JKCL-KABUM-05-CA-024

From Khyentse Lineage - A Tsadra Foundation Project
Revision as of 10:32, 9 December 2021 by Mort (talk | contribs)

ཉེས་སེལ་གྱི་ཆོ་ག་འབྲིང་པོའི་སྨིན་དབང་ཟླ་བའི་བདུད་རྩི།
Wylie title nyes sel gyi cho ga 'bring po'i smin dbang zla ba'i bdud rtsi JKCL-KABUM-05-CA-024.pdf
Location chos kyi blo gros bka' 'bum
Volume 5, Text 24, Pages 305-310 (Folios 1a1 to 3b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. nyes sel gyi cho ga 'bring po'i smin dbang zla ba'i bdud rtsi. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 305-310. Bir, H.P.: Khyentse Labrang, 2012.
Genre Ritual and Liturgical Texts - cho ga phyag len
Colophon

།ཅེས་པའང་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གསུང་གིས་བསྐུལ་བ་དང་། གཏེར་ཆེན་གྱི་ཞབས་ཏོག་ཏུ་དམིགས་ཏེ་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་བློ་གྲོས་རྒྱ་མཚོས་བྲིས་པ་ཡི་གེའི་བྱེད་པོ་མཆོག་སྤྲུལ་འགྱུར་མེད་བཀྲ་ཤིས་ཀྱིས་སོ།

/ces pa'ang mkhan rin po che legs bshad 'byor ldan gsung gis bskul ba dang /__gter chen gyi zhabs tog tu dmigs te 'jam dbyangs mkhyen brtse'i sprul ming 'dzin pa blo gros rgya mtshos bris pa yi ge'i byed po mchog sprul 'gyur med bkra shis kyis so/

1 Texts in this Section (sde tshan or chos tshan)

[edit]
ཉེས་སེལ་གྱི་ཆོ་ག་འབྲིང་པོའི་སྨིན་དབང་ཟླ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྗེ། །གྲུབ་པའི་དབང་ཕྱུག་སྣ་ནམ་པ། །དབྱེར་མེད་བླ་མ་ལ་བཏུད་ནས། །སྨིན་བྱེད་ཟིན་བྲིས་འདིར་དབྱེ་བྱ། །རིག་འཛིན་ཆེན་པོ་ལས་རབ་གླིང་པའི་ཉེས་སེལ་འབྲིང་པོའི་དབང་བསྐུར་ལ། སྦྱོར་བ་སྟེག་བུའི་གོང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་། མཎྜལ་ཚོམ་བུ་ལྔ་པའི་སྟེང་མཉྫིར་བུམ་པ་མགུལ་འཆིང་རྒྱན་ལྡན་ཆུས་བཀང་བ་ཁ་རྒྱན་དང་བཅས་པ། ཐོད་ཆང་རིག་ཙཀ། ཤེལ་རྡོ། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་དང་ཕྱི་ནང་གི་མཆོད་གཏོར་རྣམས་བཤམས། དངོས་གཞི་ལ་ཕྱི་རྒྱུད་སངས་རྒྱས་བྱང་སེམས་ཀྱི་མཚན་བརྗོད། གཟུངས་སྔགས་བཟླ་བ་དང་། ནང་རྒྱུད་ཀྱི་གོང་དུ་དཀར་བགེགས་སྤྱི་འགྲོ་ལྟར་བསྔོ། སྲུང་འཁོར་ལས་གཞུང་ལྟར། བླ་མ་ཡི་དམ་སོགས་ཀྱི་བསྒོམ་བཟླས་རྣམས་རྫོགས་པར་གྲུབ་རྗེས་ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། དེ་ནས་རང་གི་དབང་རྒྱས་པར་བླང་བའམ། རིག་མེ་དོར་ཞིང་གནང་བ་ནོད་པ་བཅས་སྔོན་དུ་སོང་ནས། སློབ་མ་ཁྲུས་ནས་སྦྱང་ཞིང་བགེགས་བསྐྲད་སྲུང་འཁོར་སྤྱི་ཁྱབ་ལྟར་བྱ། མཎྜལ་བཀྱེ་བསྡུ་སྔོན་དུ་འགྲོ་བས། སེམས་བསྐྱེད་གསལ་གདབ། ཆོས་བཤད་སྤྱི་དང་ཁྱད་པར། དེ་ལ་འདིར་རྩ་གསུམ་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་གངས་ཅན་བོད་ཡུལ་འདིར་རྗེ་འབངས་སྤྲུལ་པའི་རྒྱལ་བློན་རྣམས་ལ་ཟབ་མོའི་གདམས་པ་མང་དུ་སྩལ་ཞིང་ཕྱི་མའི་དུས་ཀྱི་གདུལ་བྱ་རྣམས་སྐྱོབས་པའི་ཆེད་དུ་གཏད་རྒྱ་སྨོན་ལམ་དང་བཅས་གཏེར་གནས་རྣམས་སུ་མི་འཇིགས་པའི་རྒྱས་བཏབ་པ་རྣམས་སྐལ་ལྡན་ལས་ཅན་རྣམས་ཀྱིས་རིམ་པར་སྤྱན་དྲངས་པ་ལས། འདི་སྣ་ནམ་རྡོ་རྗེ་བདུད་འཇོམས་གྱི་རྣམ་རོལ་གཏེར་སྟོན་རིག་འཛིན་ཆེན་པོ་ལས་རབ་གླིང་པས་གཏེར་ནས་སྤྱན་དྲངས་པའི་ཕྱི་ནང་གསང་བའི་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཞི་ཞིང་ནམ་ཡང་མི་འབྱུང་བ་དང་། ཉེས་པས་མི་ཚུགས་པ་དང་། ཉེས་ཚོགས་ལེགས་པའི་ལམ་དུ་བསྒྱུར་བར་མཛད་པའི་གདམས་ཟབ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས་ཆོ་ག་འབྲིང་པོ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བསྒྲུབ་པ་ལ་སློབ་དཔོན་གྱི་བགྱིད་འོས་གྲུབ་ནས། ཁྱོད་རང་གི་ངོ་སྐལ་དུ་གྱུར་པ་ལ་དེ་ཉིད་གསན་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ྄༷་མ྄ོ༷་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པ་འདིའི་རྗེས྄༷་ཟློས྄༷། ཐམས་ཅད་རིག་པ་སོགས། ཅེས་ལན་གསུམ། དཀོན྄༷་མཆ྄ོ༷ག་རྩ྄༷་གསུམ྄༷་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་དམ་ཚིག་དང་སྡོམ་པ་བཟུང་བ་འདིའ྄ི༷་རྗེས྄༷་ཟློས྄༷། བླ་མེད་སོགས། ཅེས་ལན་གསུམ། གཞ྄ི༷་ལུས྄༷་ལྷར྄༷་བསྐྱེད྄༷་ཅིང་བྱིན་འབེབས་ལ་དམིགས་པ་འདི་བཞིན་དུ་གྱིས྄༷། ཧཱུྃ་ཧཱུྃ་ཧཱུྃ། ཁྱེད་རང་གུ་རུ་པདྨ་འབྱུང་སོགས་འབྲལ་མེད་བསྒོམ། ཌཱ་དྲིལ་དབྱངས་དང་བཅས། ཕྱི་སྣོད་སོགས། ཨཱ་ཝེ་ཤ་ཡ་ཧོཿད྄ེ༷་ན྄ི༷་བླ྄༷་མ྄༷འི་བྱིན་འབེབས་པའི་སྒོ་ནས། བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་བའི་ཐབས་བྱིན་རླབས་ཀྱི་གཞི་ཁྱད་པར་ཅན་དུ་སྒྲུབ་ནས་སླར་ཡང་ཁྱོད་རང་སྣང་སྲིད་ཟིལ་གནོན་དུ་གསལ་བ་གནས་འགྱུར་ཏེ་དཔའ་བོ་དབང་ཆེན་གྱི་སྐུར་གསལ྄༷་ཐོབ྄༷་ཅིག྄༷། ཧྲཱིཿཧྲཱིཿསོགས། བྱིན་ཕོབ་ཅིག །ཨོཾ་མ་ཧཱ་གུ་རུ་སརྦ་ས་མ་ཡ་སོགས། གོང་བཞིན་བརྗོད་ཅིང་སྤོས་རོལ་བྱ། ད྄ེ༷་ནི་སྣང྄༷་སྲིད་ཐམས་ཅད་དབང་ཆེན་རོལ་བ་ཡེ་ཤེས་ཕྱག་རྒྱའི་དཀྱིལ་འཁོར་སྒྲུབ་གཞིར་སད་པར་བྱས་ནས་སླར་ཡང་མཁའ་འགྲོའི་སྐུར་གནས་གྱུར་པར་མོས྄༷་མཛོད྄༷། བྃ་བྃ་བཛྲ། བྱིན་ཕོབ་ཅིག །གོང་ལྟར་སྔགས་བཅས་སྤོས་རོལ་བྱ། ད྄ེ༷་ན྄ི༷་ཕྲིན྄༷་ལས྄༷་རབ་འབྱམས་རྒྱ་མཚོའི་མངའ་བདག་མཁའ་འགྲོ་རྒྱ་མཚོའི་ཡེ་ཤེས་ལྷའི་བྱིན་དབབ་པ་དང་། དེ་ལྟར་ཕེབས་པའི་ཡེ་ཤེས་པ་རྣམས་ཛཿཧཱུྃ་བྃ་ཧོཿཞེས་པས་ཁྱེད་རང་ལ་ཐིམ། ཏིཥྛ་བཛྲ། ཞེས་མེ་ཏོག་འཐོར། བརྟན་པར་བྱས་པའི་མོས྄༷་པ་མཛ྄ོ༷ད། ད྄ེ༷་ནས྄༷་དབང་བསྐུར་བ་དངོས་ལ་བླ་མ་རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་དབང་བསྐུར་བར྄༷་གྱུར྄༷། བུམ་པ་ཐོགས་ཏེ། ཨོཾ། རྡོ་རྗེ་སོགས། ཥིཉྩ་ཧཱུྃ། ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། རྩ་བ྄༷་གསུམ྄༷་གྱི་ལྷ་ཚོགས་རང་འོད་ཀྱི་ཡུམ་དང་སྙོམས་པར་ཞུགས་པའི་བདུད་རྩི་པདྨ་བྷཉྫའི་ནང་དུ་བསྐྱིལ་བ་ཁྱོད་རང་གི་ལྕེར་བཞག་པར་མོས྄༷་ཤིག྄༷། ཐོད་པའི་བདུད་རྩི་ཐོགས་ཏེ། ཨཱཿརྡོ་རྗེ་སོགས། ཧཱུྃ། ཞེས་བརྗོད་བདུད་རྩི་བླུད། ལྷ྄༷་ཚོགས྄༷་རྣམས་ཀྱི་ཐུགས་ཀ་ནས་རིག་མ་རྡོ་རྗེ་ཕག་མོའི་རྣམ་པ་ཅན་སྤྲོས་ཁྱེད་རང་དབང་ཆེན་རྟ་མགྲིན་དུ་གསལ་བ་དང་སྙོམས་པར་ཞུགས་ནས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས྄༷་པ྄༷་མཛ྄ོ༷ད། རིག་ཙག་ཐོགས་ཏེ། ཧཱུྃ། རྡོ་རྗེ་སོགས། ཞེས་རིག་ཙཀ་ལག་གཡོན་དུ་སྦྱིན། བླ྄༷་མ྄༷་མ྄༷་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཞལ་ནས་རྡོ་རྗེའི་ཚིག་གི་ངོ་སྤྲོད་པས་རིག་སྟོང་དགོངས་པའི་བྱིན་རླབས་རྒྱུད་ལ་འཕོས྄༷་པར྄༷་མོས། ཤེལ་རྡོ་ཐོགས་ནས། ཨོཾ་ཨཱཿཧཱུྃ། རྡོ་རྗེ་སོགས། ཧཱུྃ། ད྄ེ༷་ཁ྄ོ༷་ན྄༷་ཉིད་ཀྱི་ཡེ་ཤེས་བསམ་བརྗོད་བྲལ་བའི་ངང་ལ་མཉམ་པར་ཞོག་མཛོད། དེ་ལྟར་བུམ་གསང་ཤེར་ཡེ་བཞི་པའི་དབང་རྣམས་བསྐུར་བས་སྒྲིབ་པ་བཞི་དག་ལམ་བཞི་བསྒོམ་པ་ལ་དབང་། སྐུ་བཞིའི་ས་བོན་རྒྱུད་ལ་འཇོག་པ་དང་། མཐའ་རྟེན་དུ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་པས་མངའ་གསོལ་བར་མོས྄༷་ལ྄༷། ཙཀླི་ཐོགས་ཏེ། བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །བསོད་ནམས་བཀྲ་ཤིས་རྟགས་སུ་ཡོངས་ཤར་བ། །བསོད་ནམས་དཔལ་གྱི་འབྱོར་པས་དབང་བསྐུར་བས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག །ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི། །བཀྲ་ཤིས་ཚངས་སོགས་ཆེ་དགུའི་ཚོགས་རྣམས་ཀྱི། །བཀྲ་ཤིས་དོན་ཀུན་གྲུབ་ལ་ཕུལ་བ་ཡི། །བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་དབང་བསྐུར་བས། །བཀྲ་ཤིས་སྲིད་ཞིའི་ཡོན་ཏན་གོང་འཕེལ་ཤོག །ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི། །དགེ་ལེགས་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི། །དགེ་ཚོགས་ཆུ་གཏེར་བསྲུབས་ལས་སྐྱེས་པ་ཡི། །དགེ་མཚན་རིན་ཆེན་བདུན་གྱིས་དབང་བསྐུར་བས། །དགེ་ཞིང་ཤིས་པའི་རྒྱལ་སྲིད་བརྟན་གྱུར་ཅིག །ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་མི། ད྄ེ༷་ཉིད྄༷་བརྟ྄༷ན་པར་བྱ་བའི་སླད་དུ་བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་ཤིས་པའི་ཚིག་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་སུ་བྱས་པའི་མོས྄༷་པ྄༷་མཛ྄ོ༷ད། ཅེས་བརྗོད། ཤིས་བརྗོད་དང་། དེས྄༷་དབ྄༷ང་བ྄༷སྐུར་གྲུབ་ནས་གནད་ལ་བརྟེན་པའི་རྟེན་འབྲེལ་གྱི་རྫོགས་རིམ་ལ་གཉིས་སྣང་གི་ཆོས་ཐམས་ཅད་རྟེན་འབྲེལ་སྐྱེ་མེད་སྟོང་ཉིད་དུ་གཏན་ལ་ཕབ་ཅིང་། དེ་ཡང་གཞི་མ་བཅོས་གཉུག་མ་ཡེ་སྟོང་ཟང་ཐལ་ཆེན་པོའི་ངང་དུ་ལམ་བསྒོམ་པ་རང་བཞག་ཆེན་པོར་སྒྲོ་འདོགས་སྤྲོས་པ་དང་བྲལ་ཞིང་དུས་གསུམ་འཕོ་འགྱུར་མེད་པའི་ཉམས་ལེན་རྩོལ་བྲལ་ཡེངས་མེད་དུ་ཉམས་སུ་བླངས་ཤིང་སྤྱོད་པ་རང་གྲོལ་ཆེན་པོའི་བོགས་འབྱིན་པ་དང་། འབྲས་བུ་རང་ལ་གནས་པ་ཉིད་མངོན་དུ་འགྱུར་བས་དོན་གཉིས་ཕུན་སུམ་ཚོགས་པར་དབང་འབྱོར་བའི་ཚུལ་རྣམས་རྡོ་རྗེའི་ཚིག་གི་གནད་བསྡུས་འདི་ལ་གསན་འཚལ། གནད་ཟབ་རྫོགས་རིམ༴བཙལ་མེད་དོ། །ཞེས་པའི་དོན་རྣམས་ཐུགས་ལ་བཞག་ནས་ཉམས་ལེན་ལ་འབུད་འཚལ྄༷། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དམ་ཚིག་གི་གནད་རྣམས་སྲུང་བར་བགྱི་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ་ལུས་དབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱས་པས་གྲུབ་བོ། །རྗེས་ཚོགས་ལ་རོལ་ཞིང་ལྷག་གཏོར་བཏང་བ་སོགས་ཕྲིན་ལས་གཞུང་ལྟར་བྱའོ། །མི་མཐུན་ཉེས་སེལ་བདུད་རྩིའི་ཆུས། །སྣོད་བཅུད་རྟོག་ངན་ཀུན་བཀྲུས་ནས། །རྟེན་འབྲེལ་ཨུཏྤལ་གསར་པ་ཡི། །ཕྱོགས་དུས་ཀུན་ཏུ་ཁྱབ་གྱུར་ཅིག །ཅེས་པའང་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གསུང་གིས་བསྐུལ་བ་དང་། གཏེར་ཆེན་གྱི་ཞབས་ཏོག་ཏུ་དམིགས་ཏེ་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་བློ་གྲོས་རྒྱ་མཚོས་བྲིས་པ་ཡི་གེའི་བྱེད་པོ་མཆོག་སྤྲུལ་འགྱུར་མེད་བཀྲ་ཤིས་ཀྱིས་སོ། །། །
[edit]

nyes sel gyi cho ga 'bring po'i smin dbang zla ba'i bdud rtsi zhes bya ba bzhugs so/__/rgyal kun 'dus zhal mtsho skyes rje/__/grub pa'i dbang phyug sna nam pa/__/dbyer med bla ma la btud nas/__/smin byed zin bris 'dir dbye bya/__/rig 'dzin chen po las rab gling pa'i nyes sel 'bring po'i dbang bskur la/__sbyor ba steg bu'i gong du sangs rgyas byang sems kyi sku brnyan dang /__maN+Dal tshom bu lnga pa'i steng many+dzir bum pa mgul 'ching rgyan ldan chus bkang ba kha rgyan dang bcas pa/__thod chang rig tsaka/__shel rdo/__slob dpon gyi mdun du las bum sogs dang phyi nang gi mchod gtor rnams bshams/__dngos gzhi la phyi rgyud sangs rgyas byang sems kyi mtshan brjod/__gzungs sngags bzla ba dang /__nang rgyud kyi gong du dkar bgegs spyi 'gro ltar bsngo/__srung 'khor las gzhung ltar/__bla ma yi dam sogs kyi bsgom bzlas rnams rdzogs par grub rjes las bum du bdud rtsi 'khyil pa bskyed bzlas bya/__de nas rang