JKW-KABAB-20-WA-027

From Khyentse Lineage - A Tsadra Foundation Project
Revision as of 14:40, 2 March 2022 by Mort (talk | contribs) (Text replacement - "|editor=rdzong sar blo gros phun tshogs" to "|editor=")

JKW-KABAB-20-WA-027

སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ།
Wylie title snyan brgyud srid pa ma mo'i gnad tig las rgyun gyi rnal 'byor snying po JKW-KABAB-20-WA-027.pdf
Location mkhyen brtse'i bka' babs
Volume 20, Text 27, Pages 457-461 (Folios 1a to 3a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People དྷ་ན་སཾསྐྲིཏ་ (Dhanasaṃskṛta)
Citation Khyentse, Dilgo. snyan brgyud srid pa ma mo'i gnad tig las rgyun gyi rnal 'byor snying po. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 20: 457-461. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Daily Practice - rgyun khyer
Cycle སྲིད་པ་མ་མོའི་གནད་ཏིག་ (srid pa ma mo'i gnad tig)
Deity ma mo
Karchag page JKW-KABAB-Volume-20-WA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-KHI-047-2
Colophon

ཅེས་དེང་སང་རྩོད་པའི་དུས་འདིར་སྔ་འགྱུར་བཀའ་གཏེར་གྱི་ཕྱོགས་ལ་ཉག་ཕྲ་བའི་མ་མོའི་མངོན་རྫོགས་ཀྱི་སྒྲུབ་སྡེ་ཟབ་ལ་ཁྱེར་བདེ་འདི་ལྟ་བུ་རང་གཞན་བསྟན་འགྲོའི་བཙས་སུ་ཉམས་སུ་བླང་ན་དགོས་པ་དང་ཕན་ཡོན་ཤིན་ཏུ་ཆེ་ཞེས་ཁྱབ་བདག་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་བསྩལ་རྗེས་སུ་དྲན་པས་རང་ཉིད་ཀྱི་ཁ་ཏོན་དུ་པདྨ་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་ལྷོ་འབྲུག་ལ་ལཀྵྨི་དྭཱི་པར་བསྙེན་མཚམས་ལ་གནས་སྐབས་བྲིས་པའི་ཡི་གེ་པ་ནི་རང་སློབ་བློ་གསལ་སྤྲུལ་སྐུ་ཨཱ་ནནྟས་མཛད་པ་བསྟན་འགྲོའི་དཔལ་ཡོན་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།།

ces deng sang rtsod pa'i dus 'dir snga 'gyur bka' gter gyi phyogs la nyag phra ba'i ma mo'i mngon rdzogs kyi sgrub sde zab la khyer bde 'di lta bu rang gzhan bstan 'gro'i btsas su nyams su blang na dgos pa dang phan yon shin tu che zhes khyab bdag bla ma pad+ma ye shes rdo rje'i bka' bstsal rjes su dran pas rang nyid kyi kha ton du pad+ma dri med gzi brjid rab tu dga' ba'i dpal bkra shis dpal 'byor du 'bod pas lho 'brug la lak+Sh+mi dwI par bsnyen mtshams la gnas skabs bris pa'i yi ge pa ni rang slob blo gsal sprul sku A nan+tas mdzad pa bstan 'gro'i dpal yon 'phel rgyas brtan pa'i rgyur gyur cig__/dge'o/__/mang+ga laM//

[edit]
