DKR-KABUM-08-NYA-015

From Khyentse Lineage - A Tsadra Foundation Project
Revision as of 12:54, 19 December 2022 by Mort (talk | contribs)

DKR-KABUM-08-NYA-015

འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་བརྒྱུད་འདེབས་བྱིན་རླབས་སྣང་བ།
Wylie title 'chi med 'phags ma'i snying thig gi bla sgrub byin rlabs snying po'i brgyud 'debs byin rlabs snang ba DKR-KABUM-08-NYA-015.pdf
Location dil mgo mkhyen brtse bka' 'bum
Volume 8, Text 15, Pages 189 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People དྲི་མེད་བཤེས་གཉེན་, པདྨ་འབྱུང་གནས་, དཔལ་གྱི་སེངྒེ་ (Vimalamitra, pad+ma 'byung gnas, Śrīsiṃha)
Citation Khyentse, Dilgo. 'chi med 'phags ma'i snying thig gi bla sgrub byin rlabs snying po'i brgyud 'debs byin rlabs snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 189. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle འཆི་མེད་འཕགས་མའི་སྙིང་ཐིག་ ('chi med 'phags ma'i snying thig)
Recension Link Other Versions on this site: འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་བརྒྱུད་འདེབས་བྱིན་རླབས་སྣང་བ།
Colophon

།ཅེས་པའང་ངེས་གསང་ཆོས་ཀྱི་འབྱུང་གནས་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་མཁྱེན་ཡོན་རྨད་བྱུང་པདྨ་བཀྲ་ཤིས་ཚེ་དབང་ནས་ནན་བསྐུལ་བཞིན་སྙིང་པོའི་ལམ་འདིར་འཇུག་པའི་སྐལ་པ་དགེ་བ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་བྲིས་ཤིང་གསོལ་བ་བཏབ་པས་རྒྱལ་ཀུན་ཡོན་ཏན་སྤྱི་དཔལ་རིག་འཛིན་བླ་མའི་རྡོ་རྗེའི་ཡེ་ཤེས་ཆེན་པོའི་གསང་བ་དང་གཉིས་མེད་དུ་གྲུབ་པའི་རྒྱུར་གྱུར་ཅིག།

/ces pa'ang nges gsang chos kyi 'byung gnas e waM chos kyi sgar chen gyi byang 'dren mkhyen yon rmad byung pad+ma bkra shis tshe dbang nas nan bskul bzhin snying po'i lam 'dir 'jug pa'i skal pa dge ba rang byung 'od gsal thugs mchog rdo rje'i bris shing gsol ba btab pas rgyal kun yon tan spyi dpal rig 'dzin bla ma'i rdo rje'i ye shes chen po'i gsang ba dang gnyis med du grub pa'i rgyur gyur cig/

[edit]
༄༅། །འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་བརྒྱུད་འདེབས་བྱིན་རླབས་སྣང་བ་ཞེས་བྱ་བ་བཞུགས། ཀུན་བཟང་ཡབ་ཡུམ་ཆེ་མཆོག་ཧེ་རུ་ཀ །རིགས་ལྔ་ཞི་ཁྲོ་རྡོར་སེམས་གསང་བའི་བདག །ལས་ཀྱི་དབང་མོ་རྒྱལ་བ་དགོངས་བརྒྱུད་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །སྐལ་ལྡན་རྒྱལ་པོ་ཛཿདང་དགའ་རབ་རྗེ། །རིག་འཛིན་མཆོག་བརྒྱད་སློབ་དཔོན་ཤྲཱི་སེང་ཧ། །པདྨ་སམ་བྷ་རིག་འཛིན་བརྡ་བརྒྱུད་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །མངའ་བདག་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྗེ། །བཻ་རོ་ཙཱ་ན་མཁར་ཆེན་མཚོ་རྒྱལ་གྲོགས། །སྣོད་དང་སྐལ་ལྡན་སྙན་བརྒྱུད་རིག་འཛིན་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །རྒྱ་ཆེན་བཀའ་དང་ཟབ་མོ་རིན་ཆེན་གཏེར། །བཀའ་བབ་བདུན་ལྡན་ཐུབ་བསྟན་ཡོངས་ཀྱི་བདག །འཇམ་དཔལ་ཆོས་ཀྱི་བཤེས་གཉེན་མདོ་སྔགས་གླིང༌། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །མཛོད་ལྔའི་ཤིང་རྟ་ལོ་ཆེན་གུ་ཎའི་ཞབས། །ཐུབ་བསྟན་ཆོས་རྡོར་འགྱུར་མེད་ཚེ་དབང་གྲུབ། །བརྒྱུད་སྲོལ་ཀུན་འདུས་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །སྲིད་ལས་ངེས་འབྱུང་མཆོག་གསུམ་སྐྱབས་སུ་བཟུང༌། །ཞི་བའི་མཐའ་སྤང་གཞན་ཕན་གཡར་དམ་བརྟན། །བསགས་དང་སྦྱངས་བས་རྒྱུད་དག་བྱིན་རླབས་འབེབས། །སྨིན་གྲོལ་སྣོད་དུ་རུང་བར་བྱིན་གྱིས་རློབས། །སྣང་སྲིད་ལྷ་སྔགས་ཆོས་སྐུའི་རོལ་མོར་ཤར། །ཡེ་ཤེས་རྩ་རླུང་ཐིག་ལེ་བདེ་སྟོང་སྨིན། །ཟུང་འཇུག་རྡོ་རྗེ་ས་ལམ་ཡོངས་རྫོགས་ནས། །རིག་འཛིན་བླ་མའི་གོ་འཕང་མངོན་གྱུར་མཛོད། །གཟུང་འཛིན་མདུད་གྲོལ་སེམས་སྡེའི་ལྟ་བ་རྟོགས། །ཀློང་ཆེན་སྒོམ་པས་འོད་གསལ་ལྷུམས་སུ་ཞུགས། །རིག་པ་ཀ་དག་རང་གྲོལ་སྤྱོད་པ་ཡིས། །ལྷུན་གྲུབ་འབྲས་བུའི་ཡེ་ཤེས་མངོན་བྱེད་ཤོག །ཅེས་པའང་ངེས་གསང་ཆོས་ཀྱི་འབྱུང་གནས་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་མཁྱེན་ཡོན་རྨད་བྱུང་པདྨ་བཀྲ་ཤིས་ཚེ་དབང་ནས་ནན་བསྐུལ་བཞིན་སྙིང་པོའི་ལམ་འདིར་འཇུག་པའི་སྐལ་པ་དགེ་བ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་བྲིས་ཤིང་གསོལ་བ་བཏབ་པས་རྒྱལ་ཀུན་ཡོན་ཏན་སྤྱི་དཔལ་རིག་འཛིན་བླ་མའི་རྡོ་རྗེའི་ཡེ་ཤེས་ཆེན་པོའི་གསང་བ་དང་གཉིས་མེད་དུ་གྲུབ་པའི་རྒྱུར་གྱུར་ཅིག། །།
[edit]

