JKW-KABUM-23-'A-001-038

From Khyentse Lineage - A Tsadra Foundation Project
Revision as of 11:10, 16 December 2022 by Mort (talk | contribs) (Text replacement - "pdflink=File:JKW-KABUM-23-'A-" to "pdflink=File:JKW-KABUM-23-A-")

ལེགས་དགོན་བྱང་འདྲེན་ཀྱིས་ཞུས་ངོར་གནང་བའི་གླུ།
Wylie title legs dgon byang 'dren kyis zhus ngor gnang ba'i glu JKW-KABUM-23-A-001.pdf
Location mkhyen brtse'i bka' 'bum
Volume 23, sde tshan 1, Text 38, Pages 79-81 (Folios 40a6 to 41a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. legs dgon byang 'dren kyis zhus ngor gnang ba'i glu. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 23: 79-81. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Vajra Songs - rdo rje'i glu
Colophon

།ཞེས་པའང་ལེགས་དགོན་བྱང་འདྲེན་པ་པ་ར་མ་སྭ་རས་བཀྲ་ཤིས་པའི་ལྷ་རྫས་དང་། རིན་ཆེན་གཉིས་པའི་དོང་ཙེ་བཅས་རྒྱང་རིང་མོ་ནས་བསྐུལ་བའི་ངོར། གསོལ་འདེབས་ཞལ་གདམས་སྨོན་ལམ་དང་འབྲེལ་བ་མགུར་དབྱངས་ཀྱི་ཚུལ་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་ཏེ་དཔལ་ཟེ་ཆེན་གྱི་བྱང་འདྲེན་ཆེན་པོ་པུཎྱ་དྷརྨ་དྷཱ་ཏུའི་ཕྱག་གི་པདྨོར་མྱོང་གྲོལ་གྱི་བདུད་རྩི་དང་ལྷན་ཅིག་ཏུ་གཏད་པ་དོན་དང་ལྡན་པར་གྱུར་ཅིག།

zhes pa'ang legs dgon byang 'dren pa pa ra ma swa ras bkra shis pa'i lha rdzas dang /__rin chen gnyis pa'i dong tse bcas rgyang ring mo nas bskul ba'i ngor/__gsol 'debs zhal gdams smon lam dang 'brel ba mgur dbyangs kyi tshul du mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris te dpal ze chen gyi byang 'dren chen po puN+ya d+harma d+hA tu'i phyag gi pad+mor myong grol gyi bdud rtsi dang lhan cig tu gtad pa don dang ldan par gyur cig