༄༅། སྲིད་པ་མ་མོའི་གནད་ཏིག་ལས། །རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས། ན་མོ་གུ་རུ་མ་མ་མ་ཧེ་རུ་ཀ་ཡེ། སློབ་དཔོན་ཆེན་པོ་དྷ་ན་སཾ་སྐྲྀ་ཏའི་དགོངས་པ་ལ། གུ་རུ་ཉི་མ་འོད་ཟེར་གྱིས་སྙན་བརྒྱུད་དུ་བསྩལ་བའི་སྲིད་པ་མ་མོའི་གནད་ཏིག་ལས་བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་ཐོག་མར་སྐྱབས་འགྲོ་ནི། སྤྲོ་ན་བརྒྱུད་འདེབས་སྔོན་དུ་འགྲོ་བས། བླ་མ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨཿ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་བསགས་པ་ནི། ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར༔ གཉིས་པ་ལ་གསུམ་ལས། དང་པོ་ལུས་རགས་པ་འདོད་ཁམས་རྩ་ཡི་ཞེན་པ་སྦྱང་ཕྱིར། སྤྱིར་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཀྱི་མ་མོ་མཁའ་ཀློང་དབྱིངས་གསུམ་འདུས་པའི་ཐིག་ལེ་སྟེ་དེའི་གདངས་ཤིན་ཏུ་ཕྲ་བ་དང༌། རགས་པ། སྤྱི་མཐུན་དུ་ཀུན་གཞི་ལུས་ངག་ཡིད་དང་སྲོག་བཅས་པའི་ཁམས་གསུམ་དུ་སྣང་བ་ལས། འདོད་ཁམས་རྩ་ཡི་སྒྲིབ་པ་སྦྱངས་ཕྱིར་སྐུ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་སྟེ། ཨཿ སྟོང་པ་དེ་བཞིན་ཉིད་དབྱིངས་ལ༔ གསལ་བ་ཀུན་སྣང་བཙུན་མོའི་འཕྲུལ༔ ཟུང་འཇུག་ཤིན་ཏུ་ཕྲ་བ་ཡི༔ རྩ་རླུང་ཐིག་ལེ་དྭངས་མ་ཧཱུྃ༔ ནམ་མཁའི་དཀྱིལ་དུ་ཉི་ལྟར་ཤར༔ དེ་ལས་རིག་པའི་རྩལ་འཕྲོས་པས༔ མེ་ཆུ་རླུང་གི་བསྐལ་པ་སྟོང་༔ ཅིར་ཡང་མི་དམིགས་སྟོང་ཉིད་ཀྱི༔ རོལ་པ་མཁའ་རླུང་མེ་ཆུ་ས༔ ཡུམ་ལྔའི་བྷ་ག་གསང་བ་དབུས༔ ཟེའུ་འབྲུ་ལྷུན་པོ་བརྗིད་ཆགས་སྟེང་༔ བྱང་ཆུབ་སེམས་ཀྱི་གཞལ་མེད་ཁང་༔ དུར་ཁྲོད་འཇིགས་པའི་བཀོད་པ་རྫོགས༔ དབུས་སུ་པད་ཉི་དྲེགས་པའི་སྟེང་༔ སྙིང་པོའི་སྲོག་ལས་ལྷ་སྐུ་བཞེངས༔ བདག་ཉིད་མངོན་རྫོགས་ཧེ་རུ་ཀ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ འོད་ཟེར་ཁ་དོག་ཅིར་ཡང་འགྱུར༔ རྡོ་རྗེའི་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཉིད་ཞི་བདེ་མཆོག་མུ་ཁ་ལེ༔ ཁ་ཊྭཱཾ་ཐོད་ཁྲག་བསྣམས་པས་འཁྲིལ༔ དྲེགས་པ་རུ་དྲའི་དཔུང་བཅོམ་པའི༔ ལོངས་སྤྱོད་ཆེན་པོའི་རྒྱན་གྱིས་བརྗིད༔ ཞབས་བཞི་དོར་སྟབས་བདེ་ཉམས་ཀྱིས༔ མེ་ཕུང་འཁྲུགས་པའི་ཀློང་ན་གསལ༔ དག་པའི་རྩ་རླུང་ཐིག་ལེ་ཁམས༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་ལས༔ རྟག་པའི་རྒྱལ་མོ་རིགས་ལྔ་དང་༔ རྗེ་མོ་དམན་མོ་སྒོ་སྐྱོང་སོགས༔ སྣང་སྲིད་མ་མོའི་དཀྱིལ་འཁོར་པ༔ བདེ་དྲོད་གཟི་བྱིན་འབར་བར་བཞུགས༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་མི༔ ཛཿཧཱུྃ་བཾ་ཧོཿ ཨ་ཧོ་ཨ་ཧོ་ཨ་ཧོཿ རོལ་པ་ཆེན་པོའི་གར་དང་ནི༔ རྡོ་རྗེ་བདེ་ཆེན་གསང་བའི་གླུ༔ བཟོད་མེད་བདེ་བའི་ཉམས་འགྱུར་གྱིས༔ སྲས་བཅས་རྒྱལ་བ་ཞི་ཁྲོ་དང་༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སྣོད་བཅུད་དྭངས་མ་མེར་མེར་གཡོས༔ དྲེགས་པའི་སྲོག་རྩ་གནད་ནས་བཟུང་༔ ཐམས་ཅད་ཐིག་ལེ་འོད་ལྔའི་མདངས༔ ཡེ་ཤེས་ཆེན་པོའི་སྲོག་ཏུ་བསྡུས༔ དམ་ཚིག་ཡེ་ཤེས་རོ་མཉམ་པ༔ སྲིད་ཞིའི་སྤྱི་དཔལ་གཅིག་ཏུ་རྫོགས༔ གཉིས་པ་དབང་བསྐུར་རྒྱས་གདབ་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ༔ ཡེ་ཤེས་ལྔ་ཡི་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་བསྒོམ་ཞིང་ལུས་སྦྱང་སྔོན་དུ་འགྲོ་བས་སྟོང་རའི་ནང་དུ་རྩ་འཁོར་ལྷ་ཚོགས་དང་བཅས་པ་གསལ་ཞིང་ཕྲ་མོའི་ཐིག་ལེར་སེམས་འཛིན་པའི་ཚུལ་ནུས་ན་གཞུང་ལྟར་བྱ། དེས་སྐྱོ་ན། གཉིས་པ་གཟུགས་ཁམས་ངག་གི་རྒྱུད་ཀྱི་ཞེན་པ་སྦྱང་ཕྱིར། གསུང་བཟླས་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་བསྙེན་པ་ནི། མི་བསྐྱོད་ཧེ་རུ་ཀ་དཔལ་གྱི༔ ཐུགས་ཀར་བདེ་སྟོང་ཉི་ཟླའི་སྦུབས༔ མར་མེ་ལྟར་འབར་ཧཱུྃ་ཡིག་གི༔ ནཱ་དའི་སྤྲིན་ལས་སྔགས་ཀྱི་ཕྲེང་༔ བདེ་བའི་སྲོག་དང་ལྡན་པར་འཕྲོས༔ ཞལ་སྦྱོར་བར་ནས་འགལ་མེ་ལྟར༔ འཁོར་བའི་འོད་ཀྱིས་ཐུགས་རྒྱུད་བསྐུལ༔ བདེ་ཆེན་ཡེ་ཤེས་ཉམས་འབར་ནས༔ ཨ་ཧཾ་སྔགས་ཀྱི་རང་སྒྲ་ཡི༔ འཁོར་འདས་ཁམས་ཀུན་དབང་མེད་གཡོ༔ བདེ་བ་མེར་མེར་འོད་དུ་ཞུ༔ སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ གཉིས་པ་སྒྲུབ་པ་ནི། བདེ་བའི་ལྕགས་ཀྱུས་རབ་འབྱམས་ཀྱི༔ སྣང་སྲིད་མ་མོའི་སྲོག་ནས་དྲངས༔ འཇིག་རྟེན་ལས་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ། གསུམ་པ་ལས་སྦྱོར་ནི། ཁྱད་པར་ལས་ཀྱི་མ་མོ་གཅུན་པའི་མན་ངག་གི་བཟླས་པ་ནི། རླུང་ནང་དུ་འཇུག་པ་ཨོཾ་ཞེས་དྲངས། གནས་པའི་ཚེ་ཨཱཿ ཞེས་པ་ལ་སེམས་ཡུན་རིང་དུ་བཟུང༌། ཕྱི་ལ་ཧཱུྃ་ཞེས་འཕང༌། དེ་རྣམས་ཀྱང་ཁ་དོག་དཀར་དམར་མཐིང་གསུམ་དང་སོ་སོའི་སྒྲ་གདངས་ལ་སེམས་གཏད། འབྱོངས་ནས་འབྱུང་གནས་གསལ་བའི་ཉམས་ཤར་ན་བུམ་ཅན་རླུང་དང་སྦྱར་བར་གསུངས་པ་ཁྲིད་ཡིག་ཏུ་གསལ་བ་ལྟར་ཉམས་སུ་ལེན་དགོས་སོ། །ངག་བཟླས་ཀྱི་གྲངས་ཚད་ནི་བསྙེན་པ་འབུམ་ཕྲག་བཅོ་ལྔ་ལ་སྒྲུབ་སྔགས་འབུམ་ཕྲག་བཞི་བཟླ་བར་གསུངས་པའོ། །ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་ལ་སྟོང་ཚིག་མཆོད་བསྟོད་སྤྱི་ལྟར་འབུལ། གསུམ་པ་གཟུགས་མེད་སེམས་ཀྱི་ཞེན་པ་སྦྱངས་ཕྱིར་ལྷར་སྣང་བསྡུ་ལྡང་ནི། ཨ་ཨ་ཨཿ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ྄་ཕཊ྄ཕཊ྄༔ གསུམ་པ་རྗེས་བསྔོ་སྨོན་ཤིས་བརྗོད་ནི། ཧོཿ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མངོན་རྫོགས་རྒྱལ༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་གདོད་མའི་མགོན༔ རིག་པ་རང་སྣང་དཔལ་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་དེང་སང་རྩོད་པའི་དུས་འདིར་སྔ་འགྱུར་བཀའ་གཏེར་གྱི་ཕྱོགས་ལ་ཉག་ཕྲ་བའི་མ་མོའི་མངོན་རྫོགས་ཀྱི་སྒྲུབ་སྡེ་ཟབ་ལ་ཁྱེར་བདེ་འདི་ལྟ་བུ་རང་གཞན་བསྟན་འགྲོའི་བཙས་སུ་ཉམས་སུ་བླང་ན་དགོས་པ་དང་ཕན་ཡོན་ཤིན་ཏུ་ཆེ་ཞེས་ཁྱབ་བདག་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་བསྩལ་རྗེས་སུ་དྲན་པས་རང་ཉིད་ཀྱི་ཁ་ཏོན་དུ་པདྨ་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་ལྷོ་འབྲུག་ལ་ལཀྵྨི་དྭཱི་པར་བསྙེན་མཚམས་ལ་གནས་སྐབས་བྲིས་པའི་ཡི་གེ་པ་ནི་རང་སློབ་བློ་གསལ་སྤྲུལ་སྐུ་ཨཱ་ནནྟས་མཛད་པ་བསྟན་འགྲོའི་དཔལ་ཡོན་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།།
