JKW-KABUM-24-YA-001-006

From Khyentse Lineage - A Tsadra Foundation Project
Revision as of 15:10, 3 March 2022 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")

JKW-KABUM-24-YA-001-006

དཔལ་ལྡན་མར་པ་ལོ་ཙཱ་བའི་ཟབ་ཆོས་རྒྱ་མཚོ་མཐའ་ཡས་ལས་ཇི་སྙེད་ཅིག་བཀའ་བསྡུ་བགྱིས་པའི་གླེགས་བམ་གྲུབ་གཉིས་འདོད་པ་འཇོ་བའི་ནོར་བུའི་མཛོད་ཀྱི་གོ་རིམ་དཀར་ཆགས་སུ་འགོད་པ་བཀའ་བརྒྱུད་བསྟན་རིམ་ཐོ་བཀོད།
Wylie title dpal ldan mar pa lo tsA ba'i zab chos rgya mtsho mtha' yas las ji snyed cig bka' bsdu bgyis pa'i glegs bam grub gnyis 'dod pa 'jo ba'i nor bu'i mdzod kyi go rim dkar chags su 'god pa bka' brgyud bstan rim tho bkod JKW-KABUM-24-YA-001.pdf
Location mkhyen brtse'i bka' 'bum
Volume 24, sde tshan 1, Text 6, Pages 65-77 (Folios 33a2 to 39a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People མར་པ་ཆོས་ཀྱི་བློ་གྲོས་ (mar pa chos kyi blo gros)
Citation 'jam dbyangs mkhyen brtse'i dbang po. dpal ldan mar pa lo tsA ba'i zab chos rgya mtsho mtha' yas las ji snyed cig bka' bsdu bgyis pa'i glegs bam grub gnyis 'dod pa 'jo ba'i nor bu'i mdzod kyi go rim dkar chags su 'god pa bka' brgyud bstan rim tho bkod. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 24: 65-77. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Catalogue of Contents - dkar chag  ·  Stages of the Teachings - bstan rim

1 Texts in this Section (sde tshan or chos tshan)

[edit]
༄༅། །ཨོཾ་འགྲུབ་པར་གྱུར་ཅིག །གངས་ཅན་སྒྲུབ་བརྒྱུད་ཡོངས་ཀྱི་གཙུག་ན་བརྒྱ་བྱིན་ཐོགས་པའི་ནོར་བུ་ལྟར་མངོན་པར་མཐོ་བ་དཔལ་ལྡན་མར་པ་ལོ་ཙཱ་བའི་བཀའ་བརྒྱུད་རིན་པོ་ཆེ་ཞེས་ཕྲིན་ལས་རྒྱ་མཚོ་བཞི་ཡི་མུ་ཁྱུད་ལ་བརྒལ་ཞིང་རྣམ་ཐར་དང་སྙན་གྲགས་ཞིང་ཁམས་རྒྱ་མཚོའི་ཁྱོན་ལ་ཁྱབ་པར་བརྡལ་བ་དེ་ཉིད་ཀྱི་ཟབ་ཆོས་རྒྱ་མཚོ་མཐའ་ཡས་ལས་ཇི་སྙེད་ཅིག་བཀའ་བསྡུ་བགྱིས་པའི་གླེགས་བམ་གྲུབ་གཉིས་འདོད་པ་འཇོ་བའི་ནོར་བུའི་མཛོད་ཁང་གི་སྒོ་འཕར་མཐའ་ཡས་པ་དབྱེ་བ་ལས་གོ་རིམ་དཀར་ཆགས་སུ་འགོད་པ་ནི། དེ་ཡང་བཞུགས་ཚོགས་ཀྱི་གོ་རིམ། དབང་བསྐུར། རྒྱུད་བཤད། མན་ངག་འབོག །ལས་ཕྲན་ཚེགས་ཀྱིས་ཟུར་བརྒྱན། བཀའ་སྲུང་ཆོས་སྐྱོང་གིས་མཐའ་བརྟེན་པའི་མི་བཟད་པ་རྒྱན་འཁོར་ལྔ་ཡི་བདག་ཉིད་ཅན་དུ་དམ་པ་གོང་མའི་ཕྱག་བཞེས་བཞིན་འགོད་པ་ལས། ཇི་སྐད་དུ། རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། དེ་རྗེས་བསླབ་པའི་གནས་བཅུ་ཉིད། དེ་ལ་བྱེ་བྲག་སྨྲ་བ་བསྟན། མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། དེ་ཡི་རྗེས་སུ་དབུ་མ་བསྟན། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། སློབ་མས་གུས་པས་བླངས་ན་ནི། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཞེས་གསུངས་པ་ལྟར། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་གདུལ་བྱ་གང་ཞིག་རིམ་གྱིས་སློབ་པའི་དབང་དུ་བྱས་ཏེ་དང་པོ་སྐུ་ཡི་འཁོར་ལོའི་སྐོར་ལ། བརྒྱུད་པ་རིན་པོ་ཆེའི་ལོ་རྒྱུས་མདོར་བསྡུས་ཡོངས་སུ་རྫོགས་པ། བསྟན་པའི་གཞི་མ་སོ་སོར་ཐར་པའི་གདམས་པ་མ་ཐོབ་པ་ཐོབ་པར་བྱེད་པ་རབ་བྱུང་གི་གཞི་ཡི་ཆོ་ག །བསྟན་པའི་རྩ་བ་ཐེགས་པ་ཆེན་པོར་འཇུག་པའི་སྒོ་སེམས་བསྐྱེད་ཀྱི་ཆོ་ག །ནོར་བུ་བསྟན་པ་སྤྱི་དབང་། བསྟན་པའི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད་ལ། རྒྱུད་སྡེ་འོག་མའི་ས་བཅད་ཙམ་དུ་གྲུབ་པའི་སློབ་དཔོན་ཛེ་ཏ་རའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་དཀྱིལ་ཆོག །ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་ལྷ་དགུའི་སྒྲུབ་དཀྱིལ། རྣལ་འབྱོར་རྒྱུད་དང་ཆ་མཐུན་ཀུན་རིག་རྩ་བའི་དཀྱིལ་འཁོར་ཆོ་ག་རྣམ་གྲོལ་སྒོ་ཆེན་བཅས་དང་། རྩ་བའི་གླེང་གཞི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེའི་སྐོར་ལ་གོ་རིམ་རྒྱུད་གོང་འོག་གི་བབ་དང་བསྟུན་ནས་བཀོད་པ་ལ། ལམ་ཐམས་ཅད་ཀྱི་རྩ་བ་བྱིན་རླབས་བླ་མའི་རྣལ་འབྱོར་གྱི་སྐོར་ལ། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ཀྱི་སྐོར། གསང་བདག་མར་པ་ལོ་ཙཱ་བ་དང་འབྲེལ་བའི་ལམ་ཟབ་བླ་མའི་རྣལ་འབྱོར་དབང་དང་བཅས་པ། རྗེ་བཙུན་མི་ལའི་བླ་མའི་རྣལ་འབྱོར། དྭགས་པོའི་གསང་ལམ་བླ་སྒྲུབ། པཀྴིའི་བླ་སྒྲུབ་ཞལ་གཟིགས་མ། འབྲི་གུང་ཆོས་གྲགས་པའི་དག་སྣང་སྐྱོབ་པ་རིན་པོ་ཆེའི་བླ་སྒྲུབ་གསེར་ཁང་མར་གྲགས་པ། རྒྱལ་དབང་ཀརྨ་པ་རིམ་བྱོན་ཕྱོགས་དྲིལ་གྱི་བླ་མའི་རྣལ་འབྱོར། མོས་གུས་ཕྱག་ཆེན། ཐུན་བཞི་བླ་མའི་རྣལ་འབྱོར། མོས་གུས་བདུན་མའི་ཁྲིད་ཡིག་བཅས། བཀའ་བརྒྱུད་གསོལ་འདེབས་སྤྱི་བསྐུལ། རྒྱ་ཆེ་ལ་གཉིས་སུ་མེད་པ་དུས་ཀྱི་འཁོར་ལོ་ནི་སླར་འགོད་ལ། ཟབ་པ་གཉིས་སུ་མེད་པ་དགྱེས་པ་རྡོ་རྗེ་ནི། རྔོག་ལུགས་ལྷ་དགུའི་སྒྲུབ་དཀྱིལ། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས། སམྦུ་ཊའི་རྡོ་དབྱིངས་ལྷ་མོ་བདུན་མ་དང་། གཞན་སྟག་ལུང་པའི་བཀའ་སྲོལ་དགྱེས་རྡོར་ཛྙཱ་ན་ལུགས། ཕྱིས་བྱུང་གྲུབ་ཆེན་ཞི་བ་སྦས་པའི་ལུགས་བཅས་དགྱེས་རྡོར་དང་། རྣལ་འབྱོར་མའི་རྒྱུད་འཁོར་ལོ་སྡོམ་པའི་ཕྱོགས་ལ་སེམས་འགྲེལ་གྱི་རྗེས་འབྲངས་ཕྱག་ན་རྡོ་རྗེའི་སྟོད་འགྲེལ་ལུགས། སྙན་བརྒྱུད་སྐོར་ལ་བདེ་མཆོག་ཡབ་བཀའ་དྲུག་ཅུ་པ་དང་། ཡུམ་གྱི་དབང་བསྐུར་རྒྱས་པ་སོ་སོའི་བྱིན་རླབས་བཅས། འབྲུག་ལུགས་ཀྱི་ཐོད་དབང་མེ་ཡི་འཁོར་ལོ། །ནཱ་རོ་ལུགས་ཀྱི་བདེ་མཆོག་ལྷ་ལྔ། ཡུམ་བཀའ་ལྷན་ཅིག་སྐྱེས་མ་ལྷ་ལྔ། ཨ་བྷའི་དྷཱ་ནའི་རྒྱུད་ལས་གསུང་པ་བདེ་མཆོག་འཁོར་ལོས་སྒྱུར་དྲུག་བཅས་བདེ་མཆོག་སྐོར་དང་། མ་རྒྱུད་སངས་རྒྱས་ཐོད་པ། མཚུར་ལུགས་ལྷ་ཉེར་ལྔ་པ་དང་། རྔོག་ལུགས་མ་ཧཱ་མ་ཡ་ལྷ་ལྔ་ཕྱིས་བྱུང་སྒྲོལ་མ་འབྱུང་བའི་རྒྱུད་ལས་བྱུང་བའི་སྒྲོལ་མ་རྣལ་འབྱོར་མའི་སྒྲུབ་དཀྱིལ། རྔོག་ལུགས་བདེན་བཞི་ཡབ་བཀའ་རྣལ་འབྱོར་ནམ་མཁའ་ལྷ་མང་། ཡུམ་བཀའ་ཡེ་ཤེས་དབང་ཕྱུག་ལྷ་བཅུ་གསུམ་མ་བཅས་དང་། བླ་མེད་ཕ་རྒྱུད་གསང་བ་འདུས་པ་འཕགས་ལུགས་ལྷ་སོ་གཉིས་མ། མཚན་བརྗོད་བླ་མེད་རྒྱུད་དུ་བཀྲལ་བ་འཇམ་དཔལ་གསང་ལྡན་ནམ་རིགས་བསྡུས་སུ་གྲགས་པའི་སྒྲུབ་དཀྱིལ་དང་། མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པ་སྐྱེས་མཆོག་རས་ཆུང་རྡོ་གྲགས་པའི་བཀའ་སྲོལ་འཇིག་རྟེན་དབང་ཕྱུག་རྒྱལ་རྒྱམ་ལྷ་དགུ་ཡི་དཀྱིལ་ཆོག །སློབ་དཔོན་པ་ལ་ཙཎྜ་ནས་བརྒྱུད་པའི་ཕྱག་ན་རྡོ་རྗེའི་དབང་ཆོག་བཅས་ཀྱིས་སྨིན་བྱེད་ཀྱི་སྐོར་རྣམས་སོང་ནས། གཉིས་པ་གསུང་གི་འཁོར་ལོ་རྒྱུད་འགྲེལ་ཡན་ལག་དང་བཅས་པའི་སྐོར་ཆོས་འཆད་ཉན་བྱ་བའི་རིམ་པ་ལ་ཕྱི་ནང་ཐེག་པའི་རྣམ་བཞག་སྤྱི་དོན་མདོར་བསྡུས་པ་བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་ཀྱི་གཞུང་རྩ་བ་ལེགས་གསུངས་འདུལ་བའི་བསླབ་བྱ་སྟོན་པའི་གཞུང་སོ་ཐར་གྱི་མདོ་དང་། མེ་ཏོག་ཕྲེང་རྒྱུད་ཀྱི་གཞུང་། དགེ་ཚུལ་གྱི་ཀཱ་རི་ཀ །ཐེག་ཆེན་ཕར་ཕྱིན་གྱི་སྤྱོད་པ་གཙོ་བོར་སྟོན་པའི་བསྟན་བཅོས་དག་པོའི་ཐར་བརྒྱན། ལམ་མཆོག་རིན་ཆེན་ཕྲེང་བ། ངེས་དོན་ལྟ་བའི་གནད་སྟོན་པའི་གཞུང་མགོན་པོ་བྱམས་པས་མཛད་པའི་རྒྱུད་བླ་མ་དང་། དེ་ཡི་འགྲེལ་པ་སྤྱི་དོན་བཅས་རྗེ་བླ་མའི་གསུང་རབ་ཙམ། རྒྱས་པར་ཞྭ་དམར་ལྔ་པའི་ཕར་ཕྱིན་འགྲེལ་པ། རྗེ་དགུ་པའི་འཇུག་ཊཱིཀ྄ །མི་བསྐྱོད་ཞབས་ཀྱིས་འདུལ་ཊིཀ྄་ཆེན་མོ་ལས་འབྲུ་ནོན་བཏུས་པ། རྗེ་དགུ་པའི་མཛོད་འགྲེལ། སྙིང་པོ་བསྟན་པ་དང་། རྣམ་ཤེས་ཡེ་ཤེས་འབྱེད་པའི་གཞུང་འགྲེལ། གྲུབ་མཐའ་སྤྱི་ཡི་རྣམ་བཞག་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱི་དོན་བཤད་པ་སྔོན་དུ་སོང་ནས། བཤད་བྱའི་གཙོ་བོ་རྩ་རྒྱུད་བརྟག་པ་གཉིས་པ། དེ་ཡི་དགོངས་འགྲེལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་འགྲེལ་པ་དང་། རྔོག་གི་རིན་ཆེན་རྒྱན་འདྲ། རང་བྱུང་ཞབས་ཀྱི་དྲི་མེད་འོད། རྗེ་བླ་མའི་གསུང་རབ་སྤྱི་དོན་དང་། གཞུང་འགྲེལ་བཅས། བདེ་མཆོག་རྩ་རྒྱུད་ཉུང་ངུའི་རྒྱུད། གཞན་ཡང་གདན་བཞི། སྒྱུ་ཐོད། གསང་འདུས་རྩ་རྒྱུད་རྣམས་ཀྱང་མར་པ་ལས་བརྒྱུད་པའི་ཕྱིར་འཇོག་འོས་ཆེ། རྒྱུད་སྤྱིའི་སྦས་དོན། བཤད་པ་རྗེ་རང་བྱུང་ཞབས་ཀྱིས་བསྟན་བཅོས་ཟབ་མོ་ནང་གི་དོན་དང་། དེ་ཡི་རང་འགྲེལ་བླ་མ་དམ་པའི་ལེགས་བཤད། མདོ་སྔགས་གྲུབ་མཐའ་ཐམས་ཅད་ཀྱི་སྤྱི་སྡོམ་འབྲི་གུང་དགོང་གཅིག་གཞུང་འགྲེལ། གསུམ་པ་ཐུགས་ཀྱི་འཁོར་ལོ་མན་ངག་ཉམས་ལེན་གྱི་སྐོར་ལ། ཐེག་པ་སྤྱི་ཡི་ཉམས་ལེན་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད། ཐེག་ཆེན་བློ་སྦྱོང་གི་ཁྲིད་རྗེ་བླ་མས་མཛད་པ། བཀའ་བརྒྱུད་རིན་པོ་ཆེའི་ཕྱག་བཞེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་དང་། དེ་ཡི་ངག་འདོན་བཅས། གཅེས་མཆོག་སྔགས་ཀྱི་ཉམས་ལེན་རྒྱུད་སོ་སོ་དང་འགྲེལ་པ་ལ་དགྱེས་པ་རྡོ་རྗེའི་བསྲེ་འཕོའི་ཁྲིད། བདེ་མཆོག་སྙན་བརྒྱུད་ཀྱི་ཁྲིད། གདན་བཞི། མ་ཧཱ་མ་ཡ་རྣམས་ཀྱི་ཁྲིད་མར་ལུགས་དང་། རྡོ་རྗེ་གུར་གྱི་རང་བྱིན་རླབས་ཀྱི་ཁྲིད། ཇོ་ལུགས་སངས་རྒྱས་ཐོད་པའི་ཁྲིད། སྒྲོལ་མ་རྣལ་འབྱོར་མ། གསང་འདུས་རིམ་ལྔ། འཇམ་དཔལ་རིགས་བསྡུས་ཀྱི་རྗེས་དྲན་དྲུག་གི་ཁྲིད། རྒྱལ་རྒྱམ་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད། རས་ཆུང་ལུགས་ཕྱག་རྡོར་གཏུམ་པོའི་ཁྲིད། རྒྱུད་སྡེ་སྤྱི་ཡི་རྫོགས་རིམ་ནཱ་རོའི་ཆོས་དྲུག །རླུང་སེམས་གཉིས་མེད། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད། སྙན་གྱི་ཤོག་དྲིལ་བཞི། ཇོ་ནང་བཀའ་བབ་དྲུག་ལྡན་གྱི་ཁྲིད། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ལྔ་ལྡན་རྣམས་ཀྱི་ཁྲིད་ཡིག་རྒྱ་བོད་ཀྱི་གཞུང་མཐའ་ཡས་པ། གཞན་ཡང་འབྲུག་པའི་ཁྲིད་ཆེན་བརྒྱད་སོགས། འབྲི། སྟག་རྣམས་ཀྱི་ཁྲིད་ཡིག་སོ་སོ་བ་རྣམས་ཀྱང་རིམ་པར་བཞག་འོས། དུང་མཚོ་རས་པའི་སེམས་ཁྲིད་ཡིད་བཞིན་ནོར་བུ། བཞི་པ་ཡོན་ཏན་འཁོར་ལོ་ལ་ལས་རབ་འབྱམས་སྒྲུབ་པ་དང་འབྲེལ་བའི་སྒྲུབ་ཐབས་ཐོར་བུའི་སྐོར་ལ། གྲུབ་རྒྱལ་ཚེ་དཔག་ལྷ་གཅིག་བུམ་གཅིག་གི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཁྲིད་ཡན་ལག་བཅས། ཇོ་ལུགས་གཙོ་བོར་གྱུར་པའི་བཀའ་བབ་གཅིག་དྲིལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་ཁྲིད་བཅས། འབྲུག་ལུགས་ནས་བྱུང་བའི་རྡོ་རྗེ་སེམས་དཔའ། གཙུག་ཏོར་རྣམ་རྒྱལ། རྣམ་འཇོམས། སྒྲོལ་ལྗང་རྣམས་མར་པ་ནས་བརྒྱུད་པའི་སྒྲུབ་ཐབས་རྗེས་གནང་བཅས་རས་ཆུང་ལུགས་ཀྱི་རྟ་མགྲིན་དབང་གཅིག །ཕྱག་རྡོར་སྒྲུབ་ཐབས་རྗེས་གནང་བཅས་རིགས་གཉིས། ཀར་ལུགས་རྩ་གསུམ་དྲིལ་སྒྲུབ། རྒྱལ་རྒྱམ་ལྷ་ལྔའི་བྱིན་རླབས་དང་གཏོར་དབང་། དེ་དང་རྗེས་སུ་འབྲེལ་བའི་དཔེ་བུམ་མན་ངག་མཐའ་ཡས་པ། སྒྲུབ་པ་ཉམས་ལེན་སྤྱི་ཡི་ཁོག་ཆིངས་རྒྱལ་བ་ཡང་དགོན་པའི་རི་ཆོས་སྐོར་གསུམ། ཟུར་མང་བ་ལེགས་བཤད་སྒྲ་དབྱངས་ཀྱི་རི་ཆོས། གྲུབ་བརྙེས་ཆགས་མེད་ཞབས་ཀྱི་རི་ཆོས་ལས་འཚམས་ཀྱི་ཞལ་གདམས་སོགས་ཉེར་མཁོ་ཁོལ་ཕྱུང་། སྙན་བརྒྱུད་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སོགས་མན་ངག་དཔེ་བུམ་དང་། རྗེ་དཔའ་བོའི་རྣམ་བཤད་ཆེན་མོ་ལྟ་ཁྲིད་སོགས། རྗེ་བླ་མའི་གསུང་རབ་མར་ལུགས་རྒྱུད་སྡེ་སྤྱི་ཡི་བསྙེན་ཡིག །རྡོ་རྗེ་སློབ་དཔོན་ཕྱི་མས་རབ་འབྱམས་བསྒྲུབ་པའི་གསལ་བྱེད། ཁ་བསྐང་ཐུན་མཚམས་ཀྱི་བྱ་བ་ཆོས་སྤྱོད་ཀྱི་སྐོར་ལ། སོ་ཐར་གྱི་གཞི་གསུམ་ཕྱག་ལེན་ཆོ་ག །གནས་བརྟན་བཅུ་དྲུག་གི་ཆོ་ག་རྗེས་གནང་དང་བཅས་པ། ནམ་མཁའི་སྙིང་པོའི་སྒོ་ནས་ལྟུང་བ་བཤགས་པའི་ཆོ་ག །སྡོམ་གསུམ་སོ་སོའི་བཤགས་པ་རྣམས་རྗེ་བླ་མའི་གསུང་རབ། ཆོས་སྤྱོད་རབ་གསལ་ལས་བསག་སྦྱོང་གི་སྐོར། བསྟན་པ་སྤྱི་ཡི་གསོལ་འདེབས། ཆབ་གཏོར་བརྒྱ་རྩ་རྗེས་འབྲེལ་དང་བཅས། གསང་སྔགས་ནང་གི་གཏོར་ཆོག་རྒྱས་བསྡུས་གཉིས། ཚོགས་འཁོར་གྱི་རྣམ་བཤད་མར་ལུགས་རྒྱུད་སྡེ་སྤྱི་ཡི་ཚོགས་མཆོད། ཞིང་སྐྱོང་དང་མཁའ་འགྲོ་སྤྱི་ཡི་གཏོར་ཆོག་རྒྱས་པ། བསྡུས་པ། གོང་གསལ་རྒྱུད་སྡེ་རྣམས་ཀྱི་རྒྱུན་གྱི་རྣལ་འབྱོར་དང་། ཐུན་མཚམས་ཀྱི་བྱ་བ་སོགས་ཐོར་བུའི་རིགས་རྒྱུད་སྡེ་སྤྱི་ཡི་སྦྱིན་སྲེག་རྒྱས་བསྡུས། རྒྱུད་སྡེ་སོ་སོའི་སྦྱིན་སྲེག །གཤིན་པོ་ལ་ཕན་གདགས་པའི་རིམ་པ། ལམ་གྱི་ཆ་ལགས་དམ་ཚིག་དང་སྤྱོད་པའི་རྣམ་གཞག་སྟོན་པ་རང་བྱུང་ཞབས་ཀྱི་དམ་ཚིག་རྒྱ་མཚོ་མཐའ་ཡས་རྩ་འགྲེལ། སྡོམ་པ་གསུམ་གྱི་བསྟན་བཅོས། ལམ་གྱི་བོག་འདོན་སྤྱོད་པ་དང་འབྲེལ་ཞིང་རང་ལུགས་ཀྱི་བཀའ་བབས་མ་གཅིག་གི་གཅོད་ཡུལ་ལས། ཟུར་ལུགས་དང་། གནས་ལུགས་ཀྱི་དབང་སྐོར། ཁྲིད་ཡིག་ཉམས་ལེན་དང་རྗེས་འབྲེལ་མན་ངག་མཐའ་ཡས་པའི་དཔེ་བུམ། རྟེན་གསུམ་རབ་གནས་ཀྱི་ཆོ་ག་རྒྱས་པ་བཀྲ་ཤིས་ཆར་འབེབ། བསྡུས་པ་རྗེ་བླ་མའི་ལེགས་བཤད། དཔལ་ལྡན་བླ་མའི་ཞབས་པད་ལ་བརྟན་བཞུགས་ཕུལ་བའི་ཆོ་ག །བསྔོ་བའི་རྣམ་གཞག་དང་སྨོན་ལམ་གྱི་སྐོར། མཐའ་རྒྱས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཅས། ལྔ་པ་ཕྲིན་ལས་ཀྱི་འཁོར་ལོའི་སྐོར་ལ། ཆོས་སྐྱོང་ཡོངས་ཀྱི་གཙོ་བོ་ལེགས་ལྡན་རྔོག་ལུགས་རྒྱུད་མགོན། སྒྲུབ་བརྒྱུད་དགོས་ཀྱི་སྲུང་མ་ཐུན་མོང་མ་ཡིན་པ་རྡོ་རྗེ་བེར་ཅན་ལྕམ་དྲལ་གྱི་སྒྲུབ་སྐོར་མན་ངག་མཐའ་ཡས་པ། བཀའ་བརྒྱུད་སྤྱི་ཡི་བསྟན་སྲུང་ཕྱག་བཞི་པའི་སྐོར་ལས་བུམ་དབང་བཅུ་བཞི་པ་ཀར་ལུགས་ལྷ་བཅུ་གསུམ་མའི་དབང་མགོན་པོ་རིགས་ལྔའི་རྗེས་གནང་། ཞི་བ་སྦས་པའི་ལུགས། དེ་དག་གི་སྒྲུབ་སྐོར་མན་ངག་གི་ཆོས་ཚན་ཟུར་ལུགས་ཕྲིན་ལས་ཀྱི་འཁོར་ལོ་སོགས་རྒྱ་ཆེ་བ། མར་པའི་བསྟན་སྲུང་དུད་སོལ་ལྷ་མོའི་སྒྲུབ་ཐབས་དབང་ཆོག་མན་ངག་བཅས། ཀཾ་ཚང་ལུགས་ཀྱི་འཁོར་ལྔར་གྲགས་པའི་སྒྲུབ་ཐབས་མན་ངག །རྗེ་འབྲི་གུང་པའི་བསྟན་སྲུང་གཙོ་མོ་ཨ་ཕྱིའི་སྒྲུབ་སྐོར། རྗེ་བཙུན་བཞད་པ་རྡོ་རྗེའི་བཀའ་བརྒྱུད་ཡོངས་ཀྱི་ཆོས་སྐྱོང་བཀྲ་ཤིས་ཚེ་རིང་མའི་སྒྲུབ་སྐོར་མན་ངག་མཐའ་རྒྱས་བཅས་ཀྱིས་ལེགས་པར་ཡོངས་སུ་རྫོགས་པར་གྲུབ་བོ། །དེ་ལྟར་གོང་དུ་སྨོས་པ་རྣམས་ལས་ཕལ་ཆེར་དཔེ་ལུང་གཉིས་ཀ་རང་ཕྱོགས་ལ་ད་ལྟ་ཡོད་པ་དང་། དེ་ཡང་ཀཾ་ཚང་གཙོ་བོར་གྱུར་པ་ལྟར་དང་། ད་དུང་གཞན་རས་ཆུང་ལུགས་འབྲི་སྟག །འབྲུག་པ་སྐོར་གྱི་ལུགས་སོ་སོའི་རྩ་བའི་ཡི་དམ་གྱི་དབང་བསྐུར་སྒྲུབ་ཐབས་སྐོར་དང་། འབྲུག་པའི་ཁྲིད་ཆེན་བརྒྱད་སོགས་ལུགས་སྲོལ་ཐ་དད་ཀྱི་ཁྲིད་ཀྱི་རིམ་པ་རྩ་བའི་ཡིག་ཆ་གལ་ཆེ་བ་རྣམས་འདིར་འདུས་གྲུབ་པ་ཞིག་བྱུང་ན་བཀའ་བརྒྱུད་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཕྱིས་བྱུང་ཇོ་ནང་སྐོར་རྣམས་སྤྱིར་གྱི་འཕགས་ཡུལ་མཁས་གྲུབ་རྣམས་ཀྱི་ལེགས་བཤད་མན་ངག་དང་རྗེས་སུ་འབྲེལ་ཞིང་ཚིག་དོན་གཉིས་ཆར་ནས་རྣམ་དཔྱོད་དང་བྱིན་རླབས་ཀྱི་ཚན་ཁ་ཕུན་སུམ་ཚོགས་པ་ཅན་དུ་གྲུབ་པ་དང་། བརྒྱུད་པ་ཡང་། ཕྱིས་ནས་རང་རེའི་བླ་མ་གོང་མ་རྣམས་ལ་བཀའ་བབས་ནས་ད་ལྟའི་བར་ཉམས་ལེན་གྱི་རྒྱུན་དང་ལྡན་པ་དང་། སྔོན་དུ་རྗེ་བཙུན་རིན་པོ་ཆེ་ལ་རྒྱལ་བའི་དབང་པོ་དགུ་པས་ཡེ་ཤེས་འཕོ་བའི་དབང་བསྐུར་སྩལ་ནས་སྙིང་པོ་དོན་གྱི་བསྟན་པ་གཏད། དེ་མཚུངས་རྗེ་བཙུན་དམ་པ་སྐུ་གོང་འོག་གི་བཀའ་དྲིན་ལ་བརྟེན་ནས་རྗེ་མར་པའི་གདམས་ངག་གི་རབ་མ་ཆད་ཙམ་དུ་བྱུང་བ་བཅས་རང་ལུགས་དང་བསྟན་པ་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ན་འགོད་འོས་ཤིན་ཏུ་ཆེ་ཕྱིར་ད་ལམ་ཀྱང་འདིར་བཀོད། གོང་དུ་གླེང་ཙམ་སྨོས་པའི་དུས་ཀྱི་འཁོར་ལོའི་སྐོར་ཡང་རྗེ་རང་བྱུང་ཞབས་ནས་བཀའ་རྒྱུད་ཕྱོགས་སུ་བརྒྱུད་པ་དང་། ཇོ་ཞལ་གྱི་བརྒྱུད་པ་རྣམས་ཆུ་བོ་གཅིག་འདྲེས་སུ་བརྒྱུད་པ་བཞུགས་ནའང་རང་ལུགས་ཀྱི་ཡིག་ཆའི་རྒྱུན་ཆད་པ་གང་འགབ་སྤྱད་འོས། དེ་མཚུངས་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང་། སྤྱན་སྔ་རིན་པོ་ཆེ་ནས་བརྒྱུད་པའི་འཇིགས་བྱེད་དང་གཤེད་དམར་རྣམས་ཀྱང་དང་པོའི་བརྒྱུད་པོའི་ཁུང་གཞན་དང་གཞན་ནས་བྱུང་ཀྱང་ཕྱིས་ནས་རང་རེའི་བརྒྱུད་པ་ལ་ཕྱག་བཞེས་བྱུང་ཞིང་སྔ་དུས་ཆོས་སྡེ་རྣམས་སུ་སྒྲུབ་མཆོད་ཀྱི་རྒྱུན་ཀྱང་ཡོད་པའི་ཕྱིར་འདིར་བསྡུ་འོས་ལྟར་དང་། དེ་ཐམས་ཅད་ཀྱི་ཡིག་ཆ་རྣམས་འཐུ་བའི་གཞི་ནི་ཀུན་མཁྱེན་བླ་མ་རིན་པོ་ཆེས་བཀའ་བསྡུ་མཛད་པའི་བཀའ་རྒྱུད་སྔགས་མཛོད་དང་། ཟུར་མང་བའི་འཁོར་ལོ་ལྔ་ཡི་གླེགས་བམ། ཀཾ་ཚང་གཞུང་གི་རྒྱལ་རྒྱམ། ཕག་མོ། མ་མགོན་སྐོར་གྱི་དཔེ་བུམ་རྣམས་བཞིར་བཞག །གཞན་རྗེ་བཙུན་མར་མི་ཡབ་སྲས་ཀྱི་གསུང་ཐོར་བུ། དྭགས་པོ་དང་དུས་མཁྱེན་གྱི་བཀའ་འབུམ་དང་། བླ་མ་ཞང་གི་བཀའ་འབུམ། གྲུབ་ཆེན་རིན་པོ་ཆེ་པཀྴི། རྗེ་རང་བྱུང་ཞབས། རྗེ་བརྒྱད་པ་རྣམས་ཀྱི་གསུང་ཐོར་བུ། ཞྭ་དམར་མཁའ་སྤྱོད་དབང་པོ་དང་། དཀོན་མཆོག་ཡན་ལག་གི་བཀའ་འབུམ་དང་། རྗེ་དགུ་པའི་བཀའ་འབུམ། ཚེར་ལུང་དྲུང་རིན་པོ་ཆེ་ཀུན་དགའ་རྣམ་རྒྱལ་དང་། གནས་མདོ་གྲུབ་ཆེན་ཀརྨ་ཆགས་མེད། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཡབ་སྲས་ཕྱིས་བྱོན་རྣམས་ཀྱི་གསུང་རབ་ཀྱི་ཆོ་གས་དཔེ་ལུང་གཉིས་ཀ་ད་ལྟ་འདིར་བཞུགས་པ་དང་། གཞན། རས། འབྲུག །འབྲི། སྟག་སོགས་ཀྱི་ཡིག་ཆ་གལ་ཆེ་བ་རྣམས་ཀྱི་དཔེ་ལུང་རྒྱུན་རྙེད་ཚེ་འདིར་འགོད་འོས་པ་དང་། ད་རུང་ཆོ་ག་ཆེ་ཕྲ་དང་། ཁྲིད་རིམ་ཕལ་ཆེར་གྱི་ཡིག་ཆ་གསར་དུ་སྤེལ་གྲུབ་དགོས་པ་ཡང་རེ་མང་འདུག །གོ་རིམ་འགོད་ལུགས་ཀྱང་འདི་ལྟར་བྱས་ཚེ་དོན་དང་མི་འགལ་ཞིང་། འབྲེལ་ལེགས་པར་ཆག་འདུག་པ་ལས། གཞན་རྒྱུད་སྡེ་རེ་རེ་བཞིན་གྱི་དབང་སྒྲུབ་ཐབས་དང་ཁྲིད་སོགས་ཡན་ལག་རྣམས་སོ་སོར་བཀོད་ཚེ་མགོ་འཐོར་བ་འདྲ་བས་ཅུང་སྟབས་མི་བདེ་སྙམ་པ་དཔྱད་འོས། དེ་ཙམ་ཞིག་ནི་མགོ་སྨོས་ཕྱོགས་སྦོམ་མདོ་བྱང་ཙམ་ཡིན་གྱི། གཞན་གོ་རིམ་ཁྲིགས་ཆགས་དང་། ཆོས་ཚན་རེ་རེ་བཞིན་གྱི་དཀར་ཆག་ཞིབ་པ་ནི་གོང་སྨོས་ཀྱི་ཡིག་ཆའི་ཚོགས་ལས་ཚོལ་ནས་སྡེ་ཚན་སོ་སོའི་རྩ་བ་ཡན་ལག་གི་གོ་རིམ་འགྲིགས་ཆགས་སླར་བཀོད་དགོས་པ་བཅས་རྩ་ཐོ་ཙམ་འདི་གོང་དུ་སྙན་སྒྲོན་ཞུ་ཐོ་དང་། རང་གི་རྗེད་ཐོར་བྲིས་པ་ཕྱོགས་དུས་ཀུན་ཏུ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། །། ༈
[edit]

