JKW-KABUM-25-RA-002

From Khyentse Lineage - A Tsadra Foundation Project
Revision as of 11:51, 2 September 2022 by Marcus (talk | contribs) (Text replacement - "{{Khyentse Metadata " to "{{Khyentse Metadata |sectionheading=Yes")

པར་བྱང་གསལ་བཤད།
Wylie title par byang gsal bshad JKW-KABUM-25-RA-002.pdf
Location mkhyen brtse'i bka' 'bum
Volume 25, sde tshan 2, Pages 307-311 (Folios 1a1 to 3a3)
Author རྫོང་སར་བློ་གྲོས་ཕུན་ཚོགས་
Less details More details
Citation rdzong sar blo gros phun tshogs. par byang gsal bshad. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 25: 307-311. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Printing Colophon Prayers - par byang smon tshig
Colophon

ཅེས་པའང་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་ནས་རབ་བྱུང་བཅུ་བདུན་པའི་ཤིང་རྟ་༼༢༠༡༤་༣་༡༣༽ལོའ་ིལོའ་ིབོད་ཟླ་༡ཚེས་༡༢་རྒྱལ་ཕུར་འགྲུབ་སྦྱོར་གྱི་དུས་ཚེས་དགེ་བའི་ཉིན་རང་ཤག་ཏུ་བྲིས་པ་དགེ་ལེགས་འཕེལ།

ces pa'ang rdzong sar ba khra 'bu blo gros phun tshogs nas rab byung bcu bdun pa'i shing rta (2014 3 13) lo'i lo'i bod zla 1tshes 12 rgyal phur 'grub sbyor gyi dus tshes dge ba'i nyin rang shag tu bris pa dge legs 'phel

