JKCL-KABUM-04-NGA-053

From Khyentse Lineage - A Tsadra Foundation Project
Revision as of 16:10, 7 December 2021 by Mort (talk | contribs)

བླ་སྒྲུབ་ཀུན་བཟང་དོན་ཏིག།
Wylie title bla sgrub kun bzang don tig JKCL-KABUM-04-NGA-053.pdf
Location chos kyi blo gros bka' 'bum
Volume 4, Text 53, Pages 367-370 (Folios 1a1 to 2b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla sgrub kun bzang don tig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 367-370. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

ཅེས་པའང་ལཱ་ཝཱ་རི་ཁྲོད་ནས་འཇམ་དབྱངས་བཟོད་པས་རིན་ཆེན་གཉིས་པའི་མེ་ཏོག་བཅས་བསྐུལ་ངོར་རིག་འཛིན་འོད་གསལ་སྙིང་པོ་རྩལ་གྱིས་ཐོལ་བྱུང་དུ་བྲིས་པ་ཤིན་ཏུ་གསང་བའི་རྒྱའོ། །ཨྠིྀ།།

ces pa'ang lA wA ri khrod nas 'jam dbyangs bzod pas rin chen gnyis pa'i me tog bcas bskul ngor rig 'dzin 'od gsal snying po rtsal gyis thol byung du bris pa shin tu gsang ba'i rgya'o/__/a+thi+-i//

