JKW-KABUM-13-PA-023-009

From Khyentse Lineage - A Tsadra Foundation Project
Revision as of 13:34, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 23, sde tshan 9, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
རིག་འཛིན་ཐུགས་ཐིག་གི་རྒྱུན་ཁྱེར། ༄༅། །ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་རིམ་གཉིས་ཀྱི་རྣལ་འབྱོར་སྙིང་པོར་དྲིལ་བ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། སྐྱབས་སེམས་སོགས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ པདྨ་ཉི་ཟླའི་སྟེང་དུ་རང་གི་རིགཿ ཧཱུྃ་མཐིང་གསལ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་བདག་ཉིད་སྐད་ཅིག་དྲན་རྫོགས་སུཿ བདེ་གཤེགས་ཀུན་འདུས་རིག་འཛིན་ཐོད་ཕྲེང་རྩལཿ མཐིང་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པཿ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་འགྱིང་ཉམས་ཅནཿ སྟག་ཤམ་དྲིལ་གཡེར་རིན་ཆེན་རུས་རྒྱན་དང་༔ སྣ་ཚོགས་དར་གྱི་ཅོད་པན་ལྷབ་ལྷུབ་མཛེས༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་ཐུགས་ཀར་བསྣོལ༔ ལོངས་སྐུའི་རྒྱན་སྤྲས་གཟི་བརྗིད་མཚན་དཔེའི་སྐུ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ དབྱིངས་ཕྱུག་མནྡྷཱ་ར་ཉིད་དམར་གསལ་མདོག༔ མཛེས་ཚུལ་དར་དང་རིན་ཆེན་རུས་པས་སྤྲས༔ ཕྱག་གཉིས་གྲི་ཐོད་འཛིན་ཅིང་ཡབ་དང་འཁྲིལ༔ བདེ་སྟོང་མཉམ་སྦྱོར་འཇའ་ཚོན་ཀློང་ན་བཞུགས༔ གདོད་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་པའིཿ ཐུགས་ཀར་ཧཱུྃ་མཐིང་འོད་ཀྱི་གོང་བུ་ཅན༔ གནས་ལས་འོད་འཕྲོས་སྣང་སྲིད་སྣོད་བཅུད་སྦྱངས༔ སྣང་གྲགས་ལྷ་སྔགས་རང་བཞིན་གསལ་བར་གྱུར། །ཅེས་བརྗོད་ཅིང་བསམ་ལ། ལྷའི་གསལ་སྣང་བརྟན་པོར་ཤར་བ་ན། སྣང་བ་ལྷ་དང་། ལྷ་སེམས་དང་། སེམས་སྒྱུ་མར་བསྲེ་བ་རྣམས་ལ་རིམ་བཞིན་དུ་བསླབ་པའི་མཐར། ལྷར་སྣང་སྒྱུ་མ་ལྟ་བུའི་ངང་ནས་སྒྲར་གྲགས་སྔགས་ཀྱི་རང་སྒྲ་གྲགས་སྟོང་དུ་གསལ་བཏབ་ཏེ། རླུང་འཇུག་གནས་ལྡང་གསུམ་འབྲུ་གསུམ་དང་སྦྱར་བའི་ཡིད་བཟླས་ཕྲ་རགས་དང་། དེས་སྐྱོ་ན། བདག་གི་ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་གཿ དེ་མཐར་སྔགས་ཕྲེང་འཁོར་ལས་འོད་ཟེར་འཕྲོས༔ ཕྱི་ནང་སྣང་སྲིད་ཀུན་གྱི་རྩི་བཅུད་བསྡུས༔ དྭང་མ་འོད་ཕུང་ཟག་མེད་སྔགས་འབྲུར་ཐིམཿ སྣང་གྲགས་ལྷ་སྔགས་ཆོས་ཉིད་རོལ་པའི་ངངཿ སྔགས་ཕྲེང་སྒྲར་བཅས་བར་མེད་འཁོར་བར་གྱུར༔ ཞེས་པའི་དོན་ལེགས་པར་བསམ་ལ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བསྙེན་པའི་སྔགས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃཿ ཞེས་སྒྲུབ་སྔགས་ཏེ་ཅི་ནུས་བཟླས། ཐུན་བསྡུ་བའི་ཚེ། ཨཿ སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་ལྷར༔ གཤེགས་བཞུགས་དངོས་པོའི་མཚན་མས་དབེན་མོད་ཀྱིཿ འོན་ཀྱང་རང་གསལ་མ་འགགས་སྣང་སྟོང་གཞི༔ སྐྱེ་མེད་ཐུགས་སྲོག་ཧཱུྃ་ཡིག་ནཱ་དཱར་བསྡུ༔ བཛྲ་མུཿ ཞེས་པས་དག་པའི་སྣོད་བཅུད་ཐམས་ཅད་རང་ལ་ཐིམ། རང་ཐུགས་སྲོག་ཧཱུྃ་དང་། ནཱ་དཱའི་བར་དུ་བསྡུས་ལ། མཐར་དེ་ཡང་མི་དམིགས་སྤྲོས་བྲལ་གྱི་དབྱིངས་སུ་བསྟིམ་ཏེ། གསལ་རིག་འཛིན་མེད་ཀྱི་ངང་དུ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །ཐུན་མཚམས་ཀྱི་བྱ་བ་འཇུག་པ་ན། སླར་ཡང་སྐད་ཅིག་གིས་བདེ་གཤེགས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པར་བསམས་ལ། །དགེ་བ་འདི་ཡིས་མྱུར་དུ་བདག །རིག་འཛིན་བླ་མ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཞེས་པའང་གཏེར་གཞུང་རྩ་བ་དང་། ཁྲིད་ཡིག་ལེ་ཚན་གྱི་དགོངས་པ་ཇི་ལྟ་བ་བཞིན། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་ཟུང་འཇུག་གི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག ། ༈
[edit]

