos kyi blo gros bka' 'bum
Volume 2, Text 12, Pages 365-368 (Folios 1a1 to 2b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rje btsun 'jam dpal dbyangs la bstod pa yon tan mtha' yas phrin las mi zad pa'i rol mo. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 365-368. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity 'jam dpal dbyangs
Colophon

།ཅེས་པའང་ཆོས་ཀྱི་བློ་གྲོས་བས་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་དུ་གྲོ་བཞིན་ཟླ་བའི་ཚེས་༡ལ་གསོལ་བ་སིདྡྷི་རསྟུ།

ces pa'ang chos kyi blo gros bas zhe chen ri khrod pad+ma 'od gling du gro bzhin zla ba'i tshes 1la gsol ba sid+d+hi rastu/

1 Texts in this Section (sde tshan or chos tshan)

[edit]
རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་ཡོན་ཏན་མཐའ་ཡས་ཕྲིན་ལས་མི་ཟད་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཛྙཱ་ན་ཀ་ཡ། བདེ་དང་སྟོང་པའི་ཆོ་འཕྲུལ་ལས། །བརྟན་གཡོ་སྲིད་ཞིར་ཀུན་ཁྱབ་པ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། །མི་ཕྱེད་དད་པས་ཕྱག་བགྱིའོ། །གང་ཞིག་གཟོད་ནས་རྣམ་དག་ཅིང་། །དྲི་མ་མེད་པ་ཆོས་ཀྱི་སྐུ། །སྤངས་དང་རྟོགས་པ་མཐར་སོན་དཔལ། །སྲིད་ཞིའི་དབང་ཕྱུག་ཁྱེད་ལ་འདུད། །རང་བཞིན་གདོད་ནས་སྐྱེ་འགག་གི། སྤྲོས་པའི་མཚན་མ་ཀུན་སྤངས་པ། །མི་ཕྱེད་འོད་གསལ་དབུ་མའི་ལམ། །ཡེ་ཤེས་སྐུ་བརྙེས་ཁྱེད་ལ་འདུད། །རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ། །ཟབ་ཞི་སྤྲོས་པ་དང་བྲལ་བ། །མཁྱེན་བརྩེའི་ཡེ་ཤེས་སྐུར་སྟོན་པ། །འཇམ་དཔལ་དཔའ་བོ་ཁྱེད་ལ་འདུད། །འཕོ་བ་མེད་ལས་འཕོ་བ་དང་། །སྐྱེ་བ་མེད་ལས་སྐྱེ་བ་དང་། །སྣ་ཚོགས་གཟུགས་ཀྱི་སྐུར་སྟོན་པ། །ཆོ་འཕྲུལ་ཆེན་པོ་ཁྱེད་ལ་འདུད། །ཁྱོད་ནི་རྒྱལ་བ་ཀུན་གྱི་ཡབ། །རྒྱལ་བ་ཀུན་གྱི་སྲས་གཅིག་པུ། །རྒྱལ་དང་རྒྱལ་སྲས་ཚུལ་སྟོན་པའི། །རྣམ་འཕྲུལ་བསམ་མི་ཁྱབ་ལ་འདུད། །དེ་བཞིན་ཆོས་ཀྱི་དབྱིངས་དམ་པར། །གཅིག་དང་ཐ་དད་ལས་འདས་ཀྱང་། །དུ་མ་ཉིད་དུ་རྣམ་པར་འཕྲུལ། །བློ་གྲོས་ཆེན་པོ་ཁྱོད་ལ་འདུད། །བསྐལ་མང་གོང་ནས་བྱང་ཆུབ་མཆོག །མངོན་སངས་རྒྱས་ཀྱང་སྲིད་གསུམ་པོར། །ཐུགས་རྗེའི་ཉེ་བར་བཟུང་བ་ལས། །རྒྱལ་སྲས་ཐུ་བོའི་སྐུར་སྟོན་འདུད། །སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་གཏེར། །རྒྱལ་བའི་ལྗགས་ཀྱི་བགྲང་ལས་འདས། །བསམ་གྱི་མི་ཁྱབ་སྤྱོད་ཡུལ་ཅན། །བློ་གྲོས་ཕ་མཐའ་ཡས་ལ་འདུད། །ཐབས་ཀྱི་མཆོག་རྣམས་ཡོངས་རྫོགས་པས། །ཐབས་ལ་མཁས་པའི་སྤྱོད་པ་འདུལ། །མཚུངས་ཟླ་སྤངས་པའི་ཤཱཀྱའི་སྲས། །མགོན་པོ་འཇམ་པའི་དབྱངས་ལ་འདུད། །སྐུ་དཀྱིལ་ཉིན་མོར་བྱེད་པའི་འོད། །བེམ་པོའི་ཆོས་ལས་རིང་འདས་ཤིང་། །ཡེ་ཤེས་འོད་ཟེར་ཆེན་པོ་ཡི། །རྟོག་པའི་དྲྭ་བ་བསལ་ལ་འདུད། །ཀུན་ཏུ་རྣམ་པར་མི་རྟོག་བཞིན། །གསུང་གི་བརྗོད་པ་རྒྱུན་ཆད་མེད། །འགག་མེད་ཆོས་ཀྱི་སྒྲ་སྒྲོགས་པས། །རྨོངས་པའི་མུན་སེལ་ཁྱེད་ལ་འདུད། །ཀུན་ཏུ་གཏི་མུག་མུན་པ་ཡི། །སྙིང་ལ་སྒྲིབ་པའི་སྐྱེ་འགྲོ་རྣམས། །ཁྱེད་ཀྱི་ཡེ་ཤེས་སྣང་བ་ཡིས། །བློ་གྲོས་སྒོ་བརྒྱར་འབྱེད་ལ་འདུད། །བློ་མཆོག་གསུང་གི་དབང་ཕྱུག་གཏེར། །ཟབ་ཅིང་རྒྱ་ཆེའི་ཆོས་སྟོན་པས། །གཟུང་འཛིན་ཀུན་ཏུ་རྟོག་པ་སྦྱོངས། །ཐུགས་རྗེའི་ཆུ་རྒྱུན་ཁྱེད་ལ་འདུད། །དབྱངས་ཀྱི་ཡན་ལག་འབུམ་ལྡན་པས། །སངས་རྒྱས་ཞིང་ཁམས་རྒྱ་མཚོ་ལ། །སྒྲ་དབྱངས་རྒྱ་མཚོ་རབ་འཇུག་པས། །སེམས་ཅན་རྒྱ་མཚོ་སྨིན་ལ་འདུད། །གསུང་གི་རྡོ་རྗེ་རྡོ་རྗེའི་བདག །ཤེས་རབ་ཆེན་པོའི་སྐད་ཅིག་ལ། །ཆོས་ཀུན་དེ་ཉིད་མངོན་མཁྱེན་པས། །ཀུན་ནས་གཟིགས་པ་ཁྱོད་ལ་འདུད། །ཀུན་ཏུ་རྣམ་པར་དག་པའི་སྐུ། །ཀུན་རིག་བརྗོད་པ་མེད་པའི་གསུངས། །ཀུན་ནས་ཀུན་ཏུ་ཁྱབ་པའི་ཐུགས། །གསང་གསུམ་ཕ་མཐའ་ཡས་ལ་འདུད། །གང་གི་རང་བཞིན་ནམ་མཁའ་ལྟར། །ཡོད་མེད་སྤྲོས་པ་ལས་འདས་ཤིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །འོད་གསལ་ཆེན་པོའི་ཐུགས་ལ་འདུད། །འབད་པ་མེད་ཅིང་ལྷུན་གྱིས་གྲུབ། །ཡོན་ཏན་བསམ་ཡས་རོལ་མོ་ནི། །མཐའ་ཡས་ཀུན་ཏུ་སྒྲོགས་པ་ཡི། །ཕྲིན་ལས་བྱ་བ་ཐམས་ཅད་གྲུབ། །ཟླ་ཉི་ནོར་བུ་ལྷའི་རྔ་བོ། །དཔག་བསམ་ཤིང་བཞིན་སྲིད་དང་ཞིའི། །དགོས་འདོད་མ་ལུས་སྩོལ་མཛད་པ། །ཡིད་བཞིན་རེ་སྐོང་ཁྱེད་ལ་འདུད། །གང་སྐུ་བསོད་ནམས་ཆེན་པོའི་དཔལ། །མཚན་དཔེའི་འོད་ཟེར་བརྒྱ་པ་ཡང་། །མཐོང་ན་མི་མཐུན་མེད་པའི་དཔྱིད། །བལྟ་བས་མི་ངོམས་ཁྱེད་ལ་འདུད། །དེ་ལྟའི་སྐུ་ཡི་སྣང་བ་དང་། །གསུང་གི་རིགས་སྔགས་ཟབ་མོའི་སྒྲ། །དྷཱིཿཡིག་ཡེ་ཤེས་ལྔ་ལྡན་ཐུགས། །བདག་གི་སྒོ་གསུམ་འཇུག་པའི་མཛོད། །དེང་ནས་ཚེ་རབ་ཐམས་ཅད་དུ། །བླ་མ་འཇམ་དཔལ་དཔའ་བོ་ཡི། །དགྱེས་པའི་ཞལ་རས་བློ་གྲོས་ཀྱི། །པད་དཀར་བཞད་པའི་རྩེར་བཀོད་པས། །སྐྱེ་ཀུན་མཁྱེན་པའི་གཏེར་ཆེན་གྱི། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་ཀྱེ། །ཅེས་པའང་ཆོས་ཀྱི་བློ་གྲོས་བས་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་དུ་གྲོ་བཞིན་ཟླ་བའི་ཚེས་༡ལ་གསོལ་བ་སིདྡྷི་རསྟུ། ། །།
[edit]

