JKW-KABUM-01-KA-002-092

From Khyentse Lineage - A Tsadra Foundation Project
Revision as of 15:05, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 92, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
བཀའ་འགྱུར་བ་འཇམ་དབྱངས་ལེགས་བཤད་རྒྱ་མཚོའི་ཞབས་བརྟེན། ཨོཾ་སྭ་སྟི་སིདྡྷཾ། འཇ༷མ་དབྱང༷ས་སྙིང་རྗེའི་ཟླ་བ་སྲིད་པ་ན། །མངོན་སུམ་བཞིན་དུ་འཆར་བའི་དགེ་མཚན་གྱིས། །ལེག༷ས་བཤད༷་རྒྱ༷་མཚོ་འཕེལ་བའི་གྲགས་དཀར་ཅན། །རྣམ་ཀུན་འཆི་མེད་རྟག་པ་ཉིད་གྱུར་ཅིག ༡ །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་པས། །ཡིད་སྲུབས་སྡེར་བཅས་ཁེངས་པ་འཕྲོག་པ་དང་། །གདུལ་བྱའི་སྐལ་བཟང་མཆོག་ཏུ་རྒྱས་གྱུར་ཅིག ༢། ཚིག་གི་ཟེགས་མ་རེར་ཡང་དོན་བཟང་གི །བདུད་རྩིའི་ཕུང་པོ་མཐའ་ཀླས་སྤྲོ་བའི་གསུང་། །རྟག་པར་འགྲོ་འདིའི་དཔྱིད་དུ་འབབས་པ་ཡིས། །ཐུབ་བསྟན་ཉིན་ལས་ཉིན་མོར་མཛད་གྱུར་ཅིག ༣ །གང་ཐུགས་སྤྲོལ་པའི་ཕ་རོལ་ལས་འདས་ཀྱང་། །མཁྱེན་བརྩེའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི། །གཟིགས་པས་བདག་སོགས་མོས་པའི་ཡིད་ཅན་རྣམས། །གཅིག་ཏུ་དགྱེས་བཞིན་རྗེས་སུ་བཟུང་གྱུར་ཅིག ༤ །རྨད་བྱུང་ཡོན་ཏན་ནོར་བུའི་བསིལ་ཡབ་ནི། །བཟུང་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བའི། །ཕྲིན་ལས་འཇིག་རྟེན་དགེ་བའི་ངལ་འཚོའི་ཕུལ། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་གྱུར་ཅིག ༥ །མདོར་ན་ཁྱོད་ཞབས་བསྐལ་བརྒྱར་བརྟན་པ་དང་། །བཤད་སྒྲུབ་སྣང་བས་ས་གསུམ་ཁྱབ་པ་དང་། །དེས་ཀྱང་བསྟན་འགྲོའི་ཕན་བདེ་ཡོངས་རྫོགས་པའི། །དགེ་ལེག་མཐའ་དག་ལྷན་ཅིག་རྒྱས་གྱུར་ཅིག ༦ །དེ་ལྟར་རྩེ་གཅིག་སྨོན་པའི་གནས་སྐབས་ཀུན། །བླ་མ་མཆོག་གསུམ་ཐུགས་རྗེའི་འཇུག་པ་ཡིས། །གེགས་ཀྱི་སྦྱོར་བས་ནམ་ཡང་མི་ཕྱེད་པར། །བཀྲ་ཤིས་སྣང་བས་རྟག་ཏུ་མཛེས་གྱུར་ཅིག ༧ །སརྦ་མངྒ་ལཾ།། །། ༈
[edit]

bka' 'gyur ba 'jam dbyangs legs bshad rgya mtsho'i zhabs brten/__ oM swa sti sid+d+haM/__'jaXm dbyangaXs snying rje'i zla ba srid pa na/__/mngon sum bzhin du 'char ba'i dge mtshan gyis/__/legaXs bshadaX rgyaX mtsho 'phel ba'i grags dkar can/__/rnam kun 'chi med rtag pa nyid gyur cig__1__/bsod nams brgya las grub pa'i mtshan dpe'i dpal/__/nges par zhing khams 'di las yol med pas/__/yid srubs sder bcas khengs pa 'phrog pa dang /__/gdul bya'i skal bzang mchog tu rgyas gyur cig__2/_tshig gi zegs ma rer yang don bzang gi__/bdud rtsi'i phung po mtha' klas spro ba'i gsung /__/rtag par 'gro 'di'i dpyid du 'babs pa yis/__/thub bstan nyin las nyin mor mdzad gyur cig__3__/gang thugs sprol pa'i pha rol las 'das kyang /__/mkhyen brtse'i ye shes bsam gyis mi khyab pa'i/__/gzigs pas bdag sogs mos pa'i yid can rnams/__/gcig tu dgyes bzhin rjes su bzung gyur cig__4__/rmad byung yon tan nor bu'i bsil yab ni/__/bzung ba med par phyogs kyi mthar 'gro ba'i/__/phrin las 'jig rten dge ba'i ngal 'tsho'i phul/__/rtag cing khyab dang lhun gyis grub gyur cig__5_/mdor na khyod zhabs bskal brgyar brtan pa dang /__/bshad sgrub snang bas sa gsum khyab pa dang /__/des kyang bstan 'gro'i phan bde yongs rdzogs pa'i/__/dge leg mtha' dag lhan cig rgyas gyur cig__6__/de ltar rtse gcig smon pa'i gnas skabs kun/__/bla ma mchog gsum thugs rje'i 'jug pa yis/__/gegs kyi sbyor bas nam yang mi phyed par/_/bkra shis snang bas rtag tu mdzes gyur cig__7_/sarba mang+ga laM//__//__!_

Footnotes

Other Information