[edit]

@#/__srid pa ma mo'i gnad tig las/__/rgyun gyi rnal 'byor snying po bzhugs/__na mo gu ru ma ma ma he ru ka ye/__slob dpon chen po d+ha na saM skr-i ta'i dgongs pa la/__gu ru nyi ma 'od zer gyis snyan brgyud du bstsal ba'i srid pa ma mo'i gnad tig las bskyed rim rgyun gyi rnal 'byor nyams su blang ba'i tshul la gsum/__sngon 'gro/__dngos gzhi/__rjes so/__/dang po la thog mar skyabs 'gro ni/__spro na brgyud 'debs sngon du 'gro bas/__bla ma dpal chen mngon rdzogs rgyal po'i dkyil 'khor mkha' khyab tu sad pa'i spyan sngar bdag gzhan 'gro kun sgo gsum 'jug pa gcig pas skyabs su 'gro bar mos la/__aH__skye ba med pa'i dbyings nyid las:__'gag med snang ba'i phyag rgyar bzhengs:__mngon rdzogs rgyal po he ru kar:__rang ngo shes pas skyabs su mchi:__lan gsum/__gnyis pa sems bskyed pa ni/__smon 'jug gi don yid la dran bzhin pas/__hU~M:__de bzhin nyid dbyings ma rtogs pa'i:__'gro la snying rje chen po'i blos:__rim gnyis zab mo'i rnal 'byor gyis:__khams gsum sgrol bar sems mchog bskyed:__lan gsum/__gsum pa tshogs bsags pa ni/__hoH__rdo rje slob dpon sangs rgyas dpal:__sogs lan gsum/__dzaHhU~M baM hoH__tshogs zhing rnams rang la thim par gyur:__gnyis pa la gsum las/__dang po lus rags pa 'dod khams rtsa yi zhen pa sbyang phyir/__spyir mchog tu mi 'gyur ba'i bde stong gnyis med kyi ye shes kyi ma mo mkha' klong dbyings gsum 'dus pa'i thig le ste de'i gdangs shin tu phra ba dang*/__rags pa/__spyi mthun du kun gzhi lus ngag yid dang srog bcas pa'i khams gsum du snang ba las/__'dod khams rtsa yi sgrib pa sbyangs phyir sku dbyibs kyi rnal 'byor bsgom pa ste/__aH__stong pa de bzhin nyid dbyings la:__gsal ba kun snang btsun mo'i 'phrul:__zung 'jug shin tu phra ba yi:__rtsa rlung thig le dwangs ma hU~M:__nam mkha'i dkyil du nyi ltar shar:__de las rig pa'i rtsal 'phros pas:__me chu rlung gi bskal pa stong :__cir yang mi dmigs stong nyid kyi:__rol pa mkha' rlung me chu sa:__yum lnga'i b+ha ga gsang ba dbus:__ze'u 'bru lhun po brjid chags steng :__byang chub sems kyi gzhal med khang :__dur khrod 'jigs