JKCL-KABUM-11-DA-016

From Khyentse Lineage - A Tsadra Foundation Project
Revision as of 17:11, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-11-DA-016.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 16, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

1 Texts in this Section (sde tshan or chos tshan)

105-108
ལེགས་ལྡན་སྟག་ཞོན་ནག་པོའི་མངའ་གསོལ།
legs ldan stag zhon nag po'i mnga' gsol
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]

"DA" is not a number.

[edit]
ལེགས་ལྡན་སྟག་ཞོན་ནག་པོའི་མངའ་གསོལ་བཞུགས། སྨན་རག་སྐྱེམ་ཕུད་རྒྱ་ཆེར་ཕྱར་ཤིང་འཐོར། དར་ནག་གི་བ་དན་དང་ཕྱར་དར་རྒྱལ་མཚན་སོགས་ཡོད་ན་སྒྲེངས་བ་དང་། དབྱངས་རོལ་སྣ་ཚོགས་ཀྱི་འགྱུར་བ་དང་བཅས། ཧཱུྃ༔ བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། །ལེགས་ལྡན་ནག་པོ་ཆེ་བཙན་དྲག་ཤུལ་ཆེ། །ས་གསུམ་དབང་བསྒྱུར་སྟག་ཞོན་ནག་པོ་ཆེ། །བསྟན་དགྲ་འཇོམ་མཛད་ཁྱོད་ལ་མངའ་གསོལ་ལོ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས་མཛད་པའི། །བདུད་འདུལ་མགོན་པོ་མ་ཧཱ་ཀཱ་ལ་ནི། །དཔལ་ཆེན་སྐུ་ལས་སྤྲུལ་པའི་ལྷ་ཆེན་པོ། །བསྟན་སྐྱོངས་རྒྱ་མཚོའི་གཙོ་བོར་མངའ་གསོལ་ལོ། །སྐུ་ཡི་གཟི་བརྗིད་ཉི་མ་འབུམ་དང་ལྡན། །གསུང་ཆེན་རྔམ་པའི་ང་རོ་འབྲུག་ལྟར་སྒྲོགས། །ཐུགས་ནི་རྡོ་རྗེའི་ཏིང་འཛིན་མཁའ་ལྟར་ཟབ། །གསང་བ་གསུམ་བདག་ཆེན་པོར་མངའ་གསོལ་ལོ། །བདེ་གཤེགས་ཞི་ཁྲོའི་ཡོན་ཏན་གཅིག་བསྡུས་ཤིང་། །བྲལ་དང་སྨིན་པ་རྩལ་རྫོགས་གཟུགས་ཀྱི་སྐུ། །སྟོབས་ལྡན་དཔའ་བོ་ཆེན་པོའི་ཤུགས་འཆང་བ། །ཡོན་ཏན་ལྷུན་གྱི་གྲུབ་པར་མངའ༴ །བསྐལ་པའི་མེ་བཞིན་འཇིགས་རུང་སྲིན་པོའི་གཟུགས། །སྟག་ཆེན་གྲུས་མའི་སྟེང་ན་འགྱིང་ཞིང་རོལ། །ལྷ་མིན་བདུད་དགྲའི་ཕྲུ་མ་བཅོམ་བྱེད་པ། །ཕྲིན་ལས་དབང་ཕྱུག་ཆེན་པོར༴ །ལྷ་དང་ལྷ་མིན་ཚོགས་ཀྱིས་ཕྱག་བྱས་ཤིང་། །གྲུབ་པའི་རིག་འཛིན་ཚོགས་ཀྱི་ཉེར་བསྟན་པ། །དམ་ཚིག་ལྡན་པའི་ཚོགས་ལ་སྡོང་གྲོགས་མཛད། །རྣལ་འབྱོར་སྙིང་གི་ཐིག་ལེར་མངའ༴ །གསང་གསུམ་རྒྱན་འཁོར་རྩིབས་སྟོང་འབར་བ་ཅན། །གང་དུ་ཞུགས་པ་དེ་ཡི་མོད་ལ་འཛོམ། །སྡེ་བཞིའི་དཔལ་ཡོན་མ་ལུས་ཟླུམ་མཛད་པའི། །འཁོར་ལོ་རིན་ཆེན་དམ་པར༴ །མཆོད་དང་བསྟོད་པ་བྱས་པ་དེ་ཡི་མོད། །གྲུབ་གཉིས་དཔལ་ཡོན་ལྷུག་པར་འཇོ་བ་ཅན། །ཕུན་ཚོགས་དགེ་ལེགས་ཀུན་གྱི་གཞིར་གྱུར་པ། །ནོར་བུ་རིན་ཆེན་མཆོག་ཏུ༴ །སྲིད་ཞིའི་ཡོན་ཏན་མཐའ་དག་ངང་གིས་སྡུད། །གང་སྐུ་མཐོང་བས་མི་ངོམ་ལྟ་ན་སྡུག །ཡུན་དུ་བསྟེན་ན་བཀྲ་ཤིས་རྒྱུད་འཇམ་པ། །བཙུན་མོ་རིན་ཆེན་མཆོག་ཏུ༴ །འཇིག་རྟེན་གསུམ་གྱི་ལེགས་ཉེས་ལྟོ་བར་བསྐྱིལ། །ཟབ་ཅིང་གཏིང་དཔག་དཀའ་བའི་ཐུགས་གནག་བ། །སངས་རྒྱས་སྟོང་གི་བསྟན་པའི་ཕྱི་མཐར་གཟིགས། །བློན་པོ་རིན་ཆེན་མཆོག་ཏུ༴ །སྟོབས་བཅུའི་སྒེག་ཅིང་ཕྲིན་ལས་སྣ་ཞགས་བརྐྱང་། །ཚད་མེད་བཞི་ཡི་མཆེ་བ་དང་ལྡན་ཅིང་། །ཕྱིན་དྲུག་གསེར་གྱི་དྲྭ་བས་ལེགས་གཡོགས་པ། །གླང་པོ་རིན་ཆེན་དམ་བར༴ །རྣལ་འབྱོར་བསམ་པ་ཐམས་ཅད་ཡུད་ཀྱིས་མཁྱེན། །སྐད་ཅིག་ཉིད་ལ་ཅི་འདོད་མྱུར་དུ་སྒྲུབ། །རྫུ་འཕྲུལ་རྐང་པ་བཞི་ཡི་ཤུགས་ལྡན་པ། །རྟ་མཆོག་ཅང་ཤེས་རྒྱལ་པོར༴ །གཞན་སྡེ་འཇོམ་ལ་གོ་ཆ་རབ་ཏུ་བཙན། །བིང་ཆེན་ཀླད་ལ་འཕྱར་བས་ལྷ་མིན་གྱི། །ཀླད་པ་འགེམ་ཞིང་ཀི་བསྭོ་ཆ་སྒྲ་སྒྲོགས། །དམག་དཔོན་གཡུལ་རྒྱལ་ཆེན་པོར༴ །ལེགས་ཉེས་སྟོན་པར་མཛད་པའི་སྤྱན་སྟོང་བགྲད། །གྲུབ་གཉིས་དངོས་གྲུབ་ལག་རྩེར་སྦྱིན་མཛད་ཅིང་། །རྣམ་བཞིའི་ཕྲིན་ལས་སྒྲུབ་ལ་གློག་ལྟར་མྱུར། །རྩ་གསུམ་འདུས་པའི་ངོ་བོར་མངའ་གསོལ་ལོ། །ཁྲག་མཚོར་རྒྱུག་ཅིང་ཁམས་གསུམ་སྐད་ཅིག་ཐུལ། །འདོད་ཁམས་གཙོ་མོ་དཔལ་ལྡན་ལྷ་མོ་ནག །དྲེལ་རྟ་ལ་ཞོན་མྱུར་མགྱོགས་རྫུ་འཕྲུལ་ལྡན། །མ་གཅིག་རེ་མ་ཏི་ལ་མངའ་གསོལ་ལོ། །ལེགས་ལྡན་ནག་པོའི་སྐུ་གསུང་ཐུགས་ལས་སྤྲུལ། །དགྲ་བགེགས་སྒྲོལ་མཛད་དྲེགས་པ་བདུན་དུ་བསྟན། །ཕྲིན་ལས་ཕོ་ཉ་དུར་ཁྲོད་མ་མོ་བདུན། །ཡེ་ཤེས་དབྱིངས་ཀྱི་སྤྲུལ་འཁོར་མངའ་གསོལ་ལོ། །རྣམ་འཕྲུལ་ཕོ་ཉ་མ་ངེས་སྣ་ཚོགས་པ། །མཆེ་བ་ཅན་དང་བྱ་གཅན་གདུག་པའི་ཚོགས། སྡེ་བརྒྱད་འཁོར་དང་བཅས་ལ་མངའ་གསོལ་ཞིང་། །སྤྱན་གཟིགས་མཆོད་པ་སྣ་ཚོགས་འདི་བཞེས་ལ། །བདག་ཅག་རེ་སྨོན་དུས་འདིར་འགྲུབ་པར་མཛོད། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །ནག་པོ་ཆེན་པོ་མཆོད་ཅིང་བསྟོད་བྱེད་ན། །མཐུ་རྩལ་ནུས་སྟོབས་བདག་ལ་རབ་ཞུགས་ནས། །འཁོར་འདས་གོམ་སྟབས་གཅིག་གི་དབང་བྱེད་ཤོག །ཅེས་པའང་ཀུན་དགའ་ཕྲིན་ལས་རྒྱ་མཚོས་མགོ་ཟླའི་ཚེས་བཅུ་བཞི་ལའོ། ། ༈ མ་ཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐངས། །སྐུ་གསུང་ཐུགས་ཀྱི་མནོ་བའི༴ །ནོར་བདག་ཛཾ་བྷ་ལ་ཡི༴ །བདུད་ཀྱི་མནོ་བ་ཕོ་མོའི༴ བདུད་མགོན་སྤྱི་རིང་ནག་པོའི༴ །སྲོག་བདག་འོད་ལྷ་དཀར་པོའི༴ །ལྕགས་གཞུ་ནག་པོ་རལ་ཅན༴ །བཙན་རྒོད་ཤུ་བ་སྲོག་ལེན༴ །ཀླུ་མགོན་དུག་སྦྲུལ་གདེངས་ཅན༴ །གིང་མགོན་རྡོ་རྗེ་ལེགས་པའི༴ །མ་མགོན་རྡོ་རྗེ་སྡེར་ཆེན༴ །གཡའ་མགོན་ར་ཧུ་ལ་ཡི༴ །ལས་མཁན་སྤྲུལ་པའི་རུ་འདྲེན༴ །གནོད་སྦྱིན་བརྒྱད་དང་གཤིན་རྗེ་བརྒྱད་ལ་སོགས། །འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐངས།། །།
[edit]

