DKYD-KABUM-02-KHA-008

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DKYD-KABUM-02-KHA-008

༄༅། །སྐབས་སུ་བཟའ་བཏུང་ཚོགས་འཁོར་ནི༔ རཾ་ཡཾ་ཁཾ༔ དབྱིངས་ལས་རང་བྱུང་མེ་རླུང་ཆུས༔ ཚོགས་ཀྱི་མ་དག་ཉེས་སྐྱོན་སྦྱངས༔ འབྲུ་གསུམ་འོད་དུ་ཞུ་བ་ལས༔ ཐབས་ཤེས་རྫས་མཆོག་བདུད་རྩིར་བསྒྱུར༔ ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱི༔ ཧཱུྃ༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ འདོད་ཡོན་ལོངས་སྤྱོད་དཔག་མེད་པ༔ ཕ་ཅིག་དྲིན་ལྡན་བླ་མ་དང༔ མ་ཅིག་ཡེ་ཤེས་མཁའ་འགྲོ་མ༔ ཡི་དམ་ཁྲོས་མ་ལྷ་ལྔ་མ༔ དཔའ་བོ་དཔའ་མོའི་ཚོགས་བཅས་ལ༔ མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ དགྱེས་སྐོང་དམ་ཚིག་ཉམས་ཆགས་བཤགས༔ མ་རིག་གཟུང་འཛིན་དགྲ་གདོན་ཀུན༔ རིག་པ་ཡེ་ཤེས་ཀློང་དུ་བསྒྲལ༔ སྦྱོར་སྒྲོལ་བདེ་བ་ཆེན་པོ་ཡིས༔ ཐུགས་དམ་གཉན་པོ་སྐོང་གྱུར་ཅིག༔ ག་ཎ་ཙཀྲ་པཱུ་ཙ་ཧོ༔ ས་མ་ཡ་ཤུདྡྷེ་ཨ༔ ཧ་ལ་པནྩ་པཱུ་ཙ་ཁ་ཧི༔ ཕཻཾ༔ ཀཽ་རི་མ་དང་སིང་ཧ་མ༔ འབར་མ་དབང་ཕྱུག་གིང་ལང་ཚོགས༔ ཚོགས་ལྷག་ཕམ་བབ་འདི་ལོངས་ལ༔ རྣལ་འབྱོར་པ་ཡི་ཕྲིན་ལས་སྒྲུབས༔ ཨུཥྩི་ཊ་ཨ་མྲྀ་ཏ་ཁ་ཧི།། །།ཚོགས་བསྡུས་འདི་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་དམ་པའི་གསང་ཆོས་བཅུ་གསུམ་ལས་བྱུང་བའོ།། །།