dpal ldan mar pa lo tsA ba'i zab chos rgya mtsho mtha' yas las ji snyed cig bka' bsdu bgyis pa'i glegs bam grub gnyis 'dod pa 'jo ba'i nor bu'i mdzod kyi go rim dkar chags su 'god pa bka' brgyud bstan rim tho bkod/ @#/_/oM 'grub par gyur cig__/gangs can sgrub brgyud yongs kyi gtsug na brgya byin thogs pa'i nor bu ltar mngon par mtho ba dpal ldan mar pa lo tsA ba'i bka' brgyud rin po che zhes phrin las rgya mtsho bzhi yi mu khyud la brgal zhing rnam thar dang snyan grags zhing khams rgya mtsho'i khyon la khyab par brdal ba de nyid kyi zab chos rgya mtsho mtha' yas las ji snyed cig bka' bsdu bgyis pa'i glegs bam grub gnyis 'dod pa 'jo ba'i nor bu'i mdzod khang gi sgo 'phar mtha' yas pa dbye ba las go rim dkar chags su 'god pa ni/__de yang bzhugs tshogs kyi go rim/__dbang bskur/__rgyud bshad/__man ngag 'bog__/las phran tshegs kyis zur brgyan/__bka' srung chos skyong gis mtha' brten pa'i mi bzad pa rgyan 'khor lnga yi bdag nyid can du dam pa gong ma'i phyag bzhes bzhin 'god pa las/__ji skad du/__rgyud kyi rgyal po brtag pa gnyis pa las/__dang po gso sbyong sbyin par bya/__de rjes bslab pa'i gnas bcu nyid/__de la bye brag smra ba bstan/__mdo sde pa yang de bzhin no/__/de nas rnal 'byor spyod pa nyid/__de yi rjes su dbu ma bstan/__sngags kyi rim pa kun shes nas/__de rjes kye yi rdo rje bstan/__slob mas gus pas blangs na ni/__'grub 'gyur 'di la the tshom med/__zhes gsungs pa ltar/__phan bde'i 'byung gnas rgyal ba'i bstan pa rin po che mdo sngags kyi lam gyi lus yongs su rdzogs pa la gdul bya gang zhig rim gyis slob pa'i dbang du byas te dang po sku yi 'khor lo'i skor la/__brgyud pa rin po che'i lo rgyus mdor bsdus yongs su rdzogs pa/__bstan pa'i gzhi ma so sor thar pa'i gdams pa ma thob pa thob par byed pa rab byung gi gzhi yi cho ga__/bstan pa'i rtsa ba thegs pa chen por 'jug pa'i sgo sems bskyed kyi cho ga__/nor bu bstan pa spyi dbang /__bstan pa'i snying po rig pa 'dzin pa'i sde snod la/__rgyud sde 'og ma'i sa bcad tsam du grub pa'i slob dpon dze ta ra'i lugs kyi tshe dpag med lha dgu'i dkyil chog__/jo bo lugs kyi mi 'khrugs pa lha dgu'i sgrub dkyil/__rnal 'byor rgyud dang cha mthun kun rig rtsa ba'i dkyil 'khor cho ga rnam grol sgo chen bcas dang /__rtsa ba'i gleng gzhi rnal 'byor bla na med pa'i rgyud sde'i skor la go rim rgyud gong 'og gi bab dang bstun nas bkod pa la/__lam thams cad kyi rtsa ba byin rlabs bla ma'i rnal 'byor gyi skor la/__grub chen brgyad cu rtsa bzhi'i byin rlabs kyi skor/__gsang bdag mar pa lo tsA ba dang 'brel ba'i lam zab bla ma'i rnal 'byor dbang dang bcas pa/__rje btsun mi la'i bla ma'i rnal 'byor/__dwags po'i gsang lam bla sgrub/__pak+shi'i bla sgrub zhal gzigs ma/__'bri gung chos grags pa'i dag snang skyob pa rin po che'i bla sgrub gser khang mar grags pa/__rgyal dbang karma pa rim byon phyogs dril gyi bla ma'i rnal 'byor/__mos gus phyag chen/__thun bzhi bla ma'i rnal 'byor/__mos gus bdun ma'i khrid yig bcas/__bka' brgyud gsol 'debs spyi bskul/__rgya che la gnyis su med pa dus kyi 'khor lo ni slar 'god la/__zab pa gnyis su med pa dgyes pa rdo rje ni/__rngog lugs lha dgu'i sgrub dkyil/__bdag med lha mo bco lnga/__gur rigs bsdus/__sam+bu Ta'i rdo dbyings lha mo bdun ma dang /__gzhan stag lung pa'i bka' srol dgyes rdor dz+nyA na lugs/__phyis byung grub chen zhi ba sbas pa'i lugs bcas dgyes rdor dang /__rnal 'byor ma'i rgyud 'khor lo sdom pa'i phyogs la sems 'grel gyi rjes 'brangs phyag na rdo rje'i stod 'grel lugs/__snyan brgyud skor la bde mchog yab bka' drug cu pa dang /__yum gyi dbang bskur rgyas pa so so'i byin rlabs bcas/__'brug lugs kyi thod dbang me yi 'khor lo/__/nA ro lugs kyi bde mchog lha lnga/__yum bka' lhan cig skyes ma lha lnga/__a b+ha'i d+hA na'i rgyud las gsung pa bde mchog 'khor los sgyur drug bcas bde mchog skor dang /__ma rgyud sangs rgyas thod pa/__mtshur lugs lha nyer lnga pa dang /__rngog lugs ma hA ma ya lha lnga phyis byung sgrol ma 'byung ba'i rgyud las byung ba'i sgrol