legs ldan stag zhon nag po'i mnga' gsol bzhugs/__sman rag skyem phud rgya cher phyar shing 'thor/__dar nag gi ba dan dang phyar dar rgyal mtshan sogs yod na sgrengs ba dang /__dbyangs rol sna tshogs kyi 'gyur ba dang bcas/__hU~M:__bde chen 'du 'bral med pa'i dkyil 'khor nas/__/legs ldan nag po che btsan drag shul che/__/sa gsum dbang bsgyur stag zhon nag po che/__/bstan dgra 'jom mdzad khyod la mnga' gsol lo/__/sangs rgyas bstan pa gnyan po srungs mdzad pa'i/__/bdud 'dul mgon po ma hA kA la ni/__/dpal chen sku las sprul pa'i lha chen po/__/bstan skyongs rgya mtsho'i gtso bor mnga' gsol lo/__/sku yi gzi brjid nyi ma 'bum dang ldan/__/gsung chen rngam pa'i nga ro 'brug ltar sgrogs/__/thugs ni rdo rje'i ting 'dzin mkha' ltar zab/__/gsang ba gsum bdag chen por mnga' gsol lo/__/bde gshegs zhi khro'i yon tan gcig bsdus shing /__/bral dang smin pa rtsal rdzogs gzugs kyi sku/__/stobs ldan dpa' bo chen po'i shugs 'chang ba/__/yon tan lhun gyi grub par mnga'=____/bskal pa'i me bzhin 'jigs rung srin po'i gzugs/__/stag chen grus ma'i steng na 'gying zhing rol/__/lha min bdud dgra'i phru ma bcom byed pa/__/phrin las dbang phyug chen por=____/lha dang lha min tshogs kyis phyag byas shing /__/grub pa'i rig 'dzin tshogs kyi nyer bstan pa/__/dam tshig ldan pa'i tshogs la sdong grogs mdzad/__/rnal 'byor snying gi thig ler mnga'=____/gsang gsum rgyan 'khor rtsibs stong 'bar ba can/__/gang du zhugs pa de yi mod la 'dzom/__/sde bzhi'i dpal yon ma lus zlum mdzad pa'i/__/'khor lo rin chen dam par=____/mchod dang bstod pa byas pa de yi mod/__/grub gnyis dpal yon lhug par 'jo ba can/__/phun tshogs dge legs kun gyi gzhir gyur pa/__/nor bu rin chen mchog tu=____/srid zhi'i yon tan mtha' dag ngang gis sdud/__/gang sku mthong bas mi ngom lta na sdug__/yun du bsten na bkra shis rgyud 'jam pa/__/btsun mo rin chen mchog tu=____/'jig rten gsum gyi legs nyes lto bar bskyil/__/zab cing gting dpag dka' ba'i thugs gnag ba/__/sangs rgyas stong gi bstan pa'i phyi mthar gzigs/__/blon po rin chen mchog tu=____/stobs bcu'i sgeg cing phrin las sna zhags brkyang /__/tshad med bzhi yi mche ba dang ldan cing /__/phyin drug gser gyi drwa bas legs g.yogs pa/__/glang po rin chen dam bar=____/rnal 'byor bsam pa thams cad yud kyis mkhyen/__/skad cig nyid la ci 'dod myur du sgrub/__/rdzu 'phrul rkang pa bzhi yi shugs ldan pa/__/rta mchog cang shes rgyal por=____/gzhan sde 'jom la go cha rab tu btsan/__/bing chen klad la 'phyar bas lha min gyi/__/klad pa 'gem zhing ki bswo cha sgra sgrogs/__/dmag dpon g.yul rgyal chen por=____/legs nyes ston par mdzad pa'i spyan stong bgrad/__/grub gnyis dngos grub lag rtser sbyin mdzad cing /__/rnam bzhi'i phrin las sgrub la glog ltar myur/__/rtsa gsum 'dus pa'i ngo bor mnga' gsol lo/__/khrag mtshor rgyug cing khams gsum skad cig thul/__/'dod khams gtso mo dpal ldan lha mo nag__/drel rta la zhon myur mgyogs rdzu 'phrul ldan/__/ma gcig re ma ti la mnga' gsol lo/__/legs ldan nag po'i sku gsung thugs las sprul/__/dgra bgegs sgrol mdzad dregs pa bdun du bstan/__/phrin las pho nya dur khrod ma mo bdun/__/ye shes dbyings kyi sprul 'khor mnga' gsol lo/__/rnam 'phrul pho nya ma nges sna tshogs pa/__/mche ba can dang bya gcan gdug pa'i tshogs/__sde brgyad 'khor dang bcas la mnga' gsol zhing /__/spyan gzigs mchod pa sna tshogs 'di bzhes la/__/bdag cag re smon dus 'dir 'grub par mdzod/__/mdor na deng nas byang chub snying po'i bar/__/nag po chen po mchod cing bstod byed na/__/mthu rtsal nus stobs bdag la rab zhugs nas/__/'khor 'das gom stabs gcig gi dbang byed shog__/ces pa'ang kun dga' phrin las rgya mtshos mgo zla'i tshes bcu bzhi la'o/_/__!_ma cig dpal ldan lha mo'i thugs dam bskangs/__/sku gsung thugs kyi mno ba'i=____/nor bdag dzaM b+ha la yi=____/bdud kyi mno ba pho mo'i=__bdud mgon spyi ring nag po'i=____/srog bdag 'od lha dkar po'i=____/lcags gzhu nag po ral can=____/btsan rgod shu ba srog len=____/klu mgon dug sbrul gdengs can=____/ging mgon rdo rje legs pa'i=____/ma mgon rdo rje sder chen=____/g.ya' mgon ra hu la yi=____/las mkhan sprul pa'i ru 'dren=____/gnod sbyin brgyad dang gshin rje brgyad la sogs/__/'khor tshogs sprul pa yang sprul thugs dam bskangs//__//

Footnotes

Other Information