JKW-KABUM-01-KA-004-006

From Khyentse Lineage - A Tsadra Foundation Project
Revision as of 15:01, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 4, sde tshan 6, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
བོན་ལྕང་ལུང་མཁས་པའི་དབང་པོར་ཞབས་བརྟན་འཇིགས་མེད་བོན་སྒོ་རབ་འབྱམས་ཞེས་པ། ཤྲཱི་སྭསྟི་ཀུརྦནྟུ། །འཇིག༷ས་མེད༷་བོན་སྒོ་རབ་འབྱམས་སྨྲ་ལ་མཁས། །ངོ༷་མཚ༷ར་བསླབ་གསུམ་རྣམ་པར་དག་པས་བཙུན། །གཞན་ཕན་བཟང་པོའི་རྣམ་ཐར་རྨད་བྱུང་བ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་པར་ཤོག །འཇིག༷ས་བཅས་སྲིད་པའི་འཕོ་མེད༷་བོན༷་གྱི་སྐུ། །དབྱིང༷ས་རིག་ཟུང་འཇུག་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་འདུལ་རྡོ༷་རྗེའི༷་སྣང་བརྙན་སྤྲུལ་པའི་གར། །འཆི་མེད་རྟག་པའི་དགེ་མཚན་བརྙེས་གྱུར་ཅིག །གསང་གསུམ་མི་ཤིགས་གཡུང༷་དྲུང༷་ངོ་བོར་བརྟན། །ཡོན་ཏན་ནོར་བུ་བསྟན་འགྲོའི་གཙུག་ན་བརྗིད། །ཕྲིན་ལས་སྣང་བ་ཕྱོགས་དུས་ཀུན་ཏུ་ཁྱབ། །རྒྱལ་དང་སེམས་དཔའི་རྣམ་ཐར་ཡོངས་རྫོགས་ཤོག །ཅེས་མངོན་པར་དྭངས་པའི་ཡིད་ཀྱིས་ཤིས་པར་བརྗོད་པ་དང་ཆབ་གཅིག་རྣམ་པར་དཀར་བའི་ལྷ་རེག །འཆི་མེད་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྣང་བརྙན་བཅས་ཨཥྟ་མངྒ་ལའི་གྲངས་ཀྱིས་གསོལ་བ་བཏབ་པ་སིདྡྷི་བྷ་བ་ཏུ།། །། ༈
[edit]

bon lcang lung mkhas pa'i dbang por zhabs brtan 'jigs med bon sgo rab 'byams zhes pa/__ shrI swasti kurban+tu/__/'jigaXs medaX bon sgo rab 'byams smra la mkhas/__/ngoX mtshaXr bslab gsum rnam par dag pas btsun/__/gzhan phan bzang po'i rnam thar rmad byung ba/__/bskal pa rgya mtshor 'tsho gzhes brtan par shog__/'jigaXs bcas srid pa'i 'pho medaX bonaX gyi sku/__/dbyingaXs rig zung 'jug bde chen longs spyod rdzogs/__/'gro 'dul rdoX rje'iX snang brnyan sprul pa'i gar/__/'chi med rtag pa'i dge mtshan brnyes gyur cig__/gsang gsum mi shigs g.yungaX drungaX ngo bor brtan/__/yon tan nor bu bstan 'gro'i gtsug na brjid/__/phrin las snang ba phyogs dus kun tu khyab/__/rgyal dang sems dpa'i rnam thar yongs rdzogs shog__/ces mngon par dwangs pa'i yid kyis shis par brjod pa dang chab gcig rnam par dkar ba'i lha reg__/'chi med sku gsum thugs yon tan phrin las kyi snang brnyan bcas aSh+ta mang+ga la'i grangs kyis gsol ba btab pa sid+d+hi b+ha ba tu//__//_!

Footnotes

Other Information