rig 'dzin thugs thig gi rgyun khyer/__ @#/_/zab chos rig 'dzin thugs thig gi rim gnyis kyi rnal 'byor snying por dril ba bzhugs so/__/na mo gu ru pad+mA ka rA ya/__skyabs sems sogs sngon du 'gro bas/__oM ma hA shU n+ya tA dz+nyA na badz+ra swa b+hA wa At+ma ko\u0f85haM/__'khor 'das chos kun mi dmigs stong pa'i ngang :__pad+ma nyi zla'i steng du rang gi rigaH__hU~M mthing gsal las 'od 'phros don gnyis byas:__tshur 'dus bdag nyid skad cig dran rdzogs suH__bde gshegs kun 'dus rig 'dzin thod phreng rtsalaH__mthing gsal zhal gcig phyag gnyis spyan gsum paH__lo brgyad lang tsho khro 'dzum 'gying nyams canaH__stag sham dril g.yer rin chen rus rgyan dang :__sna tshogs dar gyi cod pan lhab lhub mdzes:__thabs shes dbyer med rdor dril thugs kar bsnol:__longs sku'i rgyan spras gzi brjid mtshan dpe'i sku:__zhabs gnyis rdo rje'i skyil mo krung gis bzhugs:__dbyings phyug man+d+hA ra nyid dmar gsal mdog:__mdzes tshul dar dang rin chen rus pas spras:__phyag gnyis gri thod 'dzin cing yab dang 'khril:__bde stong mnyam sbyor 'ja' tshon klong na bzhugs:__gdod nas dam tshig ye shes dbyer med pa'iH__thugs kar hU~M mthing 'od kyi gong bu can:__gnas las 'od 'phros snang srid snod bcud sbyangs:__snang grags lha sngags rang bzhin gsal bar gyur/__/ces brjod cing bsam la/__lha'i gsal snang brtan por shar ba na/__snang ba lha dang /__lha sems dang /__sems sgyu mar bsre ba rnams la rim bzhin du bslab pa'i mthar/__lhar snang sgyu ma lta bu'i ngang nas sgrar grags sngags kyi rang sgra grags stong du gsal btab te/__rlung 'jug gnas ldang gsum 'bru gsum dang sbyar ba'i yid bzlas phra rags dang /__des skyo na/__bdag gi thugs kar nyi steng hU~M mthing gaH__de mthar sngags phreng 'khor las 'od zer 'phros:__phyi nang snang srid kun gyi rtsi bcud bsdus:__dwang ma 'od phung zag med sngags 'brur thimaH__snang grags lha sngags chos nyid rol pa'i ngangaH__sngags phreng sgrar bcas bar med 'khor bar gyur:__zhes pa'i don legs par bsam la/__oM badz+ra ma hA gu ru sarba sid+d+hi hU~M:__zhes bsnyen pa'i sngags dang /__oM AHhU~M badz+ra gu ru pad+ma thod phreng rtsal de ba DA ki ni sarba sid+d+hi pha la hU~MH__zhes sgrub sngags te ci nus bzlas/__thun bsdu ba'i tshe/__aH__skye 'gag gnas gsum mtha' bral don gyi lhar:__gshegs bzhugs dngos po'i mtshan mas dben mod kyiH__'on kyang rang gsal ma 'gags snang stong gzhi:__skye med thugs srog hU~M yig nA dAr bsdu:__badz+ra muH__zhes pas dag pa'i snod bcud thams cad rang la thim/__rang thugs srog hU~M dang /__nA dA'i bar du bsdus la/__mthar de yang mi dmigs spros bral gyi dbyings su bstim te/__gsal rig 'dzin med kyi ngang du ji tsam gnas kyi bar du mnyam par bzhag__/thun mtshams kyi bya ba 'jug pa na/__slar yang skad cig gis bde gshegs kun 'dus rdo rje thod phreng rtsal gyi skur gyur par bsams la/__/dge ba 'di yis myur du bdag__/rig 'dzin bla ma 'grub gyur nas/__/zhes sogs bsngo smon gyis mtshams sbyar te snang grags rig gsum lha sngags chos sku'i lam khyer dang ma bral bar bya'o/__/zhes pa'ang gter gzhung rtsa ba dang /__khrid yig le tshan gyi dgongs pa ji lta ba bzhin/__mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos sbyar ba'i dge bas 'gro kun zung 'jug gi go 'phang myur du thob pa'i rgyur gyur cig___/__!_

Footnotes

Other Information