JKW-KABUM-01-KA-002-030

From Khyentse Lineage - A Tsadra Foundation Project
Revision as of 14:03, 12 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 2, sde tshan 30, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
བཀའ་གདམས་ལྷ་བཞི་ལ་འགལ་བ་ཅན་གྱི་སྦྱར་བའི་ཚིག་རྒྱན་གྱི་སྒོ་ནས་བསྔགས་པ་པུཎྜ་རཱི་ཀའི་ཆུན་པོ། བཀའ་གདམས་ལྷ་བཞི་ལ་བཀའ་བ་ཅན་གྱི་སྦྱར་བའི་ཚིག་རྒྱན་གྱི་སྒོ་ནས་བསྔགས་པ་པུཎྜཱ་རཱི་ཀའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་ཛ་ཡ་ཤཱ་ཀྱ་སིཾ་ཧཱ་ཡ། སངས་རྒྱས་དང་དབང་ཕྱུག་སྦྱར། ཀུན་མཁྱེན་ཁྱོད་ཀྱིས་འདོད་ཆགས་ཀྱི། །བདུད་ཆེམ་པ་མཐའ་དག་རིང་བཅོམ་ན། །སྲིད་ན་རྗེས་སུ་འགྲོ་ལ་སྙིང་རྗེ་དང་ཨུ་མ་ལ་སྲེད་པ་ཆགས་པའི་མཐུ། །ཕུལ་དུ་བྱུང་བར་སྒྲོགས་འདི་ཅི། །དཔལ་རྒྱལ་བ་ཤཱཀྱ་སེང་གེ་ལ་བསྔགས་པའོ། ༡ །ན་མོ་྅ཪྻཱ་པ་ཎཽ་པདྨཱ་ཡ། སྤྱན་རས་གཟིགས་དང་ལྷ་སྤྱི་མིག་མི་འཛུམ་པའི་དཔལ་འབྱོར་ལ། །ཀུན་གྱིས་བསྟོད་བསྔགས་ཡི་གེས་མཆོད། །འོན་ཀྱང་བཅུད་མེད་ལྷ་མིན་ཡིད་ཅན་ཏེ་ལོག་ལྟ་ཅན་དང་ལྷ་མིན་གྱི་འགྲོ་བ་སྤྱི། ཡིད་ཅན་རྣམས། །བཟོད་དཀའི་ཕྲག་དོག་སྙིང་ལ་འཆང་། །འཕགས་མཆོག་ཕྱག་ན་པདྨོ་ལ་བསྔགས་པའོ། ༢ །ན་མོ་བྷཊྚཱ་ར་ཀཱ་ཏཱ་ར་ཡེ། དཔལ་ལྡན་རལ་པ་སྤྱན་རས་གཟིགས་དབང་ཕྱུག་གཉིས་ཀར་འཇུག འཛིན་གྱི་ཡུམ། །རྒྱལ་བ་སྒྲོལ་མ་དང་ཨུ་མ། ཁྱོད་ཞལ་མཐོང་ཙམ་གྱིས། །ལྷར་བཅས་ཀུན་ཏུ་དགའ་བ་དང་། །ཡིད་སྲུབས་ཅན་རྣམས་གདུང་བར་གྱུར། །རྗེ་བཙུན་སྒྲོལ་མ་ལ་བསྔགས་པའོ། ༣ །ན་མོ་྅ཪྻ་ཙ་ལཱ་ཡ། མི་མི་གཡོ་བ་དང་ནམ་མཁའ། གཡོའི་རང་བཞིན་དངོས་ཀུན་ལ། །རྟག་ཏུ་ཁྱབ་པར་རབ་འཇུག་ཀྱང་། །རྡུལ་དང་མཚན་མའི་དངོས་པོ་ལས། །རིང་དུ་དབེན་པའི་ངོ་མཚར་མཐོང་། །འཕགས་པ་མི་གཡོ་བ་ལ་བསྔགས་པའོ། ༤ །དེ་ལྟར་ཅུང་ཟད་བསྟོད་པ་ཡི། །ལེགས་བྱས་འདི་མཐུས་སྐྱེ་བ་ཀུན། །ཐུབ་མཆོག་རྣམས་ཀྱི་ཡོན་ཏན་ལ། །རྟག་ཏུ་བསྔགས་པ་སྒྲོགས་གྱུར་ཅིག །ཅེས་པའང་ཤཱཀྱའི་དགེ་སློང་རིག་པ་སྨྲ་བ་མཉྫུ་གྷོ་ཥའི་བློ་མཚོ་ལས་བྱུང་བའི་ཚིག་གི་མེ་ཏོག་ཕྲ་མོ་སྟེ། རྒྱལ་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོ་ལའོ།། །། ༈
[edit]

bka' gdams lha bzhi la 'gal ba can gyi sbyar ba'i tshig rgyan gyi sgo nas bsngags pa puN+Da rI ka'i chun po/ bka' gdams lha bzhi la bka' ba can gyi sbyar ba'i tshig rgyan gyi sgo nas bsngags pa puN+DA rI ka'i chun po zhes bya ba bzhugs so/__/na maHshrI dza ya shA kya siM hA ya/__sangs rgyas dang dbang phyug sbyar/__kun mkhyen khyod kyis 'dod chags kyi/__/bdud chem pa mtha' dag ring bcom na/__/srid na rjes su 'gro la snying rje dang u ma la sred pa chags pa'i mthu/__/phul du byung bar sgrogs 'di ci/__/dpal rgyal ba shAkya seng ge la bsngags pa'o/__1__/na mo \u0f85R+YA pa Nau pad+mA ya/__spyan ras gzigs dang lha spyi mig mi 'dzum pa'i dpal 'byor la/__/kun gyis bstod bsngags yi ges mchod/__/'on kyang bcud med lha min yid can te log lta can dang lha min gyi 'gro ba spyi/__yid can rnams/__/bzod dka'i phrag dog snying la 'chang /__/'phags mchog phyag na pad+mo la bsngags pa'o/__2__/na mo b+haT+TA ra kA tA ra ye/__dpal ldan ral pa spyan ras gzigs dbang phyug gnyis kar 'jug__'dzin gyi yum/__/rgyal ba sgrol ma dang u ma/__khyod zhal mthong tsam gyis/__/lhar bcas kun tu dga' ba dang /__/yid srubs can rnams gdung bar gyur/__/rje btsun sgrol ma la bsngags pa'o/__3__/na mo \u0f85R+Ya tsa lA ya/__mi mi g.yo ba dang nam mkha'/__g.yo'i rang bzhin dngos kun la/__/rtag tu khyab par rab 'jug kyang /__/rdul dang mtshan ma'i dngos po las/__/ring du dben pa'i ngo mtshar mthong /__/'phags pa mi g.yo ba la bsngags pa'o/__4__/de ltar cung zad bstod pa yi/__/legs byas 'di mthus skye ba kun/__/thub mchog rnams kyi yon tan la/__/rtag tu bsngags pa sgrogs gyur cig__/ces pa'ang shAkya'i dge slong rig pa smra ba many+dzu g+ho Sha'i blo mtsho las byung ba'i tshig gi me tog phra mo ste/__rgyal zla'i dmar phyogs kyi dga' ba dang po la'o//___//__!_

Footnotes

Other Information