@#/_/'chi med 'phags ma'i snying thig gi bla sgrub byin rlabs snying po'i brgyud 'debs byin rlabs snang ba zhes bya ba bzhugs/_kun bzang yab yum che mchog he ru ka_/rigs lnga zhi khro rdor sems gsang ba'i bdag_/las kyi dbang mo rgyal ba dgongs brgyud la/_/gsol ba 'debs so smin grol byin rlabs stsol/_/skal ldan rgyal po dzaHdang dga' rab rje/_/rig 'dzin mchog brgyad slob dpon shrI seng ha/_/pad+ma sam b+ha rig 'dzin brda brgyud la/_/gsol ba 'debs so smin grol byin rlabs stsol/_/mnga' bdag chos kyi rgyal po yab sras rje/_/bai ro tsA na mkhar chen mtsho rgyal grogs/_/snod dang skal ldan snyan brgyud rig 'dzin la/_/gsol ba 'debs so smin grol byin rlabs stsol/_/rgya chen bka' dang zab mo rin chen gter/_/bka' bab bdun ldan thub bstan yongs kyi bdag_/'jam dpal chos kyi bshes gnyen mdo sngags gling*/_/gsol ba 'debs so smin grol byin rlabs stsol/_/mdzod lnga'i shing rta lo chen gu Na'i zhabs/_/thub bstan chos rdor 'gyur med tshe dbang grub/_/brgyud srol kun 'dus ye shes rdo rje la/_/gsol ba 'debs so smin grol byin rlabs stsol/_/srid las nges 'byung mchog gsum skyabs su bzung*/_/zhi ba'i mtha' spang gzhan phan g.yar dam brtan/_/bsags dang sbyangs bas rgyud dag byin rlabs 'bebs/_/smin grol snod du rung bar byin gyis rlobs/_/snang srid lha sngags chos sku'i rol mor shar/_/ye shes rtsa rlung thig le bde stong smin/_/zung 'jug rdo rje sa lam yongs rdzogs nas/_/rig 'dzin bla ma'i go 'phang mngon gyur mdzod/_/gzung 'dzin mdud grol sems sde'i lta ba rtogs/_/klong chen sgom pas 'od gsal lhums su zhugs/_/rig pa ka dag rang grol spyod pa yis/_/lhun grub 'bras bu'i ye shes mngon byed shog_/ces pa'ang nges gsang chos kyi 'byung gnas e waM chos kyi sgar chen gyi byang 'dren mkhyen yon rmad byung pad+ma bkra shis tshe dbang nas nan bskul bzhin snying po'i lam 'dir 'jug pa'i skal pa dge ba rang byung 'od gsal thugs mchog rdo rje'i bris shing gsol ba btab pas rgyal kun yon tan spyi dpal rig 'dzin bla ma'i rdo rje'i ye shes chen po'i gsang ba dang gnyis med du grub pa'i rgyur gyur cig/__//

Footnotes

Other Information