[edit]
ཨ་ཧོ། གཟོད་ནས་རྣམ་པར་གྲོལ་བ་ཀ་དག་གི་གཤིས་ལུགས། །རང་མདངས་ཅིར་ཡང་འཆར་བ་ལྷུན་གྲུབ་ཀྱི་རོལ་མོ། །གང་འདུལ་སྤྲུལ་པའི་སྐུར་སྣང་ཁྱབ་བདག་གི་བླ་མར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རང་རློབས་ཤིག །དལ་འབྱོར་རྙེད་དཀའ་ཐོབ་པ་ད་ལན་ཙམ་ཡིན་པས། །ནམ་འཆི་ཆ་མེད་དྲན་པའི་སྐྱོ་ཤས་དང་འགྲོགས་ཏེ། །སྲིད་ལས་ངེས་འབྱུང་དྲག་པོས་དགེ་སྡིག་གི་བླང་དོར། །ཟོལ་མེད་ཚུལ་བཞིན་བརྩོན་པར་བྱིན་གྱིས་རང་རློབས་ཤིག །འགྲོ་ཀུན་ཕ་མར་ཤེས་པའི་ལེགས་བྱས་ཀྱི་མྱུ་གུ། །བྱམས་དང་སྙིང་རྗེ་ཆེན་པོའི་བདུད་རྩི་ཡིས་བྲན་པས། །སྨོན་དང་འཇུག་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་མཆོག །ནོར་བུའི་སྙེ་མ་སྨིན་པར༴ ཁྱད་པར་སྐྱབས་གནས་ཀུན་འདུས་དྲིན་ཆེན་གྱི་བླ་མ། །ཡིད་ལ་འབྲལ་མེད་བསྒོམ་པའི་མོས་གུས་ཀྱིས་བསྐུལ་བས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་དོན་བརྒྱུད་ཀྱི་འཕོ་བ། །སྙིང་གི་ཐིག་ལེར་སིམ་པར༴ གཞི་དབྱིངས་སེམས་ལས་འདས་པའི་ཡེ་ཤེས་ཀྱི་རང་ཞལ། །ལམ་དུས་བསལ་བཞག་མེད་པར་ལྷུག་པ་རུ་བསྐྱང་བས། །འབྲས་བུ་རིག་སྟོང་ཁྱབ་བདལ་ཆོས་ཉིད་ཀྱི་དབྱིངས་སུ། །གདོད་མའི་གཏན་སྲིད་ཟིན་པར༴ མདོར་ན་འདི་ནས་བྱང་ཆུབ་སྙིང་པོ་ཡི་བར་དུ། །སྐྱབས་གནས་གཞན་ན་མེད་དོ་དྲིན་ཆེན་གྱི་བླ་མ། །མངོན་སུམ་བྱིན་གྱིས་རློབས་ཤིག་ཡེ་ཤེས་ཀྱི་སྐུ་ཅན། །ནམ་ཡང་འབྲལ་བ་མེད་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་ལེགས་དགོན་བྱང་འདྲེན་པ་པ་ར་མ་སྭ་རས་བཀྲ་ཤིས་པའི་ལྷ་རྫས་དང་། རིན་ཆེན་གཉིས་པའི་དོང་ཙེ་བཅས་རྒྱང་རིང་མོ་ནས་བསྐུལ་བའི་ངོར། གསོལ་འདེབས་ཞལ་གདམས་སྨོན་ལམ་དང་འབྲེལ་བ་མགུར་དབྱངས་ཀྱི་ཚུལ་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་ཏེ་དཔལ་ཟེ་ཆེན་གྱི་བྱང་འདྲེན་ཆེན་པོ་པུཎྱ་དྷརྨ་དྷཱ་ཏུའི་ཕྱག་གི་པདྨོར་མྱོང་གྲོལ་གྱི་བདུད་རྩི་དང་ལྷན་ཅིག་ཏུ་གཏད་པ་དོན་དང་ལྡན་པར་གྱུར་ཅིག། །། ༈
[edit]

legs dgon byang 'dren kyis zhus ngor gnang ba'i glu/__ a ho/__gzod nas rnam par grol ba ka dag gi gshis lugs/__/rang mdangs cir yang 'char ba lhun grub kyi rol mo/__/gang 'dul sprul pa'i skur snang khyab bdag gi bla mar/__/snying nas gsol ba 'debs so byin gyis rang rlobs shig__/dal 'byor rnyed dka' thob pa da lan tsam yin pas/__/nam 'chi cha med dran pa'i skyo shas dang 'grogs te/__/srid las nges 'byung drag pos dge sdig gi blang dor/__/zol med tshul bzhin brtson par byin gyis rang rlobs shig__/'gro kun pha mar shes pa'i legs byas kyi myu gu/__/byams dang snying rje chen po'i bdud rtsi yis bran pas/__/smon dang 'jug pa'i bdag nyid byang chub kyi sems mchog__/nor bu'i snye ma smin par=__khyad par skyabs gnas kun 'dus drin chen gyi bla ma/__/yid la 'bral med bsgom pa'i mos gus kyis bskul bas/__/thugs yid gcig tu 'dres pa'i don brgyud kyi 'pho ba/__/snying gi thig ler sim par=__gzhi dbyings sems las 'das pa'i ye shes kyi rang zhal/__/lam dus bsal bzhag med par lhug pa ru bskyang bas/__/'bras bu rig stong khyab bdal chos nyid kyi dbyings su/__/gdod ma'i gtan srid zin par=__mdor na 'di nas byang chub snying po yi bar du/__/skyabs gnas gzhan na med do drin chen gyi bla ma/__/mngon sum byin gyis rlobs shig ye shes kyi sku can/__/nam yang 'bral ba med pa'i smon lam zhig zhu'o/__/zhes pa'ang legs dgon byang 'dren pa pa ra ma swa ras bkra shis pa'i lha rdzas dang /__rin chen gnyis pa'i dong tse bcas rgyang ring mo nas bskul ba'i ngor/__gsol 'debs zhal gdams smon lam dang 'brel ba mgur dbyangs kyi tshul du mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris te dpal ze chen gyi byang 'dren chen po puN+ya d+harma d+hA tu'i phyag gi pad+mor myong grol gyi bdud rtsi dang lhan cig tu gtad pa don dang ldan par gyur cig/___//__!__

Footnotes

Other Information