1 Texts in this Section (sde tshan or chos tshan)

367-370
བླ་སྒྲུབ་ཀུན་བཟང་དོན་ཏིག།
bla sgrub kun bzang don tig
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
[edit]
བླ་སྒྲུབ་ཀུན་བཟང་དོན་ཏིག་བཞུགས་སོ། །ཟབ་ལམ་བླ་མ་སྒྲུབ་པ་ཡི། །རྣལ་འབྱོར་ཉམས་སུ་བླང་འདོད་པས། །ཕྱི་ནང་མཆོད་གཏོར་ཚོགས་འཁོར་བཤམས། །བདེ་བའི་སྟན་ལ་བག་ཕབས་ཏེ། །ངེས་འབྱུང་བསྐྱེད་ཅིང་མདུན་གྱི་མཁར། །བླ་མ་ཧེ་རུ་ཀཿདཔལ་གསལ། །ཨཿ རང་རིག་དོན་གྱི་བླ་མ་ལ། །འཛིན་མེད་ངང་ནས་སྐྱབས་སུ་མཆི། །སྤངས་བླངས་ཡོངས་གྲོལ་བྱང་ཆུབ་སེམས། །མ་རྟོགས་འགྲོ་ལ་བྱང་སེམས་བསྒོམ། །མཆོད་གཏོར་བྱིན་གྱིས་རླབས་པ་ནི། ཨོཾ་ཨཱཿཧཱུྃ། དངོས་འཛིན་རྣམ་རྟོག་བག་ཆགས་སྦྱངས། །སྣོད་བཅུད་ཡེ་ཤེས་རོལ་པའི་རྒྱན། །ཕྱི་ནང་གསང་བ་བླ་མེད་པ། །ཀུན་བཟང་མཆོད་པའི་སྤྲིན་དུ་གྱུར། །ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། དངོས་གཞི་བསྐྱེད་བཟླས་རྣལ་འབྱོར་ནི། ཨཿ མ་བཅོས་རིག་པའི་དབྱིངས་ཉིད་ལས། །ཡེ་ཤེས་ཕྱག་རྒྱའི་སྐུར་སྣང་བས། །འོད་ཀྱི་ལུས་ཅན་བླ་མ་ནི། །པདྨ་ཉི་མ་བམ་རོའི་སྟེང་། །ཧེ་རུ་ཀ་དཔལ་ཁྲག་འཐུང་ཆེ། །དམར་སྨུག་རྣལ་འབྱོར་སྤྱོད་པའི་ཚུལ། །ཕྱག་གཡས་རྡོ་རྗེས་དགྲ་བགེགས་འདུལ། །གཡོན་པས་གནམ་ལྕགས་ཕུར་པ་བསྣམས། །རུས་རྒྱན་སྟག་ཤམ་དྲིལ་གཡེལ་ཅན། །དབུ་སྐྲ་རལ་པའི་ཐོར་ཅོག་བཅིངས། །ཁྲོ་འཛུམ་གཟི་བརྗིད་ལྡན་པའི་སྐུ། །ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་པ། །ཡེ་ནས་དབང་མཆོག་རྫོགས་པར་གྱུར། །ལྷ་ཉིད་རང་ལ་བླ་མ་ལྷར། །འདུ་འབྲལ་མེད་པར་ཕྱག་བགྱིའོ། །ཚོགས་དྲུག་བདེ་སྟོང་རོལ་པའི་རྒྱན། །སྤང་བླང་མེད་པའི་ངང་ནས་མཆོད། །ཆོས་ཉིད་བསམ་མི་ཁྱབ་པའི་ཀློང་། །དབང་ཆེན་ཡེ་ཤེས་རོལ་པར་བསྟོད། །ཨཿ ཐུགས་ཀར་བླ་མ་པདྨ་འབྱུང་། །རྡོ་རྗེ་བྷནྡྷ་བསྣམས་པ་ནི། །གཅེར་བུ་ཡུམ་དང་འཁྲིལ་བ་ཡི། །ཐུགས་དབུས་དབུ་མའི་སྦུ་གུ་རུ། །གསང་སྔགས་འབྲུ་གསུམ་བརྩེགས་མར་བསྒོམ། །ངག་བཟླས་རླུང་དང་སྦྱར་བར་བྱ། །ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི། །ཐབས་ཤེས་དམ་རྫས་ཚོགས་པར་བཤམས། ཨཿ རང་བྱུང་བདེ་ཆེན་ཀ་པཱ་ལར། །བཅུད་ནི་རིགས་ལྔའི་དམ་རྫས་གྱུར། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཧཱུྃ། འོག་མིན་ཞིང་དང་ཉེར་བཞིའི་ཡུལ། །རྩ་གསུམ་དཔའ་བོ་མཁའ་འགྲོ་རྣམས། །རྡོ་རྗེའི་གར་སྟབས་དང་བཅས་པས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །ཟག་མེད་ཚོགས་ཀྱི་མཆོད་པ་འབུལ། །ཆགས་ཉམས་མ་བྱུང་མ་སྐྱེས་བཤགས། །བདག་རྟོགས་རིག་པའི་མཚོན་གྱིས་བསྒྲལ། །སྐུ་གསུམ་ཡེ་གྲོལ་ཆེན་པོར་བཞེས། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿབདག་ལུས་རྡོ་རྗེ་ཕུང་པོའི་གྲོང་། །རྩ་ཁམས་དཔའ་བོ་མཁའ་འགྲོ་ལ། །དགྱེས་མཆོད་ཕུལ་བས་ཚིམ་ཞིང་མཉེས། །བདེ་བ་ཆེན་པོའི་གནས་ཐོབ་ཤོག །ཅེས་པས་དམ་ཚིག་རྫས་ལ་རོལ། ཨཿ སེམས་བྱུང་ལྟར་སྣང་ལྷག་སྡུད་རྣམས། །དམ་ཚིག་ཆེན་པོའི་རྫས་ལ་རོལ། །གཟུང་འཛིན་འཁྲུལ་རྟོག་ཀུན་བཅོམ་ནས། །རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད། །ཨོཾ་ཨུཙྪིཥྚ་བ་ལིངྟ་ཁ་ཧཱི། མཆོད་བསྟོད་དངོས་གྲུབ་བླངས་བ་ནི། ཨཱཿ རིག་འཛིན་བླ་མའི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །རྨད་བྱུང་རྡོ་རྗེའི་གླུ་ཡིས་བསྟོད། །མཆོག་ཐུན་དངོས་གྲུབ་དེང་འདིར་སྩོལ། ཨོཾ་གུ་རུ་དེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། གདོད་ནས་མ་བྱུང་མ་སྐྱེས་པ། །དག་མཉམ་ཆེན་པོའི་ཀློང་དུ་བཤགས། །ས་མ་ཡ་ཤུདྡྷེ་ཨཱཿ ཡི་གེ་བརྒྱ་པ་ལན་གསུམ་བརྗོད། ཧོཿ ཆོས་དབྱིངས་རོལ་པ་ཆེན་པོའི་ཀློང་། །དུས་གསུམ་བསགས་ལས་བྱུང་བ་ཡི། །དགེ་བས་སྲིད་གསུམ་གྲོང་ཁྱེར་སྟོང་། །བླ་མ་མཆོག་གི་གནས་ཐོབ་ཤོག །ཨོཾ། རྩ་བརྒྱུད་བླ་མའི་ལྷ་ཚོགས་ཀྱིས། །བྱིན་གྱིས་རློབས་པའི་བཀྲ་ཤིས་ཤོག །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། །དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག །རིག་པ་སྐུ་རུ་སྨིན་པ་ཡིས། །འཇའ་ལུས་རྡོ་རྗེའི་བཀྲ་ཤིས་ཤོག །ཅེས་འདི་གཞན་རྐྱེན་གྱིས་བསྐུལ་ཚེ། །མོས་ལྡན་སློབ་མར་བརྩེ་བ་ཡིས། །གང་དྲན་ཐོལ་བྱུང་ཉིད་དུ་བྲིས། །བླ་མའི་བྱིན་རླབས་འཇུག་པར་ཤོག །གུ་ཧྱཿལོ་གསུམ་བར་དུ་བསྒྲགས་པ་དང་། །གཞན་ལ་བསྟན་པར་མི་བྱའོ། །བསྙེན་པ་འབུམ་ཕྲག་སོ་གཉིས་ཐོན། །དེ་ལྟར་བྱས་པས་དོན་ཡོད་འགྱུར། །ཅེས་པའང་ལཱ་ཝཱ་རི་ཁྲོད་ནས་འཇམ་དབྱངས་བཟོད་པས་རིན་ཆེན་གཉིས་པའི་མེ་ཏོག་བཅས་བསྐུལ་ངོར་རིག་འཛིན་འོད་གསལ་སྙིང་པོ་རྩལ་གྱིས་ཐོལ་བྱུང་དུ་བྲིས་པ་ཤིན་ཏུ་གསང་བའི་རྒྱའོ། །ཨྠིྀ།། །།
[edit]