pa'i bkod pa rdzogs:__dbus su pad nyi dregs pa'i steng :__snying po'i srog las lha sku bzhengs:__bdag nyid mngon rdzogs he ru ka:__mthing nag nam mkha' dwangs pa'i mdog:__'od zer kha dog cir yang 'gyur:__rdo rje'i bya khyung zhing dbyug thogs:__nyid zhi bde mchog mu kha le:__kha T+wAM thod khrag bsnams pas 'khril:__dregs pa ru dra'i dpung bcom pa'i:__longs spyod chen po'i rgyan gyis brjid:__zhabs bzhi dor stabs bde nyams kyis:__me phung 'khrugs pa'i klong na gsal:__dag pa'i rtsa rlung thig le khams:__bsam mi khyab pa'i cho 'phrul las:__rtag pa'i rgyal mo rigs lnga dang :__rje mo dman mo sgo skyong sogs:__snang srid ma mo'i dkyil 'khor pa:__bde drod gzi byin 'bar bar bzhugs:__sa ma ya hoH__sa ma ya s+t+waM:__a nu rA ga ya mi:__dzaHhU~M baM hoH__a ho a ho a hoH__rol pa chen po'i gar dang ni:__rdo rje bde chen gsang ba'i glu:__bzod med bde ba'i nyams 'gyur gyis:__sras bcas rgyal ba zhi khro dang :__dpa' bo dang ni rnal 'byor ma'i:__thugs rgyud rang dbang med par bskul:__snod bcud dwangs ma mer mer g.yos:__dregs pa'i srog rtsa gnad nas bzung :__thams cad thig le 'od lnga'i mdangs:__ye shes chen po'i srog tu bsdus:__dam tshig ye shes ro mnyam pa:__srid zhi'i spyi dpal gcig tu rdzogs:__gnyis pa dbang bskur rgyas gdab ni/__sku gsung thugs ni rdo rje gsum:__ye shes lnga yi rang dbang thob:__oM AHhU~M:__hU~M oM trAM hrIHAH__gsal brtan dag gsum gyi ting nge 'dzin bsgom zhing lus sbyang sngon du 'gro bas stong ra'i nang du rtsa 'khor lha tshogs dang bcas pa gsal zhing phra mo'i thig ler sems 'dzin pa'i tshul nus na gzhung ltar bya/__des skyo na/__gnyis pa gzugs khams ngag gi rgyud kyi zhen pa sbyang phyir/__gsung bzlas pa'i rnal 'byor la gsum las/__dang po bsnyen pa ni/__mi bskyod he ru ka dpal gyi:__thugs kar bde stong nyi zla'i sbubs:__mar me ltar 'bar hU~M yig gi:__nA da'i sprin las sngags kyi phreng :__bde ba'i srog dang ldan par 'phros:__zhal sbyor bar nas 'gal me ltar:__'khor ba'i 'od kyis thugs rgyud bskul:__bde chen ye shes nyams 'bar nas:__a haM sngags kyi rang sgra yi:__'khor 'das khams kun dbang med g.yo:__bde ba mer mer 'od du zhu:__snying dbus mi shigs thig ler thim:__ye shes gzi byin 'bar bar bsam:__oM gu h+ya dz+nyA na bo d+hi tsit+ta ma hA su kha hU~M hU~M:__gnyis pa sgrub pa ni/__bde