gi dbang rgyas par blang ba'am/__rig me dor zhing gnang ba nod pa bcas sngon du song nas/__slob ma khrus nas sbyang zhing bgegs bskrad srung 'khor spyi khyab ltar bya/__maN+Dal bkye bsdu sngon du 'gro bas/__sems bskyed gsal gdab/__chos bshad spyi dang khyad par/__de la 'dir rtsa gsum kun 'dus o rgyan gyi slob dpon chen pos gangs can bod yul 'dir rje 'bangs sprul pa'i rgyal blon rnams la zab mo'i gdams pa mang du stsal zhing phyi ma'i dus kyi gdul bya rnams skyobs pa'i ched du gtad rgya smon lam dang bcas gter gnas rnams su mi 'jigs pa'i rgyas btab pa rnams skal ldan las can rnams kyis rim par spyan drangs pa las/__'di sna nam rdo rje bdud 'joms gyi rnam rol gter ston rig 'dzin chen po las rab gling pas gter nas spyan drangs pa'i phyi nang gsang ba'i rten 'brel nyes tshogs thams cad zhi zhing nam yang mi 'byung ba dang /__nyes pas mi tshugs pa dang /__nyes tshogs legs pa'i lam du bsgyur bar mdzad pa'i gdams zab rgyas 'bring bsdus gsum du bzhugs pa las cho ga 'bring po dang rjes su 'brel ba'i dbang bskur bsgrub pa la slob dpon gyi bgyid 'os grub nas/__khyod rang gi ngo skal du gyur pa la de nyid gsan pa'i yon du maN+Dal 'bul bar zhu/__zhes mtshams sbyar la maN+Dal 'bul du gzhug__/thala?X mo?X me tog dang bcas te gsol ba btab pa 'di'i rjesa?X zlosa?X/__thams cad rig pa sogs/__ces lan gsum/__dkona?X mcho?Xg rtsa?X gsuma?X rgya mtsho'i lha tshogs rnams kyi spyan sngar skyabs su 'gro ba dang /__smon 'jug byang chub mchog tu sems bskyed pa dang /__spyi dang khyad par lhag pas bsdus pa'i dam tshig dang sdom pa bzung ba 'di'i?X rjesa?X zlosa?X/__bla med sogs/__ces lan gsum/__gzhi?X lusa?X lhara?X bskyeda?X cing byin 'bebs la dmigs pa 'di bzhin du gyisa?X/__hU~M hU~M hU~M/__khyed rang gu ru pad+ma 'byung sogs 'bral med bsgom/__DA dril dbyangs dang bcas/__phyi snod sogs/__A we sha ya hoHde?X ni?X bla?X ma?X'i byin 'bebs pa'i sgo nas/__bde ba chen po'i ye shes rgyud la skyes ba'i thabs byin rlabs kyi gzhi khyad par can du sgrub nas slar yang khyod rang snang srid zil gnon du gsal ba gnas 'gyur te dpa' bo dbang chen gyi skur gsala?X thoba?X ciga?X/__hrIHhrIHsogs/__byin phob cig__/oM ma hA gu ru sarba sa ma ya