rje btsun 'jam dpal dbyangs la bstod pa yon tan mtha' yas phrin las mi zad pa'i rol mo zhes bya ba bzhugs so/____/na mo many+dzu shrI dz+nyA na ka ya/__bde dang stong pa'i cho 'phrul las/____/brtan g.yo srid zhir kun khyab pa/____/'jam dpal ye shes sems dpa' la/____/mi phyed dad pas phyag bgyi'o/____/gang zhig gzod nas rnam dag cing /____/dri ma med pa chos kyi sku/____/spangs dang rtogs pa mthar son dpal/____/srid zhi'i dbang phyug khyed la 'dud/____/rang bzhin gdod nas skye 'gag gi/__spros pa'i mtshan ma kun spangs pa/____/mi phyed 'od gsal dbu ma'i lam/____/ye shes sku brnyes khyed la 'dud/____/rgyal ba kun gyi thugs rdo rje/____/zab zhi spros pa dang bral ba/____/mkhyen brtse'i ye shes skur ston pa/____/'jam dpal dpa' bo khyed la 'dud/____/'pho ba med las 'pho ba dang /____/skye ba med las skye ba dang /____/sna tshogs gzugs kyi skur ston pa/____/cho 'phrul chen po khyed la 'dud/____/khyod ni rgyal ba kun gyi yab/____/rgyal ba kun gyi sras gcig pu/____/rgyal dang rgyal sras tshul ston pa'i/____/rnam 'phrul bsam mi khyab la 'dud/____/de bzhin chos kyi dbyings dam par/____/gcig dang tha dad las 'das kyang /____/du ma nyid du rnam par 'phrul/____/blo gros chen po khyod la 'dud/____/bskal mang gong nas byang chub mchog__/mngon sangs rgyas kyang srid gsum por/____/thugs rje'i nye bar bzung ba las/____/rgyal sras thu bo'i skur ston 'dud/____/spangs rtogs yon tan rgya mtsho'i gter/____/rgyal ba'i ljags kyi bgrang las 'das/____/bsam gyi mi khyab spyod yul can/____/blo gros pha mtha' yas la 'dud/____/thabs kyi mchog rnams yongs rdzogs pas/____/thabs la mkhas pa'i spyod pa 'dul/____/mtshungs zla spangs pa'i shAkya'i sras/____/mgon po 'jam pa'i dbyangs la 'dud/____/sku dkyil nyin mor byed pa'i 'od/____/bem po'i chos las ring 'das shing /____/ye shes 'od zer chen po yi/____/rtog pa'i drwa ba bsal la 'dud/____/kun tu rnam par mi rtog bzhin/____/gsung gi brjod pa rgyun chad med/____/'gag med chos kyi sgra sgrogs pas/____/rmongs pa'i mun sel khyed la 'dud/____/kun tu gti mug mun pa yi/____/snying la sgrib pa'i skye 'gro rnams/____/khyed kyi ye shes snang ba yis/____/blo gros sgo brgyar 'byed la 'dud/____/blo mchog gsung gi dbang phyug gter/____/zab cing rgya che'i chos ston pas/____/gzung 'dzin kun tu rtog pa sbyongs/____/thugs rje'i chu rgyun khyed la 'dud/____/dbyangs kyi yan lag 'bum ldan pas/____/sangs rgyas zhing khams rgya mtsho la/____/sgra dbyangs rgya mtsho rab 'jug pas/____/sems can rgya mtsho smin la 'dud/____/gsung gi rdo rje rdo rje'i bdag__/shes rab chen po'i skad cig la/____/chos kun de nyid mngon mkhyen pas/____/kun nas gzigs pa khyod la 'dud/____/kun tu rnam par dag pa'i sku/____/kun rig brjod pa med pa'i gsungs/____/kun nas kun tu khyab pa'i thugs/____/gsang gsum pha mtha' yas la 'dud/____/gang gi rang bzhin nam mkha' ltar/____/yod med spros pa las 'das shing /____/rdo rje nam mkha'i dkyil lta bu/____/'od gsal chen po'i thugs la 'dud/____/'bad pa med cing lhun gyis grub/____/yon tan bsam yas rol mo ni/____/mtha' yas kun tu sgrogs pa yi/____/phrin las bya ba thams cad grub/____/zla nyi nor bu lha'i rnga bo/____/dpag bsam shing bzhin srid dang zhi'i/____/dgos 'dod ma lus stsol mdzad pa/____/yid bzhin re skong khyed la 'dud/____/gang sku bsod nams chen po'i dpal/____/mtshan dpe'i 'od zer brgya pa yang /____/mthong na mi mthun med pa'i dpyid/____/blta bas mi ngoms khyed la 'dud/____/de lta'i sku yi snang ba dang /____/gsung gi rigs sngags zab mo'i sgra/____/d+hIHyig ye shes lnga ldan thugs/____/bdag gi sgo gsum 'jug pa'i mdzod/____/deng nas tshe rab thams cad du/____/bla ma 'jam dpal dpa' bo yi/____/dgyes pa'i zhal ras blo gros kyi/____/pad dkar bzhad pa'i rtser bkod pas/____/skye kun mkhyen pa'i gter chen gyi/____/'bral med thugs rjes zungs shig kye/____/ces pa'ang chos kyi blo gros bas zhe chen ri khrod pad+ma 'od gling du gro bzhin zla ba'i tshes 1la gsol ba sid+d+hi rastu/__/____//__

Footnotes

Other Information