1 Texts in this Section (sde tshan or chos tshan)

307-311
པར་བྱང་གསལ་བཤད།
par byang gsal bshad
Text page
View PDF
[[|རྫོང་སར་བློ་གྲོས་ཕུན་ཚོགས་ ()]]
[edit]
པར་བྱང་གསལ་བཤད། རྒྱལ་བསྟན་རིས་མེད་བསྟན་པ་ཡོངས་ཀྱི་མགོན། །ངོ་མཚར་བཀའ་བབས་བདུན་གྱི་ཤིང་རྟ་ཆེ། །རིགས་བརྒྱའི་ཁྱབ་བདག་པདྨ་མདོ་སྔགས་གླིང་། །མི་འབྲལ་སྤྱི་བོའ་ིརྒྱན་དུ་རྟག་པར་རོལ། །དེའང་གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའ་ིཞབས་ཀྱི་བཀའ་འབུམ་གློག་ཀླད་དུ་འབྲུ་ལེན་ཇི་ལྟར་བྱས་པའི་ཚུལ་ནི། མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནས་རྗེ་གོང་མའི་གསུང་འབུམ་འཚོལ་བསྡུད་མཛད་དེ་འཇམ་མགོན་རྣམ་གཉིས་ཀྱི་ཞལ་སློབ་གནས་གསར་བཀྲ་ཤིས་ཆོས་འཕེལ་ནས་དཀར་ཆག་བཏབས་ཏེ་རྩ་བའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེར་ཤིང་པར་པོད་ཆེན་བཅུ་གསུམ་བརྐས་མཛད། ༡༩༥༨ལོར་དུས་འགྱུར་སྐབས་རྫོང་སར་དགོན་རྟེན་དང་བརྟེན་པར་རྩ་རླག་འགྲོ་བ་དང་ཆབས་ཅིག་པར་ཤིང་རྩ་རླག་སོང་། དེ་ནས་རྒྱ་གར་འབྲས་ལྗོངས་མཁྱེན་བརྩེའི་བླ་བྲང་དུ་མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཕྱག་ཏུ་སྔར་རྫོང་སར་ཤིང་པར་དཔེ་ཁ་ཚང་ཞིག་འབྱོར་འདུག་པ་འདྲ་བཤུས་བྱས་ཏེ་པོད་ཉེར་གསུམ་བྱས་ཏེ་འཕྲུལ་པར་དུ་བསྐྲུན་མཛད། དེའི་པར་གཞི་བོད་རྫོང་སར་དུ་འབྱོར་བ་ལ་པར་གཞི་བྱས་ཏེ་རྫོང་སར་བོད་སྨན་ཁང་བུད་མེད་གློག་ཀླད་འཛིན་གྲྭ་ནས་༢༠༠༧ལོ་ནས་འགོ་བཙུགས་ཏེ་གློག་ཀླད་དུ་སམྦྷོ་ཊའི་ཡིག་གཟུགས་སུ་འབྲུ་ལེན་ཞུས། དེའི་ཁར་ད་ལམ་གསར་རྙེད་གྲས་ལ། སྔར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་འཇམ་མགོན་བློ་གྲོས་མཐའ་ཡས་ཏེ་འཇམ་མགོན་རྣམ་གཉིས་སློབ་ཚོགས་དང་བཅས་པས་ཕྱོགས་སྒྲིག་གནང་བའི་རྒྱུད་སྡེ་ཀུན་བཏུས་དང་། སྒྲུབ་ཐབས་ཀུན་བཏུས། གདམས་ངག་མཛོད། རིན་ཆེན་གཏེར་མཛོད་སོགས་སུ་མ་འཁོད་པ། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་ཡིག་དང་ལས་བཞིའི་སྦྱིན་བསྲེག་སྙིང་པོ་མདོར་བསྡུས། འཇམ་དབྱངས་ལྡེལ་མོའ་ིལག་ལེན་རྣམ་གསལ་ནོར་བུའི་མེ་ལོང་། མཆོད་རྟེན་ཆ་བརྒྱད་ཐིག་རྩ་ཐོ་ཆུང་བཅས་ཚན་གསུམ་དང་། དཔལ་ནཱ་རོ་པའི་རྡོ་རྗེའི་གསུང་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ཀྱི་མན་ངག་རྒྱུད་ཀྱི་ལུང་དང་སྦྱར་བ་གཙོ་བོར་བཏོན་པའི་འགྲེལ་ཆུང་རྟོགས་པར་སླ་བ་ཞེས་པ་འདི་གདམས་ངག་མཛོད་དུ་བཞུགས་ཀྱང་འདི་རྩ་འགྲེལ་ཕྱེས་པའི་དཔེ་རྙིང་ཞིག་ཐོབ་པ་བཅས་ཚན་བཞི་པོད་ཉེར་བཞི་པའི་མཇུག་ཏུ་གསར་བཅུག་ཞུས་ཡོད། གཞན་ཡང་དེང་དུས་བཀའ་འབུམ་གསར་སྒྲིག་སྐབས་རྩོམ་པ་པོའ་ིརྣམ་ཐར་རེ་འཇོག་ཚུལ་ལྟར་རྗེ་མཁྱེན་བརྩེའི་དབང་པོའ་ིརྣམ་ཐར་མང་དུ་བཞུགས་པ་ལས་རྗེ་ཉིད་ཀྱི་ཞལ་སློབ་ཀྱི་ཐུ་བོ་འཇམ་མགོན་བློ་གྲོས་མཐས་ཡས་ཀྱིས་མཛད་པའི་རྣམ་ཐར་ཆེན་མོ་པོད་གཅིག་གསར་བསྣན་བྱས་ཏེ་ཁྱོན་པོད་ཉེར་ལྔ་སྡེབ་ཤར་སྣ་རིང་དུ་བསྒྲིགས་ཡོད་དོ། །སླར་དེ་ཉིད་ཧི་མ་ལའི་ཡིག་གཟུགས་སུ་བསྒྱུར་ཏེ་དེབ་གཟུགས་མགོ་ཚེམ་མ་དེབ་ཉེར་ལྔར་བསྒྲིགས་པ་དང་། སླར་གློག་ཀླད་ཨེ་ཕེར་ ipad སྟབས་བདེར་གཟིགས་ཆོག་པ་དེབ་དཀར་ཆག་ལ་མནན་ན་གཞུང་གི་ས་བཅད་དཀྱུས་སུ་རང་འཚོལ་ཐུབ་པའི་པར་གཞི་གཅིག་བཅས་པར་གཞི་ཁག་གསུམ་པར་སྒྲིག་ཞུས་ཡོད། །དེ་སྐབས་ལས་ཞུགས་མའི་སྣའི་སྐོར་ནི། ཐོག་མར་ཡུལ་ཐེ་ཝན་ནས་ཡིན་པའི་བླ་མ་ཀརྨ་སྦྱིན་པ་ནས་རྫོང་སར་བཤད་གྲྭའི་གློག་ཀླད་འཛིན་གྲྭ་དང་། རྫོང་སར་བོད་སྨན་ཁང་བུད་མེད་གློག་ཀླད་འཛིན་གྲྭ་གཉིས་ལ་གློག་ཀླད་ཀྱི་ཤེས་བྱ་བསླབ་པས་རྫོང་སར་ཕྱོགས་ལ་དར་མགོ་ཚུགས། དེ་ནས་གོང་སྨྲོས་ལྟར་༢༠༠༧ལོ་ནས་མཁྱེན་བརྩེའི་བཀའ་འབུམ་འགོ་བཙུགས་ཏེ་རྫོང་སར་བོད་སྨན་ཁང་བུད་མེད་གློག་ཀླད་འཛིན་གྲྭ་རུ་དགེ་རྒན་རྫོང་གྲྭ་འཆི་མེད་རྡོ་རྗེ་དང་། སློབ་མ་ཚེ་ཀྲུག །འབང་དགའ། བཀྲ་ཤིས་ལྷ་མོ། ཟླ་བ་ལྷ་མོ། བསོད་ནམས་ཆོས་མཚོ། ཚེ་རིང་ལྷ་མོ། དཔལ་མོ། སངས་རྒྱས་དཔལ་སྒྲོན་བཅས་ནས་གློག་ཀླད་དུ་ཚར་གཉིས་སྦྲག་བསྡུར་བཅས་འབྲུ་ལེན་ཞུས། རྫོང་བླ་འཇམ་དབྱངས་གྲགས་པ་དང་། རྫོང་གྲྭ་བཀྲ་ཤིས་རྣམ་རྒྱལ། འཇམ་ཤེས། འཇམ་དབྱངས་བདུད་འདུལ། སྟོབས་ཆེན། ཤཀྱ་འོད། ཚེ་དབང་ནོར་བུ། ཚུལ་ཁྲིམས་རྡོ་རྗེ། ཕུན་ཚོགས་བཟང་པོ་བཅས་ཀྱིས་དཔེ་བསྡུར་ལན་གཉིས། རྫོང་བླ་ཀརྨ་ཚེ་རིང་ངམ་དམར་མ་ནས་ཞུ་བཙུད། བླ་མ་འཇམ་དབྱངས་གྲགས་པ། ཨོ་རྒྱན་ཚེ་རིང་། ཤཀྱ་འོད། ཀརྨ་ཚེ་རིང་དང་། གྲྭ་བཀྲ་ཤིས་རྣམ་རྒྱལ་དང་། འཇམ་ཤེས། སྟོབས་ཆེན། ཚུལ་ཁྲིམས་རྡོ་རྗེ་བཅས་ནས་ཞུ་དག་ཚར་གསུམ། དེ་དག་རྫོང་བླ་ཀརྨ་ཚེ་རིང་དང་རྫོང་གྲྭ་ཨོ་རྒྱན་ཚེ་རིང་གཉིས་ནས་ཞུ་བཙུད། བུ་མོ་ཆོས་དགའ་དང་སྦྱིན་པ་རྫོང་གྲྭ་ཤེས་རབ་གསུམ་ནས་སྔ་རྗེས་དཔེ་གཟུགས་སྣ་རིང་གི་ཐིག་ཁང་དུ་བསྒྲིགས། དེ་ནས་རྫོང་གྲྭ་ཨོ་རྒྱན་ཚེ་རིང་ནས་བཀའ་འབུམ་ཡོངས་རྫོགས་ཞུ་ཐ་མ་ཚར་གཅིག །ཁོ་བོ་བློ་གྲོས་ཕུན་ཚོགས་ནས་ཞུ་ཐ་མའི་འབྲུ་བཅོས་ཐག་གཅོད་པོའ་ིཁུལ་བླངས། སླར་དེ་དག་ཚང་མ་རྫོང་གྲྭ་ཤེས་རབ་ནས་ཧི་མ་ལའི་ཡིག་གཟུགས་བསྒྱུར་ཏེ་དེབ་གཟུགས་མགོ་ཚེམ་མ་དང་གློག་ཀླད་ཨེ་ཕེ་ ipad འཇོག་རྒྱུ་པར་སྒྲིག་བྱས་སོ། །དེ་དག་འགྲོ་གྲོན་ནི། ཀརྨ་ཚེ་རིང་དང་བུ་མོ་ཆོས་དགའ་སོགས་རང་གི་ནང་མི། ཀརྨ་སྦྱིན་པ་བཅས་ལ་ཡོན་མི་དགོས་པ་ཞལ་འདེགས། དེ་མིན་ལ་གླ་ཡོན་ཡོངས་རྫོགས་ཁོ་བོ་ཁྲ་འབུ་ཚང་ནང་མི་ལྷན་ནས་ཀྲུང་སྒོར་ཁྲི་བཅོ་ལྔ་ལྷག་བཏང་སྟེ་༢༠༡༤ལོའ་ིཟླ་༢་ཚེས་༢༤་ཉིན་ལེགས་པར་གྲུབ་བོ། །དགེ་འདིས་མཚན་པའི་དུས་གསུམ་ལེགས་བྱས་ཀྱིས། །དཔལ་མགོན་བླ་མའི་ཐུན་མོང་མ་ཡིན་པ། །ངོ་མཚར་བཀའ་བབས་བདུན་གྱི་གུཨང་བའི་མཛོད། །འཛིན་མའི་ཁྱོན་ཀུན་དར་བའི་རྒྱུར་གྱུར་ཅིག། །ཅེས་པའང་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་ནས་རབ་བྱུང་བཅུ་བདུན་པའི་ཤིང་རྟ་༼༢༠༡༤་༣་༡༣༽ལོའ་ིལོའ་ིབོད་ཟླ་༡ཚེས་༡༢་རྒྱལ་ཕུར་འགྲུབ་སྦྱོར་གྱི་དུས་ཚེས་དགེ་བའི་ཉིན་རང་ཤག་ཏུ་བྲིས་པ་དགེ་ལེགས་འཕེལ། །
[edit]