ma rnal 'byor ma'i sgrub dkyil/__rngog lugs bden bzhi yab bka' rnal 'byor nam mkha' lha mang /__yum bka' ye shes dbang phyug lha bcu gsum ma bcas dang /__bla med pha rgyud gsang ba 'dus pa 'phags lugs lha so gnyis ma/__mtshan brjod bla med rgyud du bkral ba 'jam dpal gsang ldan nam rigs bsdus su grags pa'i sgrub dkyil dang /__ma gcig grub pa'i rgyal mo nas brgyud pa skyes mchog ras chung rdo grags pa'i bka' srol 'jig rten dbang phyug rgyal rgyam lha dgu yi dkyil chog__/slob dpon pa la tsaN+Da nas brgyud pa'i phyag na rdo rje'i dbang chog bcas kyis smin byed kyi skor rnams song nas/__gnyis pa gsung gi 'khor lo rgyud 'grel yan lag dang bcas pa'i skor chos 'chad nyan bya ba'i rim pa la phyi nang theg pa'i rnam bzhag spyi don mdor bsdus pa bstan bcos chen po shes bya kun khyab kyi gzhung rtsa ba legs gsungs 'dul ba'i bslab bya ston pa'i gzhung so thar gyi mdo dang /__me tog phreng rgyud kyi gzhung /__dge tshul gyi kA ri ka__/theg chen phar phyin gyi spyod pa gtso bor ston pa'i bstan bcos dag po'i thar brgyan/__lam mchog rin chen phreng ba/__nges don lta ba'i gnad ston pa'i gzhung mgon po byams pas mdzad pa'i rgyud bla ma dang /__de yi 'grel pa spyi don bcas rje bla ma'i gsung rab tsam/__rgyas par zhwa dmar lnga pa'i phar phyin 'grel pa/__rje dgu pa'i 'jug TIka?__/mi bskyod zhabs kyis 'dul Tika? chen mo las 'bru non btus pa/__rje dgu pa'i mdzod 'grel/__snying po bstan pa dang /__rnam shes ye shes 'byed pa'i gzhung 'grel/__grub mtha' spyi yi rnam bzhag rnams kyi pha rol tu phyin pa'i spyi don bshad pa sngon du song nas/__bshad bya'i gtso bo rtsa rgyud brtag pa gnyis pa/__de yi dgongs 'grel byang chub sems dpa' rdo rje snying pos mdzad pa'i 'grel pa dang /__rngog gi rin chen rgyan 'dra/__rang byung zhabs kyi dri med 'od/__rje bla ma'i gsung rab spyi don dang /__gzhung 'grel bcas/__bde mchog rtsa rgyud nyung ngu'i rgyud/__gzhan yang gdan bzhi/__sgyu thod/__gsang 'dus rtsa rgyud rnams kyang mar pa las brgyud pa'i phyir 'jog 'os che/__rgyud spyi'i sbas don/__bshad pa rje rang byung zhabs kyis bstan bcos zab mo nang gi don dang /__de yi rang 'grel bla ma dam pa'i legs bshad/__mdo sngags grub mtha' thams cad kyi spyi sdom 'bri gung dgong gcig gzhung 'grel/__gsum pa thugs kyi 'khor lo man ngag nyams len gyi skor la/__theg pa spyi yi nyams len skyes bu gsum gyi lam rim gyi khrid/__theg chen blo sbyong gi khrid rje bla mas mdzad pa/__bka' brgyud rin po che'i phyag bzhes thun mong dang thun mong ma yin pa'i sngon 'gro'i khrid dang /__de yi ngag 'don bcas/__gces mchog sngags kyi nyams len rgyud so so dang 'grel pa la dgyes pa rdo rje'i bsre 'pho'i khrid/__bde mchog snyan brgyud kyi khrid/__gdan bzhi/__ma hA ma ya rnams kyi khrid mar lugs dang /__rdo rje gur gyi rang byin rlabs kyi khrid/__jo lugs sangs rgyas thod pa'i khrid/__sgrol ma rnal 'byor ma/__gsang 'dus rim lnga/__'jam dpal rigs bsdus kyi rjes dran drug gi khrid/__rgyal rgyam sku gsum ngo sprod kyi khrid/__ras chung lugs phyag rdor gtum po'i khrid/__rgyud sde spyi yi rdzogs rim nA ro'i chos drug__/rlung sems gnyis med/__rdo rje gsum gyi bsnyen sgrub kyi khrid/__snyan gyi shog dril bzhi/__jo nang bka' bab drug ldan gyi khrid/__phyag chen lhan cig skyes sbyor/__lnga ldan rnams kyi khrid yig rgya bod kyi gzhung mtha' yas pa/__gzhan yang 'brug pa'i khrid chen brgyad sogs/__'bri/__stag rnams kyi khrid yig so so ba rnams kyang rim par bzhag 'os/__dung mtsho ras pa'i sems khrid yid bzhin nor bu/__bzhi pa yon tan 'khor lo la las rab 'byams sgrub pa dang 'brel ba'i sgrub thabs thor