JKCL-KABUM-10-THA-068

From Khyentse Lineage - A Tsadra Foundation Project
Revision as of 13:24, 22 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-10-THA-068.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "tha"., Text 68, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "THA" is not a number.

1 Texts in this Section (sde tshan or chos tshan)

"THA" is not a number.

[edit]
འཇམ་དབྱངས་དགྱེས་པ་ཟླ་བའི་འོད། བློ་གྲོས་ཀུ་མུད་གཉེན་དུ་གྱུར། ལེགས་མཛད་ཕན་བདེའི་འོད་སྟོང་འཕྲོ། གཞོན་ནུ་ཆུ་སྐྱེས་ཞབས་ལ་འདུད།། །། ༈ ཨོཾ་སྭསྟི། བཀྲ་ཤིས་ཀུན་གྱི་འབྱུང་གནས་དམ་པའི་དཔལ། །དཔལ་ལྡན་བཟང་པོའི་སྙན་གྲགས་སྒོ་གསུམ་ཁྱབ། །ཁྱབ་བདག་མགོན་པོ་འཇམ་པའི་དབྱངས་ཞེས་གྲགས། །གྲགས་པ་མཐའ་ཡས་རྒྱལ་བས་ཤིས་པ་སྩོལ། །ཚེ་དཔལ་འབྱོར་པའི་ལྗོན་བཟང་རྒྱས། །རྒྱས་མཛད་ཨཱཪྻ་ཏཱ་རེ་མ། །མ་ལུས་འགྲོ་བའི་སྐྱབས་གནས་མཆོག །མཆོག་ཏུ་བདག་ལ་འཆི་མེད་སྩོལ། །སྣག་བུམ་གསར་པའི་ཕུད་ཀྱིས་ཟླ་༤ཚེས་༢༩ལ་བྲིས།། །། ༈ རབ་དཀར་རྨོངས་མུན་སེལ་བའི་མཁྱེན་པའི་འོད། །མཁའ་དབྱིངས་ཁྱབ་པར་དཀྲིགས་པའི་འཇམ་དཔལ་དབྱངས། །ཡེ་ཤེས་རལ་གྲི་ཡེ་ཤེས་མེ་ཡིས་འཁྱུད། །སྲིད་པའི་དྲྭ་བ་དྲལ་མཛད་ཁྱོད་ལ་འདུད། །ཆོས་འཕེལ་གྱིས་བྲིས་སྨྱུགས་གསར་ཕུལ་གྱིས་བྲིས་པ་དགེའོ།། །། ༈ རང་རིག་ངོ་བོ་ཨོ་རྒྱན་རིན་པོ་ཆེར། །མི་ཕྱེད་གུས་པས་རྩེ་གཅིག་གསོལ་བ་འདེབས། །གཉིད་དང་འོད་གསལ་འདྲེས་པར་བྱིན་གྱིས་རློབས། །གནས་ལུགས་རང་ངོ་ཤེས་པར་བྱིན་གྱིས་རློབས། །ཅེས་པའང་ཆོས་འཕེལ་ནས་འབྲི་སྨྱུགས་ཕུལ་བས་བྲིས་པའོ།། །། ༈ ཨོཾ་སྭསྟི། རྡོ་རྗེ་འཆང་དབང་བློ་གསལ་རྒྱ་མཚོ་ལ། །བཀྲ་ཤིས་ལྷ་ཡི་རེག་བྱ་འདི་ཕུལ་བས། །དམ་པའི་ཆོས་ཀྱི་མཛོད་འཛིན་བློ་གྲོས་རྒྱས། །མཁྱེན་གཉིས་ཡེ་ཤེས་སྣང་བ་འབར་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

'jam dbyangs dgyes pa zla ba'i 'od/__blo gros ku mud gnyen du gyur/__legs mdzad phan bde'i 'od stong 'phro/__gzhon nu chu skyes zhabs la 'dud//___//__!__oM swasti/__bkra shis kun gyi 'byung gnas dam pa'i dpal/__/dpal ldan bzang po'i snyan grags sgo gsum khyab/__/khyab bdag mgon po 'jam pa'i dbyangs zhes grags/__/grags pa mtha' yas rgyal bas shis pa stsol/__/tshe dpal 'byor pa'i ljon bzang rgyas/__/rgyas mdzad AR+Ya tA re ma/__/ma lus 'gro ba'i skyabs gnas mchog__/mchog tu bdag la 'chi med stsol/__/snag bum gsar pa'i phud kyis zla 4tshes 29la bris//___//__!__rab dkar rmongs mun sel ba'i mkhyen pa'i 'od/__/mkha' dbyings khyab par dkrigs pa'i 'jam dpal dbyangs/__/ye shes ral gri ye shes me yis 'khyud/__/srid pa'i drwa ba dral mdzad khyod la 'dud/__/chos 'phel gyis bris smyugs gsar phul gyis bris pa dge'o//___//__!__rang rig ngo bo o rgyan rin po cher/__/mi phyed gus pas rtse gcig gsol ba 'debs/__/gnyid dang 'od gsal 'dres par byin gyis rlobs/__/gnas lugs rang ngo shes par byin gyis rlobs/__/ces pa'ang chos 'phel nas 'bri smyugs phul bas bris pa'o//___//__!__oM swasti/__rdo rje 'chang dbang blo gsal rgya mtsho la/__/bkra shis lha yi reg bya 'di phul bas/__/dam pa'i chos kyi mdzod 'dzin blo gros rgyas/__/mkhyen gnyis ye shes snang ba 'bar gyur cig__/sarba mang+ga laM//___//

Footnotes

Other Information