DKR-KABUM-02-KHA-049-03

From Khyentse Lineage - A Tsadra Foundation Project
Revision as of 12:38, 4 November 2022 by WikiBot2015 (talk | contribs)

DKR-KABUM-02-KHA-049-03

Wylie title page=1
Location dil mgo mkhyen brtse bka' 'bum
Volume 49, Text 3, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre
[edit]
༈ བླ་མ་རྒྱང་འབོད་བྱིན་རླབས་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། བླ་མ་མཁྱེན་ནོ། ལན་གསུམ། སྟོན་མཆོག་ཤཱཀྱའི་རྒྱལ་པོ་མཁྱེན་ནོ། །སྲིད་ཞི་ཀུན་ཁྱབ་དབྱིངས་ནས་གཟིགས་ཤིག །ལྔ་བརྒྱ་ཐ་མའི་གདུལ་བྱ་ཐམས་ཅད། །དོན་གཉིས་ལྷུན་གྲུབ་ས་ལ་དྲོངས་ཤིག །རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །སྐུ་ལྔ་ཡེ་ཤེས་ཀློང་ནས་གཟིགས་ཤིག །འཁྲུལ་སྣང་འཁོར་བའི་མཚོ་ལས་སྒྲོལ་ཏེ། །རྣམ་གྲོལ་ས་ལ་དབུགས་དབྱུང་མཛོད་ཅིག །རྗེ་བཙུན་བཞད་པ་རྡོ་རྗེ་མཁྱེན་ནོ། །མཁའ་སྤྱོད་མངོན་དགའི་ཞིང་ནས་གཟིགས་ཤིག །གཅིག་པུ་རི་ཁྲོད་དབེན་གནས་ཟིན་ནས། །ཉམས་རྟོགས་ཡེ་ཤེས་འཆར་བར་མཛོད་ཅིག །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཁྱེན་ནོ། །ལྷུན་གྲུབ་འོད་ལྔའི་ཀློང་ནས་གཟིགས་ཤིག །ཀློང་ཆེན་དགོངས་པའི་རྩལ་ཆེན་རྫོགས་ནས། །སྐུ་གསུམ་བཙན་ས་ཟིན་པར་མཛོད་ཅིག །རིག་འཛིན་འཇིགས་མེད་གླིང་པ་མཁྱེན་ནོ། །དབྱིངས་རིག་དབྱེར་མེད་ཀློང་ནས་གཟིགས་ཤིག །དགོངས་བརྒྱུད་རྟོགས་པའི་ཕ་ཕོག་ཐོབ་ནས། །ད་ལྟ་ཐུགས་ཡིད་དབྱེར་མེད་མཛོད་ཅིག །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན་ནོ། །མི་འགྱུར་རྡོ་རྗེའི་དབྱིངས་ནས་གཟིགས་ཤིག །སྒྲིབ་གཉིས་ཀ་དག་ཆེན་པོའི་ཀློང་ནས། །དགོངས་པའི་བཙན་ས་ཟིན་པར་མཛོད་ཅིག །འཇིགས་མེད་ཡེ་ཤེས་རྡོ་རྗེ་མཁྱེན་ནོ། །ཁྲག་འཐུང་མངོན་རྫོགས་ཞིང་ནས་གཟིགས་ཤིག །རྨད་བྱུང་མཁྱེན་བརྩེ་ནུས་པའི་སྟོབས་ཀྱིས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛོད། །འཇམ་མགོན་ཡོན་ཏན་རྒྱ་མཚོ་མཁྱེན་ནོ། །ངོ་བོ་ཉིད་སྐུའི་ཀློང་ནས་གཟིགས་ཤིག །ཟག་མེད་འདུས་མ་བྱས་པའི་ས་རུ། །མངོན་པར་བྱང་ཆུབ་བརྙེས་པར་མཛོད་ཅིག །མཆོག་གྱུར་བདེ་ཆེན་གླིང་པ་མཁྱེན་ནོ། །པདྨ་དྲྭ་བ་ཅན་ནས་གཟིགས་ཤིག །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་ཟབ་མོས། །འབྲེལ་ཚད་པདྨའི་འོད་དུ་དྲོངས་ཤིག །མི་ཕམ་ཕྱོགས་ལས་རྣམ་རྒྱལ་མཁྱེན་ནོ། །སྒྲིབ་བྲལ་ཆོས་ཀྱི་དབྱིངས་ནས་གཟིགས་ཤིག །ལྷན་སྐྱེས་གཉུག་མའི་རྟོག་པ་སྤོར་ལ། །ཆོས་སྐུའི་ཡེ་ཤེས་མངོན་གྱུར་མཛོད་ཅིག །མཁན་ཆེན་བཀྲ་ཤིས་འོད་ཟེར་མཁྱེན་ནོ། །དགའ་ལྡན་ལྷ་བརྒྱའི་དབུས་ནས་གཟིགས་ཤིག །གཞན་ཕན་ཐུགས་བསྐྱེད་གོ་ཆ་ཆེན་པོས། །རྫོགས་སྨིན་སྦྱངས་པ་མཐར་ཕྱིན་མཛོད་ཅིག །རྒྱལ་ཚབ་པདྨ་དགྱེས་པ་མཁྱེན་ནོ། །རང་སྣང་འོག་མིན་ཞིང་ནས་གཟིགས་ཤིག །འོད་གསལ་ལྷུན་གྲུབ་ཉམས་རྟོགས་བསྐྱེད་ལ། །ནང་གི་ཡེ་ཤེས་མངོན་འགྱུར་མཛོད་ཅིག །རིག་འཛིན་འཇའ་ལུས་རྡོ་རྗེ་མཁྱེན་ནོ། །འགྲོ་འདུལ་ཐུགས་རྗེའི་དབྱིངས་ནས་གཟིགས་ཤིག །སྣང་སྲིད་དག་པ་རབ་འབྱམས་ཀློང་དེར། །སྤྲུལ་སྐུའི་ཡེ་ཤེས་མངོན་འགྱུར་མཛོད་ཅིག །གྲུབ་དབང་འཇམ་དབྱངས་གྲགས་པ་མཁྱེན་ནོ། །བརྩེ་ཆེན་སྙིང་རྗེའི་ཀློང་ནས་གཟིགས་ཤིག །འབྲེལ་ཚད་དོན་ལྡན་ཕྲིན་ལས་ཟབ་མོས། །འགྲོ་ཀུན་ཐར་པའི་གླིང་དུ་དྲོངས་ཤིག །རྗེ་བཙུན་དྷརྨ་ཤྲཱི་མཁྱེན་ནོ། །རང་བྱུང་ཡེ་ཤེས་དབྱིངས་ནས་གཟིགས་ཤིག །འགྲོ་དྲུག་བློ་སྣ་ཆོས་ལ་བསྒྱུར་ཏེ། །མྱུར་དུ་ཕན་བདེའི་སར་སྤྱོད་མཛོད་ཅིག །འཇིགས་བྲལ་མཁྱེན་བརྩེའི་འོད་ཟེར་མཁྱེན་ནོ། །སྤྱི་གཙུག་བདེ་ཆེན་ཞིང་ནས་གཟིགས་ཤིག །འབྲལ་མེད་དགོངས་པའི་བྱིན་རླབས་ཟབ་མོས། །ཚེ་རབས་ཀུན་ཏུ་རྗེས་འཛིན་མཛོད་ཅིག །རིགས་ཀུན་ཁྱབ་བདག་བླ་མ་མཆོག་རྣམས། །སྙིང་དབུས་དད་པའི་པདྨོར་བཞུགས་ལ། །ངོ་མཚར་བྱིན་རླབས་སྣང་བ་ཆེན་པོས། །ཕྱིར་མི་ལྡོག་པའི་ཞིང་དུ་དྲོངས་ཤིག །འཿ ཨཿ ཧཿ ཤཿ སཿ མཿ ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཅི་ནུས་སུ་བཟླ། རྟག་ཏུ་བླ་མ་དྲན་པས་གསོལ་འདེབས་འདི་བཞིན་ཅི་ནུས་སུ་བརྩོན་པར་བྱའོ། །ཞེས་དད་ལྡན་ཆོས་ལ་བསྐུལ་ཕྱིར་མངྒ་ལ་ཤྲཱི་བྷུ་ཏིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །དགེའོ།
[edit]