bu'i skor la/__grub rgyal tshe dpag lha gcig bum gcig gi rjes gnang thun mong dang thun mong ma yin pa khrid yan lag bcas/__jo lugs gtso bor gyur pa'i bka' bab gcig dril sgrol dkar yid bzhin 'khor lo'i bsnyen sgrub khrid bcas/__'brug lugs nas byung ba'i rdo rje sems dpa'/__gtsug tor rnam rgyal/__rnam 'joms/__sgrol ljang rnams mar pa nas brgyud pa'i sgrub thabs rjes gnang bcas ras chung lugs kyi rta mgrin dbang gcig__/phyag rdor sgrub thabs rjes gnang bcas rigs gnyis/__kar lugs rtsa gsum dril sgrub/__rgyal rgyam lha lnga'i byin rlabs dang gtor dbang /__de dang rjes su 'brel ba'i dpe bum man ngag mtha' yas pa/__sgrub pa nyams len spyi yi khog chings rgyal ba yang dgon pa'i ri chos skor gsum/__zur mang ba legs bshad sgra dbyangs kyi ri chos/__grub brnyes chags med zhabs kyi ri chos las 'tshams kyi zhal gdams sogs nyer mkho khol phyung /__snyan brgyud lhan cig skyes pa'i sgrub thabs sogs man ngag dpe bum dang /__rje dpa' bo'i rnam bshad chen mo lta khrid sogs/__rje bla ma'i gsung rab mar lugs rgyud sde spyi yi bsnyen yig__/rdo rje slob dpon phyi mas rab 'byams bsgrub pa'i gsal byed/__kha bskang thun mtshams kyi bya ba chos spyod kyi skor la/__so thar gyi gzhi gsum phyag len cho ga__/gnas brtan bcu drug gi cho ga rjes gnang dang bcas pa/__nam mkha'i snying po'i sgo nas ltung ba bshags pa'i cho ga__/sdom gsum so so'i bshags pa rnams rje bla ma'i gsung rab/__chos spyod rab gsal las bsag sbyong gi skor/__bstan pa spyi yi gsol 'debs/__chab gtor brgya rtsa rjes 'brel dang bcas/__gsang sngags nang gi gtor chog rgyas bsdus gnyis/__tshogs 'khor gyi rnam bshad mar lugs rgyud sde spyi yi tshogs mchod/__zhing skyong dang mkha' 'gro spyi yi gtor chog rgyas pa/__bsdus pa/__gong gsal rgyud sde rnams kyi rgyun gyi rnal 'byor dang /__thun mtshams kyi bya ba sogs thor bu'i rigs rgyud sde spyi yi sbyin sreg rgyas bsdus/__rgyud sde so so'i sbyin sreg__/gshin po la phan gdags pa'i rim pa/__lam gyi cha lags dam tshig dang spyod pa'i rnam gzhag ston pa rang byung zhabs kyi dam tshig rgya mtsho mtha' yas rtsa 'grel/__sdom pa gsum gyi bstan bcos/__lam gyi bog 'don spyod pa dang 'brel zhing rang lugs kyi bka' babs ma gcig gi gcod yul las/__zur lugs dang /__gnas lugs kyi dbang skor/__khrid yig nyams len dang rjes 'brel man ngag mtha' yas pa'i dpe bum/__rten gsum rab gnas kyi cho ga rgyas pa bkra shis char 'beb/__bsdus pa rje bla ma'i legs bshad/__dpal ldan bla ma'i zhabs pad la brtan bzhugs phul ba'i cho ga__/bsngo ba'i rnam gzhag dang smon lam gyi skor/__mtha' rgyas bkra shis kyi tshigs su bcad pa bcas/__lnga pa phrin las kyi 'khor lo'i skor la/__chos skyong yongs kyi gtso bo legs ldan rngog lugs rgyud mgon/__sgrub brgyud dgos kyi srung ma thun mong ma yin pa rdo rje ber can lcam dral gyi sgrub skor man ngag mtha' yas pa/__bka' brgyud spyi yi bstan srung phyag bzhi pa'i skor las bum dbang bcu bzhi pa kar lugs lha bcu gsum ma'i dbang mgon po rigs lnga'i rjes gnang /__zhi ba sbas pa'i lugs/__de dag gi sgrub skor man ngag gi chos tshan zur lugs phrin las kyi 'khor lo sogs rgya che ba/__mar pa'i bstan srung dud sol lha mo'i sgrub thabs dbang chog man ngag bcas/__kaM tshang lugs kyi 'khor lngar grags pa'i sgrub thabs man ngag__/rje 'bri gung pa'i bstan srung gtso mo a phyi'i sgrub skor/__rje btsun bzhad pa rdo rje'i bka' brgyud yongs kyi chos skyong bkra shis tshe ring ma'i sgrub skor man ngag mtha' rgyas bcas kyis legs par yongs su rdzogs par grub bo/__/de ltar gong du smos pa rnams las phal cher dpe lung gnyis ka rang phyogs la da lta yod pa