JKW-KABUM-01-KA-002-089

From Khyentse Lineage - A Tsadra Foundation Project
Revision as of 15:05, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 89, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
ས་ངོར་ཚར་གསུམ་གྱི་བསྟན་འཛིན་རྣམས་ལ་གསོལ་འདེབས་ཕྱོགས་དུས་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་དང་ཞེས་པ། ཕྱོགས་དུས་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་དང་། །ནུས་པའི་རང་གཟུགས་རིགས་གསུམ་སེམས་དཔའ་ཡི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་མཆོག །ས་སྐྱའི་འཇམ་མགོན་བརྒྱུད་པར་བཅས་རྣམས་དང་། །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང་། །སྙན་བརྒྱུད་མངའ་བདག་ཚར་ཆེན་ཡབ་སྲས་སོགས། །བཤད་སྒྲུབ་བསྟན་འཛིན་རྒྱ་མཚོའི་ཚོགས་རྣམས་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་གཞན་དུས་གསུམ་བསགས་པའི་ལེགས་བྱས་མཐུས། །དྲི་མེད་ཐུབ་བསྟན་སྤྱི་དང་བརྩེ་བ་ཆེའི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་བ་དང་། །ཕན་བདེས་ས་གསུམ་ཁྱབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་མཉྫུ་གྷོ་ཥས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༈
[edit]

sa ngor tshar gsum gyi bstan 'dzin rnams la gsol 'debs phyogs dus sras bcas rgyal ba'i mkhyen brtse dang zhes pa/__ phyogs dus sras bcas rgyal ba'i mkhyen brtse dang /__/nus pa'i rang gzugs rigs gsum sems dpa' yi/__/ye shes sgyu 'phrul drwa ba'i rnam rol mchog__/sa skya'i 'jam mgon brgyud par bcas rnams dang /__/rgyal bas lung bstan ngor chen rdo rje 'chang /__/snyan brgyud mnga' bdag tshar chen yab sras sogs/__/bshad sgrub bstan 'dzin rgya mtsho'i tshogs rnams la/__/snying nas gsol ba 'debs so byin gyis rlobs/__/bdag gzhan dus gsum bsags pa'i legs byas mthus/__/dri med thub bstan spyi dang brtse ba che'i/__/ring lugs phyogs dus kun tu dar ba dang /__/phan bdes sa gsum khyab pa'i bkra shis stsol/__/ces pa'ang many+dzu g+ho Shas gsol ba btab pa sid+d+hi rastu//__//_!

Footnotes

Other Information