!__bla ma rgyang 'bod byin rlabs thugs rje'i lcags kyu zhes bya ba bzhugs so/__bla ma mkhyen no/_lan gsum/_ston mchog shAkya'i rgyal po mkhyen no/_/srid zhi kun khyab dbyings nas gzigs shig_/lnga brgya tha ma'i gdul bya thams cad/_/don gnyis lhun grub sa la drongs shig_/rgyal dbang mtsho skyes rdo rje mkhyen no/_/sku lnga ye shes klong nas gzigs shig_/'khrul snang 'khor ba'i mtsho las sgrol te/_/rnam grol sa la dbugs dbyung mdzod cig_/rje btsun bzhad pa rdo rje mkhyen no/_/mkha' spyod mngon dga'i zhing nas gzigs shig_/gcig pu ri khrod dben gnas zin nas/_/nyams rtogs ye shes 'char bar mdzod cig_/kun mkhyen klong chen rab 'byams mkhyen no/_/lhun grub 'od lnga'i klong nas gzigs shig_/klong chen dgongs pa'i rtsal chen rdzogs nas/_/sku gsum btsan sa zin par mdzod cig_/rig 'dzin 'jigs med gling pa mkhyen no/_/dbyings rig dbyer med klong nas gzigs shig_/dgongs brgyud rtogs pa'i pha phog thob nas/_/da lta thugs yid dbyer med mdzod cig_/'jam dbyangs mkhyen brtse'i dbang po mkhyen no/_/mi 'gyur rdo rje'i dbyings nas gzigs shig_/sgrib gnyis ka dag chen po'i klong nas/_/dgongs pa'i btsan sa zin par mdzod cig_/'jigs med ye shes rdo rje mkhyen no/_/khrag 'thung mngon rdzogs zhing nas gzigs shig_/rmad byung mkhyen brtse nus pa'i stobs kyis/_/khams gsum 'khor ba dong nas sprugs mdzod/_/'jam mgon yon tan rgya mtsho mkhyen no/_/ngo bo nyid sku'i klong nas gzigs shig_/zag med 'dus ma byas pa'i sa ru/_/mngon par byang chub brnyes par mdzod cig_/mchog gyur bde chen gling pa mkhyen no/_/pad+ma drwa ba can nas gzigs shig_/rtag khyab lhun grub phrin las zab mos/_/'brel tshad pad+ma'i 'od du drongs shig_/mi pham phyogs las rnam rgyal mkhyen no/_/sgrib bral chos kyi dbyings nas gzigs shig_/lhan skyes gnyug ma'i rtog pa spor la/_/chos sku'i ye shes mngon gyur mdzod cig_/mkhan chen bkra shis 'od zer mkhyen no/_/dga' ldan lha brgya'i dbus nas gzigs shig_/gzhan phan thugs bskyed go cha chen pos/_/rdzogs smin sbyangs pa mthar phyin mdzod cig_/rgyal tshab pad+ma dgyes pa mkhyen no/_/rang snang 'og min zhing nas gzigs shig_/'od gsal lhun grub nyams rtogs bskyed la/_/nang gi ye shes mngon 'gyur mdzod cig_/rig 'dzin 'ja' lus rdo rje mkhyen no/_/'gro 'dul thugs rje'i dbyings nas gzigs shig_/snang srid dag pa rab 'byams klong der/_/sprul sku'i ye shes mngon 'gyur mdzod cig_/grub dbang 'jam dbyangs grags pa mkhyen no/_/brtse chen snying rje'i klong nas gzigs shig_/'brel tshad don ldan phrin las zab mos/_/'gro kun thar pa'i gling du drongs shig_/rje btsun d+harma shrI mkhyen no/_/rang byung ye shes dbyings nas gzigs shig_/'gro drug blo sna chos la bsgyur te/_/myur du phan bde'i sar spyod mdzod cig_/'jigs bral mkhyen brtse'i 'od zer mkhyen no/_/spyi gtsug bde chen zhing nas gzigs shig_/'bral med dgongs pa'i byin rlabs zab mos/_/tshe rabs kun tu rjes 'dzin mdzod cig_/rigs kun khyab bdag bla ma mchog rnams/_/snying dbus dad pa'i pad+mor bzhugs la/_/ngo mtshar byin rlabs snang ba chen pos/_/phyir mi ldog pa'i zhing du drongs shig_/'aH_aH_haH_shaH_saH_maH_oM badz+ra satwa AH_zhes ci nus su bzla/_rtag tu bla ma dran pas gsol 'debs 'di bzhin ci nus su brtson par bya'o/_/zhes dad ldan chos la bskul phyir mang+ga la shrI b+hu tis bris pa don dang ldan par gyur cig__/dge'o/

Footnotes

Other Information