par byang gsal bshad/_rgyal bstan ris med bstan pa yongs kyi mgon/_/ngo mtshar bka' babs bdun gyi shing rta che/_/rigs brgya'i khyab bdag pad+ma mdo sngags gling /_/mi 'bral spyi bo'i rgyan du rtag par rol/_/de'ang gangs ljongs rgyal bstan ris med kyi mnga' bdag ngo mtshar bka' babs bdun ldan kun gzigs 'jam dbyangs mkhyen brtse'i dbang po kun dga' bstan pa'i rgyal mtshan dpal bzang po'i zhabs kyi bka' 'bum glog klad du 'bru len ji ltar byas pa'i tshul ni/_mkhyen brtse sku phreng gnyis pa 'jam dbyangs chos kyi blo gros nas rje gong ma'i gsung 'bum 'tshol bsdud mdzad de 'jam mgon rnam gnyis kyi zhal slob gnas gsar bkra shis chos 'phel nas dkar chag btabs te rtsa ba'i gdan sa rdzong sar bkra shis lha rtser shing par pod chen bcu gsum brkas mdzad/_1958lor dus 'gyur skabs rdzong sar dgon rten dang brten par rtsa rlag 'gro ba dang chabs cig par shing rtsa rlag song /_de nas rgya gar 'bras ljongs mkhyen brtse'i bla brang du mkhyen brtse sku phreng gsum pa 'jam dbyangs thub bstan chos kyi rgya mtsho'i phyag tu sngar rdzong sar shing par dpe kha tshang zhig 'byor 'dug pa 'dra bshus byas te pod nyer gsum byas te 'phrul par du bskrun mdzad/_de'i par gzhi bod rdzong sar du 'byor ba la par gzhi byas te rdzong sar bod sman khang bud med glog klad 'dzin grwa nas 2007lo nas 'go btsugs te glog klad du sam+b+ho Ta'i yig gzugs su 'bru len zhus/_de'i khar da lam gsar rnyed gras la/_sngar 'jam dbyangs mkhyen brtse'i dbang po dang 'jam mgon blo gros mtha' yas te 'jam mgon rnam gnyis slob tshogs dang bcas pas phyogs sgrig gnang ba'i rgyud sde kun btus dang /_sgrub thabs kun btus/_gdams ngag mdzod/_rin chen gter mdzod sogs su ma 'khod pa/_yang zab dkon mchog spyi 'dus kyi bsnyen yig dang las bzhi'i sbyin bsreg snying po mdor bsdus/_'jam dbyangs ldel mo'i lag len rnam gsal nor bu'i me long /_mchod rten cha brgyad thig rtsa tho chung bcas tshan gsum dang /_dpal nA ro pa'i rdo rje'i gsung phyag rgya chen po tshig bsdus kyi man ngag rgyud kyi lung dang sbyar ba gtso bor bton pa'i 'grel chung rtogs par sla ba zhes pa 'di gdams ngag mdzod du bzhugs kyang 'di rtsa 'grel phyes pa'i dpe rnying zhig thob pa bcas tshan bzhi pod nyer bzhi pa'i mjug tu gsar bcug zhus yod/_gzhan yang deng dus bka' 'bum gsar sgrig skabs rtsom pa po'i rnam thar re 'jog tshul ltar rje mkhyen brtse'i dbang po'i rnam thar mang du bzhugs pa las rje nyid kyi zhal slob kyi thu bo 'jam mgon blo gros mthas yas kyis mdzad pa'i rnam thar chen mo pod gcig gsar bsnan byas te khyon pod nyer lnga sdeb shar sna ring du bsgrigs yod do/_/slar de nyid hi ma la'i yig gzugs su bsgyur te deb gzugs mgo tshem ma deb nyer lngar bsgrigs pa dang /_slar glog klad e pher [ ipad ]stabs bder gzigs chog pa deb dkar chag la mnan na gzhung gi sa bcad dkyus su rang 'tshol thub pa'i par gzhi gcig bcas par gzhi khag gsum par sgrig zhus yod/_/de skabs las zhugs ma'i sna'i skor ni/_thog mar yul the wan nas yin pa'i bla ma karma sbyin pa nas rdzong sar bshad grwa'i glog klad 'dzin grwa dang /_rdzong sar bod sman khang bud med glog klad 'dzin grwa gnyis la glog klad kyi shes bya bslab pas rdzong sar phyogs la dar mgo tshugs/_de nas gong smros ltar 2007lo nas mkhyen brtse'i bka' 'bum 'go btsugs te rdzong sar bod sman khang bud med glog klad 'dzin grwa ru dge rgan rdzong grwa 'chi med rdo rje dang /_slob ma tshe krug_/'bang dga'/_bkra shis lha mo/_zla ba lha mo/_bsod nams chos mtsho/_tshe ring lha mo/_dpal mo/_sangs rgyas dpal sgron bcas nas glog klad du tshar gnyis sbrag bsdur bcas 'bru len zhus/_rdzong bla 'jam dbyangs grags pa dang /_rdzong grwa bkra shis rnam rgyal/_'jam shes/_'jam dbyangs bdud 'dul/_stobs chen/_shakya 'od/_tshe dbang nor bu/_tshul khrims rdo rje/_phun tshogs bzang po bcas kyis dpe bsdur lan gnyis/_rdzong bla karma tshe ring ngam dmar ma nas zhu btsud/_bla ma 'jam dbyangs grags pa/_o rgyan tshe ring /_shakya 'od/_karma tshe ring dang /_grwa bkra shis rnam rgyal dang /_'jam shes/_stobs chen/_tshul khrims rdo rje bcas nas zhu dag tshar gsum/_de dag rdzong bla karma tshe ring dang rdzong grwa o rgyan tshe ring gnyis nas zhu btsud/_bu mo chos dga' dang sbyin pa rdzong grwa shes rab gsum nas snga rjes dpe gzugs sna ring gi thig khang du bsgrigs/_de nas rdzong grwa o rgyan tshe ring nas bka' 'bum yongs rdzogs zhu tha ma tshar gcig_/kho bo blo gros phun tshogs nas zhu tha ma'i 'bru bcos thag gcod po'i khul blangs/_slar de dag tshang ma rdzong grwa shes rab nas hi ma la'i yig gzugs bsgyur te deb gzugs mgo tshem ma dang glog klad e phe [ ipad ]'jog rgyu par sgrig byas so/_/de dag 'gro gron ni/_karma tshe ring dang bu mo chos dga' sogs rang gi nang mi/_karma sbyin pa bcas la yon mi dgos pa zhal 'degs/_de min la gla yon yongs rdzogs kho bo khra 'bu tshang nang mi lhan nas krung sgor khri bco lnga lhag btang ste 2014lo'i zla 2 tshes 24 nyin legs par grub bo/_/dge 'dis mtshan pa'i dus gsum legs byas kyis/_/dpal mgon bla ma'i thun mong ma yin pa/_/ngo mtshar bka' babs bdun gyi gu.ang ba'i mdzod/_/'dzin ma'i khyon kun dar ba'i rgyur gyur cig/_/ces pa'ang rdzong sar ba khra 'bu blo gros phun tshogs nas rab byung bcu bdun pa'i shing rta (2014 3 13)lo'i bod zla 1tshes 12 rgyal phur 'grub sbyor gyi dus tshes dge ba'i nyin rang shag tu bris pa dge legs 'phel/_/

Footnotes

Other Information