sogs/__gong bzhin brjod cing spos rol bya/__de?X ni snanga?X srid thams cad dbang chen rol ba ye shes phyag rgya'i dkyil 'khor sgrub gzhir sad par byas nas slar yang mkha' 'gro'i skur gnas gyur par mosa?X mdzoda?X/__ba~M ba~M badz+ra/__byin phob cig__/gong ltar sngags bcas spos rol bya/__de?X ni?X phrina?X lasa?X rab 'byams rgya mtsho'i mnga' bdag mkha' 'gro rgya mtsho'i ye shes lha'i byin dbab pa dang /__de ltar phebs pa'i ye shes pa rnams dzaHhU~M ba~M hoHzhes pas khyed rang la thim/__tiSh+Tha badz+ra/__zhes me tog 'thor/__brtan par byas pa'i mosa?X pa mdzo?Xd/__de?X nasa?X dbang bskur ba dngos la bla ma rtsa gsum rgya mtsho'i lha tshogs rnams kyis bkra shis rnam par rgyal ba'i bum pa'i chus dbang bskur b.ra?X gyura?X/__bum pa thogs te/__oM/__rdo rje sogs/__Shiny+tsa hU~M/__zhes spyi bor bzhag cing bum chu blud/__rtsa ba?X gsuma?X gyi lha tshogs rang 'od kyi yum dang snyoms par zhugs pa'i bdud rtsi pad+ma b+hany+dza'i nang du bskyil ba khyod rang gi lcer bzhag par mosa?X shiga?X/__thod pa'i bdud rtsi thogs te/__AHrdo rje sogs/__hU~M/__zhes brjod bdud rtsi blud/__lha?X tshogasa?X rnams kyi thugs ka nas rig ma rdo rje phag mo'i rnam pa can spros khyed rang dbang chen rta mgrin du gsal ba dang snyoms par zhugs nas dga' bzhi'i ye shes rgyud la skyes pa'i mosa?X pa?X mdzo?Xd/__rig tsag thogs te/__hU~M/__rdo rje sogs/__zhes rig tsaka lag g.yon du sbyin/__bla?X ma?X ma?X hA gu ru snang srid zil gnon gyi zhal nas rdo rje'i tshig gi ngo sprod pas rig stong dgongs pa'i byin rlabs rgyud la 'phosa?X para?X mos/__shel rdo thogs nas/__oM AHhU~M/__rdo rje sogs/__hU~M/__de?X kho?X na?X nyid kyi ye shes bsam brjod bral ba'i ngang la mnyam par zhog mdzod/__de ltar bum gsang sher ye bzhi pa'i dbang rnams bskur bas sgrib pa bzhi dag lam bzhi bsgom pa la dbang /__sku bzhi'i sa bon rgyud la 'jog pa dang /__mtha' rten du bkra shis rdzas rtags rin chen bdun gyi 'byor pas mnga' gsol bar mosa?X la?X/__tsakli thogs te/__bsod nams brgya las grub pa'i mtshan dpe'i dpal/__/bsod nams bkra shis rtags su yongs shar ba/__/bsod nams dpal gyi 'byor pas dbang bskur bas/__/bsod nams ye shes tshogs gnyis yongs rdzogs shog__/oM aSh+Ta