dang /__de yang kaM tshang gtso bor gyur pa ltar dang /__da dung gzhan ras chung lugs 'bri stag__/'brug pa skor gyi lugs so so'i rtsa ba'i yi dam gyi dbang bskur sgrub thabs skor dang /__'brug pa'i khrid chen brgyad sogs lugs srol tha dad kyi khrid kyi rim pa rtsa ba'i yig cha gal che ba rnams 'dir 'dus grub pa zhig byung na bka' brgyud thams cad kyi bstan pa yongs su rdzogs par 'gyur ba dang /__phyis byung jo nang skor rnams spyir gyi 'phags yul mkhas grub rnams kyi legs bshad man ngag dang rjes su 'brel zhing tshig don gnyis char nas rnam dpyod dang byin rlabs kyi tshan kha phun sum tshogs pa can du grub pa dang /__brgyud pa yang /__phyis nas rang re'i bla ma gong ma rnams la bka' babs nas da lta'i bar nyams len gyi rgyun dang ldan pa dang /__sngon du rje btsun rin po che la rgyal ba'i dbang po dgu pas ye shes 'pho ba'i dbang bskur stsal nas snying po don gyi bstan pa gtad/__de mtshungs rje btsun dam pa sku gong 'og gi bka' drin la brten nas rje mar pa'i gdams ngag gi rab ma chad tsam du byung ba bcas rang lugs dang bstan pa chu bo gcig 'dres su gyur pa na 'god 'os shin tu che phyir da lam kyang 'dir bkod/__gong du gleng tsam smos pa'i dus kyi 'khor lo'i skor yang rje rang byung zhabs nas bka' rgyud phyogs su brgyud pa dang /__jo zhal gyi brgyud pa rnams chu bo gcig 'dres su brgyud pa bzhugs na'ang rang lugs kyi yig cha'i rgyun chad pa gang 'gab spyad 'os/__de mtshungs bde mchog mkha' 'gro rgya mtsho dang /__spyan snga rin po che nas brgyud pa'i 'jigs byed dang gshed dmar rnams kyang dang po'i brgyud po'i khung gzhan dang gzhan nas byung kyang phyis nas rang re'i brgyud pa la phyag bzhes byung zhing snga dus chos sde rnams su sgrub mchod kyi rgyun kyang yod pa'i phyir 'dir bsdu 'os ltar dang /__de thams cad kyi yig cha rnams 'thu ba'i gzhi ni kun mkhyen bla ma rin po ches bka' bsdu mdzad pa'i bka' rgyud sngags mdzod dang /__zur mang ba'i 'khor lo lnga yi glegs bam/__kaM tshang gzhung gi rgyal rgyam/__phag mo/__ma mgon skor gyi dpe bum rnams bzhir bzhag__/gzhan rje btsun mar mi yab sras kyi gsung thor bu/__dwags po dang dus mkhyen gyi bka' 'bum dang /__bla ma zhang gi bka' 'bum/__grub chen rin po che pak+shi/__rje rang byung zhabs/__rje brgyad pa rnams kyi gsung thor bu/__zhwa dmar mkha' spyod dbang po dang /__dkon mchog yan lag gi bka' 'bum dang /__rje dgu pa'i bka' 'bum/__tsher lung drung rin po che kun dga' rnam rgyal dang /__gnas mdo grub chen karma chags med/__kun mkhyen bstan pa'i nyin byed sogs yab sras phyis byon rnams kyi gsung rab kyi cho gas dpe lung gnyis ka da lta 'dir bzhugs pa dang /__gzhan/__ras/__'brug__/'bri/__stag sogs kyi yig cha gal che ba rnams kyi dpe lung rgyun rnyed tshe 'dir 'god 'os pa dang /__da rung cho ga che phra dang /__khrid rim phal cher gyi yig cha gsar du spel grub dgos pa yang re mang 'dug__/go rim 'god lugs kyang 'di ltar byas tshe don dang mi 'gal zhing /__'brel legs par chag 'dug pa las/__gzhan rgyud sde re re bzhin gyi dbang sgrub thabs dang khrid sogs yan lag rnams so sor bkod tshe mgo 'thor ba 'dra bas cung stabs mi bde snyam pa dpyad 'os/__de tsam zhig ni mgo smos phyogs sbom mdo byang tsam yin gyi/__gzhan go rim khrigs chags dang /__chos tshan re re bzhin gyi dkar chag zhib pa ni gong smos kyi yig cha'i tshogs las tshol nas sde tshan so so'i rtsa ba yan lag gi go rim 'grigs chags slar bkod dgos pa bcas rtsa tho tsam 'di gong du snyan sgron zhu tho dang /__rang gi rjed thor bris pa phyogs dus kun tu dge legs 'phel/__sarba mang+ga laM//___//__!

Footnotes

Other Information