ba'i lcags kyus rab 'byams kyi:__snang srid ma mo'i srog nas drangs:__'jig rten las dang ye shes kyi:__dngos grub ma lus thob par bsam:__oM gu h+ya dz+nyA na shrI he ru ka gu h+ya dz+nyA na kro d+hI shwa rI s+t+waM:__ma ma yo gi ni ru lu ru lu hU~M b+h+yo hU~M:__zhes bzla/__gsum pa las sbyor ni/__khyad par las kyi ma mo gcun pa'i man ngag gi bzlas pa ni/__rlung nang du 'jug pa oM zhes drangs/__gnas pa'i tshe AH__zhes pa la sems yun ring du bzung*/__phyi la hU~M zhes 'phang*/__de rnams kyang kha dog dkar dmar mthing gsum dang so so'i sgra gdangs la sems gtad/__'byongs nas 'byung gnas gsal ba'i nyams shar na bum can rlung dang sbyar bar gsungs pa khrid yig tu gsal ba ltar nyams su len dgos so/__/ngag bzlas kyi grangs tshad ni bsnyen pa 'bum phrag bco lnga la sgrub sngags 'bum phrag bzhi bzla bar gsungs pa'o/__/thun las ldang ba na dbyangs gsal rten snying yig brgya bzlas la stong tshig mchod bstod spyi ltar 'bul/__gsum pa gzugs med sems kyi zhen pa sbyangs phyir lhar snang bsdu ldang ni/__a a aH__lhar snang rig rtsal dbyings su thim:__dbyings rig 'du 'bral med pa'i ngang :__bde stong zung 'jug rtags kyi sku:__phyag rgya chen po'i rol par shar:__phaTa? phaTa?phaTa?:__gsum pa rjes bsngo smon shis brjod ni/__hoH__bsod nams ye shes tshogs gnyis kyis:__'gro rnams sgrib gnyis yongs dag nas:__kha sbyor bzhi ldan mngon rdzogs rgyal:__he ru ka dpal myur 'grub shog:__oM:__dbyings kyi ngo bo chos sku gdod ma'i mgon:__rig pa rang snang dpal chen longs spyod rdzogs:__dbyings rig zung 'jug rtsa brgyud bla ma yis:__mchog thun dge legs grub pa'i bkra shis shog:__ces deng sang rtsod pa'i dus 'dir snga 'gyur bka' gter gyi phyogs la nyag phra ba'i ma mo'i mngon rdzogs kyi sgrub sde zab la khyer bde 'di lta bu rang gzhan bstan 'gro'i btsas su nyams su blang na dgos pa dang phan yon shin tu che zhes khyab bdag bla ma pad+ma ye shes rdo rje'i bka' bstsal rjes su dran pas rang nyid kyi kha ton du pad+ma dri med gzi brjid rab tu dga' ba'i dpal bkra shis dpal 'byor du 'bod pas lho 'brug la lak+Sh+mi dwI par bsnyen mtshams la gnas skabs bris pa'i yi ge pa ni rang slob blo gsal sprul sku A nan+tas mdzad pa bstan 'gro'i dpal yon 'phel rgyas brtan pa'i rgyur gyur cig__/dge'o/__/mang+ga laM//

Footnotes

Other Information