mang+ga laM a b+hi Shiny+tsa mi/__/bkra shis tshangs sogs che dgu'i tshogs rnams kyi/__/bkra shis don kun grub la phul ba yi/__/bkra shis rdzas mchog brgyad kyis dbang bskur bas/__/bkra shis srid zhi'i yon tan gong 'phel shog__/oM mang+ga laM ku ru a b+hi Shiny+tsa mi/__/dge legs 'khor los sgyur ba'i bsod nams kyi/__/dge tshogs chu gter bsrubs las skyes pa yi/__/dge mtshan rin chen bdun gyis dbang bskur bas/__/dge zhing shis pa'i rgyal srid brtan gyur cig__/oM sap+ta rat+na a b+hi Shiny+tsa mi/__de?X nyida?X brta?Xn par bya ba'i slad du bla ma rtsa ba gsum gyi lha tshogs rnams kyis shis pa'i tshig brjod cing me tog gi char phab pas dge legs su byas pa'i mosa?X pa?X mdzo?Xd/__ces brjod/__shis brjod dang /__desa?X dba?Xng ba?Xskur grub nas gnad la brten pa'i rten 'brel gyi rdzogs rim la gnyis snang gi chos thams cad rten 'brel skye med stong nyid du gtan la phab cing /__de yang gzhi ma bcos gnyug ma ye stong zang thal chen po'i ngang du lam bsgom pa rang bzhag chen por sgro 'dogs spros pa dang bral zhing dus gsum 'pho 'gyur med pa'i nyams len rtsol bral yengs med du nyams su blangs shing spyod pa rang grol chen po'i bogs 'byin pa dang /__'bras bu rang la gnas pa nyid mngon du 'gyur bas don gnyis phun sum tshogs par dbang 'byor ba'i tshul rnams rdo rje'i tshig gi gnad bsdus 'di la gsan 'tshal/__gnad zab rdzogs rim=btsal med do/__/zhes pa'i don rnams thugs la bzhag nas nyams len la 'bud 'tshala?X/__de ltar dbang bskur thob pa las byung ba'i dam tshig gi gnad rnams srung bar bgyi snyam pas rjes zlos/__gtso bos ji ltar sogs dang /__gtang rag gi maN+Dal lus dbul dge bsngo rnams spyi ltar byas pas grub bo/__/rjes tshogs la rol zhing lhag gtor btang ba sogs phrin las gzhung ltar bya'o/__/mi mthun nyes sel bdud rtsi'i chus/__/snod bcud rtog ngan kun bkrus nas/__/rten 'brel ut+pal gsar pa yi/__/phyogs dus kun tu khyab gyur cig__/ces pa'ang mkhan rin po che legs bshad 'byor ldan gsung gis bskul ba dang /__gter chen gyi zhabs tog tu dmigs te 'jam dbyangs mkhyen brtse'i sprul ming 'dzin pa blo gros rgya mtshos bris pa yi ge'i byed po mchog sprul 'gyur med bkra shis kyis so/__//__/

Footnotes

Other Information