JKW-KABAB-Volume-09-TA-Karchag

From Khyentse Lineage - A Tsadra Foundation Project
Revision as of 15:12, 4 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Karchags |collectiontitle=mkhyen brtse'i bka' babs |collectiontitletib=མཁྱེན་བརྩེའི...")
(diff) ← Older revision | Latest revision (diff) | Newer revision → (diff)


JKW-KABAB-Volume-09-TA-Karchag.pdf


ཏ༽ པ་ལ། ལྷ་བཙུན་སྔོན་མོའམ་ལྷ་དབང་རྒྱ་མཚོ་བློ་གྲོས་ཀྱི་ཡང་གཏེར། ཞི་བྱེད་བདུན་གྱི་མན་ངག་བདུད་རྩིའི་བུམ་པ། ཞི་བྱེད་ལྷ་མོ་བདུན་གྱི་བརྒྱུད་འདེབས། ཞི་བྱེད་ལྷ་མོ་སངས་རྒྱས་སྤྱན་མའི་ཕྲིན་ལས་འབྱུང་འཁྲུགས་ནད་ཀུན་སེལ་བའི་སྨན་མཆོག །ཞི་བྱེད་ལྷ་མོ་རི་ཁྲོད་མའི་ཕྲིན་ལས་གཉན་རིམས་ཀུན་འཇོམས། ཞི་བྱེད་ལྷ་མོ་འོད་ཟེར་ཅན་མའི་ཕྲིན་ལས་གདོན་བགེགས་ཆོམ་རྐུན་གྱི་གཤེད་མ། ཞི་བྱེད་ལྷ་མོ་གདུགས་དཀར་མོའི་ཕྲིན་ལས་བྱད་ཕུར་གཞོམ་པའི་མེ་ལྕེ། ཞི་བྱེད་ལྷ་མོ་ཤེར་ཕྱིན་དཀར་མོའི་ཕྲིན་ལས་སྡུག་བསྔལ་མུན་པ་སེལ་བའི་འོད་ཟེར། ཞི་བྱེད་ལྷ་མོ་སྒྲོལ་མ་དཀར་མོའི་ཕྲིན་ལས་འཇིགས་བརྒྱད་སྒྲོལ་བའི་གྲུ་ཆེན། ཞི་བྱེད་ལྷ་མོ་རྨ་བྱ་ཆེན་མོའི་ཕྲིན་ལས་དུས་མིན་འཆི་བ་འཇོམས་པའི་བདུད་རྩི། ཞི་བྱེད་ལྷ་མོ་བདུན་གྱི་དབང་བསྐུར་བའི་ཆོ་གའི་གསལ་བྱེད་ཡིད་འོང་ཟླ་བའི་བདུད་རྩི་ནག་འགྲོས་སུ་བཀོད་པ། ཞི་བྱེད་སྐོར་བདུན་ཀྱི་ལས་ཚོགས་སྦྱིན་སྲེག །བྱབས་ཁྲུས། བྱད་དཀྲོལ། འཆི་བསླུ་རྣམས་གསལ་བར་བཀོད་པ་མུ་ཏིག་ཆུན་པོ། བལ་པོ་ཨ་ཧཱུྃ་འབར་གྱི་ཡང་གཏེར། གླང་ཆེན་བཅས་ཆོག་རབ་ཏུ་ཟབ་པ། ཡཀྵ་ཛམ་བྷ་ལའི་སྒྲུབ་ཐབས་ཀྱི་མན་ངག་རིན་ཆེན་གཏེར་སྤུངས། གནོད་སྦྱིན་ཛམ་བྷ་ལ་ནག་པོའི་སྲོག་གི་འཁོར་ལོ་རེག་པས་ནོར་སྡུད་པ་བཅས་ཆོག་ཡིད་བཞིན་ནོར་བུའི་མན་ངག །རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ནག་པོའི་བརྒྱུད་པའི་གསོལ་འདེབས་དབྱིག་གི་ང་རོ། རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ཆེན་པོའི་སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུ་འདོད་དགུ་རིན་ཆེན་ཆར་འབེབས། ཡཀྵ་ཛཾ་བྷ་ལའི་གཏེར་སྲུང་མཆོད་པའི་རིམ་པ། རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ཆེན་པོའི་སྲོག་དབང་བསྐུར་བའི་ཆོ་ག་རིན་ཆེན་ཆུ་འཛིན། མངའ་བདག་མོལ་མི་འཁྱིལ་གྱི་ཡང་གཏེར། དཔལ་རྟ་མགྲིན་དཔའ་བོ་གཅིག་པའི་མན་ངག་གནམ་ལྕགས་མེའི་འཁོར་ལོ། རྟ་མགྲིན་དཔའ་བོ་གཅིག་པ་གནམ་ལྕགས་མེའི་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གདོན་བགེགས་ཀུན་འཇོམས། གཏེར་སྟོན་གཡག་ཕྱར་སྔོན་མོ་དང་རོང་པ་བདུད་འདུལ་གླིང་པའི་ཡང་གཏེར། ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་བའི་ཐུགས་བཅུད་འཕགས་མ་སྒྲོལ་མའི་མན་ངག་འཇིགས་པ་ཀུན་སྐྱོབ། ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཀུན་དགའི་ཟླ་ཟེར། སྒྲོལ་མ་འཇིགས་པ་ཀུན་སྐྱོབས་དང་འབྲེལ་བའི་མཆོད་སྦྱིན་མདོས་ཀྱི་ཆོ་ག་ཉེས་པ་ཀུན་སྐྱོབ། སྟོན་པ་ཤཱཀྱ་འོད་ཀྱི་ཡང་གཏེར། དཔལ་གསང་བའི་བདག་པོ་རྡོ་རྗེ་མེ་འབར་གྱི་རྣལ་འབྱོར་གསུམ་དྲིལ་སྙིང་པོ། ཡང་གཏེར་གསང་བདག་རྡོ་རྗེ་མེ་འབར་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཆེན། དཔལ་གསང་བའི་བདག་པོ་རྡོ་རྗེའི་མེ་འབར་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་རྡོ་རྗེའི་ཞུན་ཐིགས། ལོང་པོ་བསམ་གཏན་གླིང་པའི་ཡང་གཏེར། སྒྲུབ་ཆེན་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་བརྒྱུད་འདེབས་བདེ་ཆེན་གྲུབ་སྟེར། བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལས། ཕྲིན་ལས་ལམ་ཁྱེར་བསྡུས་པ་བདེ་ཆེན་སྙིང་པོ། སྒྲུབ་ཆེན་བཀའ་བརྒྱད་དྲེགས་པ་ཀུན་འདུལ་ཀྱི་མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོས་པ་བདེ་ཆེན་ཆར་འབེབས། བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལས། དོན་གྱི་སྨིན་བྱེད་སྙིང་པོ་ཁྲིགས་སུ་བསྡེབས་པ་བདེ་ཆེན་མཆོག་སྟེར།