JKCL-KABUM-03-GA-132

From Khyentse Lineage - A Tsadra Foundation Project
Revision as of 16:02, 3 December 2021 by Mort (talk | contribs)

JKCL-KABUM-03-GA-132

ཨེ་མ་ཧོཿ ཤིན་ཏུ་ཞི་བ་ཆེན་པོ་ཆོས་ཀྱི་དབྱིངས་སོགས་ཁམས་སྤྲུལ་ཞབས་བརྟན།
Wylie title e ma hoH shin tu zhi ba chen po chos kyi dbyings sogs khams sprul zhabs brtan JKCL-KABUM-03-GA-132.pdf
Location chos kyi blo gros bka' 'bum
Volume 3, Text 132, Pages 467-468 (Folios 1a1 to 1b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. e ma hoH shin tu zhi ba chen po chos kyi dbyings sogs khams sprul zhabs brtan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 467-468. Bir, H.P.: Khyentse Labrang, 2012.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་པའང་བཀའ་བརྒྱུད་འབྲུག་པའི་བསྟན་པའི་སྲོག་ཤིང་མདོ་ཁམས་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ་རིན་པོ་ཆེའི་དག་སྣང་གླིང་རྗེ་གེ་སར་གྱི་སྒྲུབ་སྐོར་ཁ་ཤས་མཇལ་བ་ན། དད་པའི་མེ་ཏོག་ཅུང་ཟད་འཐོར་ནས་ཆེད་དུ་བརྗོད་པ་མཁྱེན་བརྩེའི་སྤྲུལ་མིང་ཆོས་ཀྱི་བློ་གྲོས་པས་ཕུལ་བའོ།།

/ces pa'ang bka' brgyud 'brug pa'i bstan pa'i srog shing mdo khams brgyad pa skal bzang don brgyud nyi ma rin po che'i dag snang gling rje ge sar gyi sgrub skor kha shas mjal ba na/__dad pa'i me tog cung zad 'thor nas ched du brjod pa mkhyen brtse'i sprul ming chos kyi blo gros pas phul ba'o//

1 Texts in this Section (sde tshan or chos tshan)

[edit]
ཨེ་མ་ཧོཿ ཤིན་ཏུ་ཞི་བ་ཆེན་པོ་ཆོས་ཀྱི་དབྱིངས། །བསམ་བརྗོད་འདས་པའི་ཆོ་འཕྲུལ་ཆེན་པོ་ལ། །དབང་ཐོབ་རྒྱལ་སྲས་ཁྱབ་བདག་བདེ་ཆེན་རྒྱལ། །འགྱུར་མེད་རྡོ་རྗེའི་ངོ་བོར་འཚོ་གཞེས་གསོལ། །མུ་ཙུག་དྲུང་མའི་ཐུགས་ཀྱི་གེ་སར་རྩེར། །ཤེས་རབ་རལ་གྲི་མདའ་གཞུའི་མཚོན་འཆང་བ། །བདུད་དགྲ་འདུལ་མཛད་བདུད་ཀྱི་གཤེད་ཆེན་པོ། །དཔའ་བོ་ཆེན་པོ་གཟི་བརྗིད་བལྟ་མི་ངོམས། །འཕུར་འགྲོའི་སློབ་དཔོན་པདྨ་རྒྱལ་པོ་དང་། །འཇམ་དབྱངས་ཚངས་པ་ལྷ་ཡི་མེ་ཏོག་གི། ཕྲིན་ལས་རྡོ་རྗེའི་ཤུགས་ཀྱི་མཚོན་འཆང་བ། །སྣང་སྲིད་དགྲ་བླ་ཡོངས་ཀྱི་རྗེ་བོ་ཆེ། །གཙོ་དང་འཁོར་དུ་རྣམ་རོལ་བྱེ་བ་འབུམ། །རྗེས་ཆགས་སྒྱུ་འཕྲུལ་རོལ་མོ་ཅིར་ཡང་འཕྲོ། །ཧོར་བདུད་ལ་སོགས་མ་རུངས་མགོ་བོ་བྲེགས། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཆེན་པོ་སྒྲེངས། །འཇིག་རྟེན་འདི་ན་གྲགས་པའི་དཔལ་འོད་འཕྲོ། །མཁས་བླུན་ཀུན་གྱིས་གཏམ་གྱི་གཞིར་གྱུར་ཀྱང་། །ཕལ་ཆེར་དོན་མེད་དོན་ལོག་ཇི་སྙེད་ལས། །ཡིད་རྟོན་རུང་བ་རེས་འགའ་ཙམ་དུ་ཟད། །ད་ལྟ་རྔ་ཡབ་པདྨ་འོད་ཉིད་ནས། །པདྨས་མངགས་པའི་འགྲོ་འདུལ་སྐྱེས་བུ་ནི། །སྤྲིན་སྒྲའི་ང་རོ་ཆེས་ཆེར་གསལ་སྒྲོགས་པ། །དཔའ་བོ་ཆེན་པོ་འཆི་མེད་ལྷ་རྔའི་སྒྲ། །ཁྱེད་ཀྱིས་བསྟན་འགྲོར་འཚེ་བའི་ལྷ་མིན་གྱི། །གཡུལ་ངོ་བསྲུང་བའི་རྡོ་རྗེའི་ཡ་ལང་ཆེ། །རབ་བགོས་སིང་ཧ་མ་ཎིའི་སྒྲུབ་སྐོར་རྣམས། །ཐུགས་ལས་ཆུང་ངུའི་བཏང་སྙོམས་དབང་མ་ཤོར། །ཇི་ལྟ་ཇི་སྙེད་ཡོངས་སུ་རྫོགས་པ་ཞིག །ཐུགས་ཀློང་རིག་པའི་སྒྲོམ་ནས་ཕྱུང་དུ་གསོལ། །ཕྱུངས་ནས་སྙིགས་མའི་འགྲོ་སྐྱོབ་མཐུ་ནུས་ལྡན། །ཕྲིན་ལས་རྣོ་མྱུར་བསྐལ་པའི་མེ་ཆེན་འབར། །མ་རུངས་བདུད་དགྲའི་ཚང་ཚིང་ཀུན་བསྲེགས་ནས། མཐོང་བས་ཀུན་སྨོན་བདེ་སྐྱིད་པད་ཚལ་རྒྱས། །དྲག་པོའི་འཁོར་ལོས་ཀླ་ཀློ་དུམ་བུར་གཏུབ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །ཅེས་པའང་བཀའ་བརྒྱུད་འབྲུག་པའི་བསྟན་པའི་སྲོག་ཤིང་མདོ་ཁམས་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ་རིན་པོ་ཆེའི་དག་སྣང་གླིང་རྗེ་གེ་སར་གྱི་སྒྲུབ་སྐོར་ཁ་ཤས་མཇལ་བ་ན། དད་པའི་མེ་ཏོག་ཅུང་ཟད་འཐོར་ནས་ཆེད་དུ་བརྗོད་པ་མཁྱེན་བརྩེའི་སྤྲུལ་མིང་ཆོས་ཀྱི་བློ་གྲོས་པས་ཕུལ་བའོ།། །།

Footnotes

Other Information