DKYD-DZINDROL-049

From Khyentse Lineage - A Tsadra Foundation Project
Revision as of 09:41, 14 June 2024 by Mort (talk | contribs)
Wylie title DKYD-DZINDROL-049.pdf
Location mdo mkhyen brtse 'dzin grol
Volume 1, Text 49, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): . Delhi: Shechen Publications, 2020.
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
[edit]
དམ་པའི་གསང་ཆོས་བཅུ་གསུམ་ལསཿ མེ་མཆོད་དངོས་གྲུབ་ཀུན་འབྱུང་བཞུགསཿ ྈྈྈྈཿ ཌཱཀྐི་མ་ལ་གུས་པས་འདུདཿ མེ་ནང་མཁའ་འགྲོ་མཆོད་པའི་ཐབསཿ ཐབ་དཀྱིལ་བཾ་དང་འཇའ་ཚོན་རིསཿ ལྕི་བ་སྲོག་ཆགས་མེད་པ་འམཿ དུག་ཤིང་མ་གཏོགས་ཤིང་གང་རུངཿ གནས་དང་མཐུན་པར་རྩིག་པ་འམཿ སྤྲོས་མེད་ཐབ་དང་སོལ་མེའང་རུངཿ འབྲུ་སྣ་ཟས་སྣ་མེ་ཏོག་སོགསཿ ཅི་འབྱོར་བ་ཡི་རྫས་རྣམས་བསགསཿ འོ་མ་འམ་ནི་ཆང་གིས་སྦགསཿ སྤྲོས་མེད་རྫས་གཅིག་དག་གིས་རུངཿ འོ་མ་ཅན་གྱི་ཡམ་ཤིང་ནིཿ རང་གི་ལག་གཡོན་སོར་ལྔའི་ཚདཿ འབྲུ་མར་རྩི་མར་གང་རུང་བཅསཿ འདུ་བྱས་བདག་བསྐྱེད་བཟླས་པའི་མཐརཿ ཨོཾ་ཀརྨ་ཌཱཀྐི་ནཱི་ཧཱུྃ་ཕཊཿ ཨོཾ་སྭཱ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་ཤུདྡྷོ྅་ཧཾཿ ཆོས་རྣམས་སྟོང་པའི་ངང་ཉིད་ལསཿ ཨཱཿལས་བྷནྡྷའི་སྣོད་ཡངས་པརཿ བསྲེག་རྫས་བདུད་རྩིའི་རང་བཞིན་ལཿ རང་རང་ལས་སྒྲུབ་ནུས་ལྡན་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མེ་སྦར་ཞིངཿ རཾཿ གོས་དཀར་པདྨ་མཁའ་འགྲོ་མཿ དམ་ཚིག་ལས་མའི་བརྟུལ་ཞུགས་དངཿ འགྲོགས་པའི་ཡེ་ཤེས་ལྔ་ལྡན་མེཿ འཇའ་འོད་འཁྱིལ་བའི་མཁའ་ཀློང་དུཿ ཡེ་ཤེས་དབྱིངས་ཀྱི་མ་ཅིག་མཿ བདེ་བ་བཟང་མོ་དཀར་དམར་མདངསཿ མཁའ་འགྲོའི་ཆས་རྫོགས་གྲི་གུག་དངཿ བྷནྡྷ་བདུད་རྩིས་བཀང་བ་བསྣམསཿ ཞབས་གཉིས་དཔའ་མོའི་རོལ་སྟབས་བཞུགསཿ སྤྱི་བོར་དམ་པ་རྒྱ་གར་ནིཿ བརྟུལ་ཞུགས་ཧེ་རུ་ཀཿཔའི་ཆསཿ སྣང་ལ་རང་བཞིན་མེད་པར་གསལཿ གནས་གསུམ་འོད་ཀྱི་འཕྲོ་འདུ་ལསཿ ཡེ་ཤེས་ལྷ་ཚོགས་ས་མཱ་ཛཿ དམ་ཚིག་པ་དང་དབྱེར་མེད་འདྲེསཿ སྤྲུལ་པའི་ལྷ་མོས་བརྡ་ཕྱག་འཚལཿ བདག་ལ་བརྩེ་བས་དགོངས་སུ་གསོལཿ ཡབ་ཡུམ་ལྗགས་ལས་འོད་ཟེར་གྱིསཿ སྦུ་གུས་སྲེག་རྫས་བདུད་རྩིའི་རྒྱུནཿ དྲངས་ཤིང་གསོལ་བས་མཉེས་པར་གྱུརཿ ཨོཾ་ཏཱ་རེ་སུ་ཥ་བྷ་དྲ་སིདྡྷི་ཧཱུྃཿ ལན་བདུན་བྱོན་སྐྱེམས་ཕུལ་པའི་མཐརཿ རྩ་བའི་སྔགས་ཀྱིས་ཡམ་ཤིང་སོགསཿ རྫས་རྣམས་གང་འདོད་ཕུལ་བར་བྱཿ མཚམས་སུ་འདོད་དོན་གསོལ་གདབ་པཿ བླ་མ་མཁའ་འགྲོ་དབྱེར་མེད་པའིཿ ཐུགས་ཀྱི་དགྱེས་པ་ཡོངས་བསྐངས་ནསཿ བུ་ལ་མཆོག་གི་དངོས་གྲུབ་བཅུདཿ ཐུན་མོང་ལས་བཞི་ལྷུན་གྲུབ་སྩོལཿ བྱེ་བྲག་སོ་སོའི་ཁ་སྒྱུར་ནིཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ པུཥྚིཾ་ཀུ་རུ་ཧོཿ ཝཱ་ཤཾ་ཀུ་རུ་ཡེཿ མཱ་ར་ཡ་ཕཊཿ ཏིང་འཛིན་དམིགས་པའི་འཕྲུལ་འཁོར་གྱིསཿ ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ ཐ་མར་གཤེགས་སྐྱེམས་རྩ་སྔགས་ཤམཿ ཏམྦོ་ལ་ཡེ་སྭཱ་ཧཱཿ ཉེར་གཅིག་དག་གིས་ཇ་ཕུད་འབུལཿ ཧོཿ བསྐྱེད་རྫོགས་གདེང་དང་མི་ལྡན་ཞིངཿ རྫས་དང་ཡོ་བྱད་གཙང་སྦྲ་ཉམསཿ ཐེ་ཚོམ་ལོག་པར་ལྟ་བ་སོགསཿ མཐོལ་ལོ་བཤགས་སོ་དག་ཚངས་སྩོལཿ ཡི་གེ་བརྒྱ་པ་ལན་གསུམ་བརྗོདཿ མཇུག་བསྡུ་བ་ནིཿ མདུན་བསྐྱེད་རྟེན་དང་བརྟེན་པར་བཅསཿ འོད་དུ་ཞུ་ནས་རང་ལ་ཐིམཿ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཅིངཿ གཟི་བརྗིད་འོད་ཟེར་འབར་བར་གྱུརཿ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུཿ སྦྱིན་སྲེག་མཆོད་པ་ཕུལ་པ་ཡིསཿ ཚོགས་རྫོགས་སྒྲིབ་པ་ཡོངས་དག་ཅིངཿ ཡེ་ཤེས་བླ་མའི་ས་འཐོབ་ཤོགཿ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོརཿ མེ་མཆོད་དངོས་གྲུབ་ཀུན་འབྱུང་འདིཿ མདའ་ལ་འགྲོན་བུས་བརྒྱན་པ་བཞིནཿ ཤིན་ཏུ་རྣོ་མྱུར་ཡོན་ཏན་ལྡནཿ ད་ལྟ་རིགས་ཀྱི་བུ་ཉིད་དངཿ མ་འོངས་སྤྲུལ་པའི་དོན་དུ་བསྟནཿ རིན་ཆེན་བརྡ་རིས་དངོས་སུ་བཏབཿ ཌཱཀྐི་མ་དང་འཕྲད་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨྠི་ཿ ཿའཛིན་གྲོལ་སྐབས་ཀྱི་དམིགས་བསལ་བསྒྱུར་སོ་རྣམས་ཡི་གེ་འབྲིང་པོར་ཙམ་བཅོས་ཡོད་པའང་མཁྱེན་འཚལ།།