JKW-KABUM-20-WA-001-030

From Khyentse Lineage - A Tsadra Foundation Project
Revision as of 09:04, 30 July 2021 by Mort (talk | contribs)

JKW-KABUM-20-WA-001-030

Wylie title JKW-KABUM-20-WA-001.pdf
Location mkhyen brtse'i bka' 'bum
Volume 20, sde tshan 1, Text 30, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. '. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 20: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
ཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམ༷ས་པ༷་ང༷ག་དབ༷ང་བ༷སྟན་འཛི༷ན་སྙན༷་གྲག༷ས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ། ཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམ༷ས་པ༷་ང༷ག་དབ༷ང་བ༷སྟན་འཛི༷ན་སྙན༷་གྲག༷ས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་པུཎྜ་རཱི་ཀའི་ཆུན་འཕྱང་ཞེས་བྱ་བ། མ༷ཉྫུ༷གྷོ༷ཥ༷ཀྲྀབྱསཱུཪྻབྷཱབཱཾ པཎྜིཏཱཀྲི༷ཧེ༷སྶུམི༷ཏྲ༷ཀཱཡེཿ ཙྪནྡཱམཡཱུརསཱརིཎིཔྲསྟཱར། པཱུརྞྞབྷཱས༷ར༷སྭ༷ཏཱི༷ཏུ༷ཥེ༷རྡྷཱི༷ རོཙིཏཱཏྟྲིལོཀདཱིཔཀེབྷིཿ འཇ༷མ་དབྱ༷ངས་སྙིང་རྗེའི་ཉི་མ་སྲིད་པ་ན། །མཁས་ཀུན་དག༷འ་བ༷འི་བཤེ༷ས་གཉེ༷ན་མཆོག་གི་སྐུར། །ཡོངས་ཤར་མཚོ༷་བྱུང༷་དགྱེ༷ས་པའི༷་བློ༷་གྲོ༷ས་ཀྱི། །སྣང་བས་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག ༡ །རིག་དང་བརྩེ་བའི་ཆུ་གཏེར་ཡིད་འོང་བ། །ལེགས་བྱས་བྱེ་བས་བསྲུབས་པའི་སྙིང་པོའི་ཕུལ། །མཚན་བཟང་ཟླ་བ་བདུད་རྩིའི་སྙེམས་འཆང་བའི། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། ༢ །ཕྱི་ནང་གཙུག་ལག་རྒྱ་མཚོར་མི་ཕྱེད་པའི། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་ཡིད་ཅན་ཀུན། །ཕན་དང་བདེ་བའི་ངལ་འཚོ་ལ་སྦྱར་བའི། །གྲགས་སྙན་སྲིད་ཞིའི་ཁམས་ཀུན་ཁྱབ་གྱུར་ཅིག ༣ །སྤྲོས་པའི་འདུ་འགོད་ཞི་བའི་ཆོས་ཉིད་ཅན། །ཤེས་དང་ཤེས་བྱ་རོ་གཅིག་ཡེ་ཤེས་ཀྱི། །གཟིགས་པས་གངས་ཀྱི་རི་བོའི་སྨན་ལྗོངས་འདིར། །ལྷག་པར་དགྱེས་པའི་ངང་ཚུལ་སྟོན་མཛད་གསོལ། ༤ །བྲལ་སྨིན་ཡོན་ཏན་རྫོགས་ལྡན་སྤྲིན་ཆེན་ལས། །ཕྲིན་ལས་རྟག་པ་དམ་པའི་ནོར་བུའི་ཆར། །གདུལ་བྱའི་བསམ་པ་ཇི་བཞིན་འབེབས་མཁས་པས། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་གྱུར་ཅིག ༥ །ཁྱད་པར་ཡོངས་རྫོགས་ཐུབ་བསྟན་རིན་པོ་ཆེ། །བཤད་དང་སྒྲུབ་པའི་དཔལ་གྱིས་མཛེས་སྟེར་བའི། །བྱེད་པོ་ཁྱོད་ལས་གཞན་དུ་མ་དམིགས་ཕྱིར། །འཆད་རྩོད་རྩོམ་པའི་རྒྱལ་རྔ་སྲིད་རྩེར་བརྡུངས། ༦ །མདོར་ན་འཆི་མེད་གྲུབ་པའི་དགེ་མཚན་དང་། །ལྷན་ཅིག་བྱང་ཆུབ་སྤྱོད་པའི་མཐར་སོན་པས། ། རྩོད་དུས་ཀུན་མཁྱེན་གཉིས་པའི་ངོ་མཚར་གྱི། །བཀྲ་ཤིས་སྣང་བ་རྟག་ཏུ་འབར་གྱུར་ཅིག ༧ །ཅེས་ཡོངས་རྫོགས་བསྟན་པའི་ཉི་མ་མཆོག་སྤྲུལ་རིན་པོ་ཆེ་ཤེས་བྱ་ཀུན་གཟིགས་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཡན་ལག་དང་བཅས་པའི་གསན་བཞེས་གྲུབ་པར་འཇ༷མ་དབྱ༷ངས་དག༷འ་བ༷འི་བཤེ༷ས་གཉེ༷ན་མཚོ༷་བྱུང༷་དགྱེ༷ས་པ༷འི་བློ༷་གྲོས༷་ཞེས་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་འདིའང་། ཟེ་ཆེན་མ་ཧཱ་པཎྜི་ཏ་འཇམ་དབྱངས་དགྱེས་པའི་བློ་གྲོས་དང་། ངེས་པར་ཐམས་ཅད་མཁྱེན་དངོས་གུ་ཎ་སཱ་ག་རའི་བཀའ་དྲིན་ལས་རིག་ལམ་འདིའི་མིང་རྐྱང་ཙམ་ཐོས་པ་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོའམ། གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་ད་རི་དྲཱས་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༈
[edit]

shrI na len+d+ra'i mchog sprul rin po che byamaXs paX ngaXg dbaXng baXstan 'dziXn snyanaX gragaXs dpal bzang por brda sprod kun bshad kyi mtshan 'bul zhabs brtan dang 'brel ba/ shrI na len+d+ra'i mchog sprul rin po che byamaXs paX ngaXg dbaXng baXstan 'dziXn snyanaX gragaXs dpal bzang por brda sprod kun bshad kyi mtshan 'bul zhabs brtan dang 'brel ba puN+Da rI ka'i chun 'phyang zhes bya ba/___maXny+dzuXg+hoXShaXkr-ibyasUR+Yab+hAbAM__paN+DitAkriXheXs+sumiXtraXkAyeH__ts+tshan+dAmayUrasAriNiprastAr/___pUr+N+Nab+hAsaXraXswaXtIXtuXSheXr+d+hIX__rotsitAt+t+rilokadIpakeb+hiH__'jaXm dbyaXngs snying rje'i nyi ma srid pa na/___/mkhas kun dgaX' baX'i bsheXs gnyeXn mchog gi skur/___/yongs shar mtshoX byungaX dgyeXs pa'iX bloX groXs kyi/___/snang bas 'jig rten gsum na mdzes gyur cig__1_/rig dang brtse ba'i chu gter yid 'ong ba/___/legs byas bye bas bsrubs pa'i snying po'i phul/___/mtshan bzang zla ba bdud rtsi'i snyems 'chang ba'i/___/zhabs pad rdo rje'i khams su 'tsho gzhes gsol/___2__/phyi nang gtsug lag rgya mtshor mi phyed pa'i/___/yan lag drug cu'i dbyangs kyis yid can kun/___/phan dang bde ba'i ngal 'tsho la sbyar ba'i/___/grags snyan srid zhi'i khams kun khyab gyur cig__3__/spros pa'i 'du 'god zhi ba'i chos nyid can/___/shes dang shes bya ro gcig ye shes kyi/___/gzigs pas gangs kyi ri bo'i sman ljongs 'dir/___/lhag par dgyes pa'i ngang tshul ston mdzad gsol/___4__/bral smin yon tan rdzogs ldan sprin chen las/___/phrin las rtag pa dam pa'i nor bu'i char/___/gdul bya'i bsam pa ji bzhin 'bebs mkhas pas/___/don gnyis dga' ston mchog tu rgyas gyur cig__5__/khyad par yongs rdzogs thub bstan rin po che/___/bshad dang sgrub pa'i dpal gyis mdzes ster ba'i/___/byed po khyod las gzhan du ma dmigs phyir/___/'chad rtsod rtsom pa'i rgyal rnga srid rtser brdungs/___6_/mdor na 'chi med grub pa'i dge mtshan dang /___/lhan cig byang chub spyod pa'i mthar son pas/__/_rtsod dus kun mkhyen gnyis pa'i ngo mtshar gyi/___/bkra shis snang ba rtag tu 'bar gyur cig__7_/ces yongs rdzogs bstan pa'i nyi ma mchog sprul rin po che shes bya kun gzigs byams pa ngag dbang bstan 'dzin snyan grags dpal bzang po'i zhal snga nas kyis brda sprod pa'i bstan bcos yan lag dang bcas pa'i gsan bzhes grub par 'jaXm dbyaXngs dgaX' baX'i bsheXs gnyeXn mtshoX byungaX dgyeXs paX'i bloX grosaX zhes mtshan 'bul zhabs brtan dang 'brel ba 'di'ang /___ze chen ma hA paN+Di ta 'jam dbyangs dgyes pa'i blo gros dang /___nges par thams cad mkhyen dngos gu Na sA ga ra'i bka' drin las rig lam 'di'i ming rkyang tsam thos pa tshangs sras dgyes pa'i blo ldan gdong drug dga' ba'i lang tsho'am/___gtsug lag smra ba'i nyi ma zhes kyang bgyi ba'i rgyal khams kyi da ri drAs o rgyan smin grol gling nges pa don gyi dga' ba'i tshal chen por gsol ba btab pa sid+d+hi rastu//___//__!_

Footnotes

Other Information