bla sgrub kun bzang don tig bzhugs so/__/zab lam bla ma sgrub pa yi/__/rnal 'byor nyams su blang 'dod pas/__/phyi nang mchod gtor tshogs 'khor bshams/__/bde ba'i stan la bag phabs te/__/nges 'byung bskyed cing mdun gyi mkhar/__/bla ma he ru kaHdpal gsal/__/aH_rang rig don gyi bla ma la/__/'dzin med ngang nas skyabs su mchi/__/spangs blangs yongs grol byang chub sems/__/ma rtogs 'gro la byang sems bsgom/__/mchod gtor byin gyis rlabs pa ni/__oM AHhU~M/__dngos 'dzin rnam rtog bag chags sbyangs/__/snod bcud ye shes rol pa'i rgyan/__/phyi nang gsang ba bla med pa/__/kun bzang mchod pa'i sprin du gyur/__/oM sarba pU dza me g+ha AHhU~M/__dngos gzhi bskyed bzlas rnal 'byor ni/__aH_ma bcos rig pa'i dbyings nyid las/__/ye shes phyag rgya'i skur snang bas/__/'od kyi lus can bla ma ni/__/pad+ma nyi ma bam ro'i steng /__/he ru ka dpal khrag 'thung che/__/dmar smug rnal 'byor spyod pa'i tshul/__/phyag g.yas rdo rjes dgra bgegs 'dul/__/g.yon pas gnam lcags phur pa bsnams/__/rus rgyan stag sham dril g.yel can/__/dbu skra ral pa'i thor cog bcings/__/khro 'dzum gzi brjid ldan pa'i sku/__/zhabs gnyis rol pa'i stabs kyis bzhugs/__/gdod nas dam ye dbyer med pa/__/ye nas dbang mchog rdzogs par gyur/__/lha nyid rang la bla ma lhar/__/'du 'bral med par phyag bgyi'o/__/tshogs drug bde stong rol pa'i rgyan/__/spang blang med pa'i ngang nas mchod/__/chos nyid bsam mi khyab pa'i klong /__/dbang chen ye shes rol par bstod/__/aH_thugs kar bla ma pad+ma 'byung /__/rdo rje b+han+d+ha bsnams pa ni/__/gcer bu yum dang 'khril ba yi/__/thugs dbus dbu ma'i sbu gu ru/__/gsang sngags 'bru gsum brtsegs mar bsgom/__/ngag bzlas rlung dang sbyar bar bya/__/thun mtshams tshogs kyi mchod pa ni/__/thabs shes dam rdzas tshogs par bshams/__aH_rang byung bde chen ka pA lar/__/bcud ni rigs lnga'i dam rdzas gyur/__/oM hU~M trA~M hrIHAHhU~M/__'og min zhing dang nyer bzhi'i yul/__/rtsa gsum dpa' bo mkha' 'gro rnams/__/rdo rje'i gar stabs dang bcas pas/__/'dod yon tshogs la spyan 'dren gshegs/__/zag med tshogs kyi mchod pa 'bul/__/chags nyams ma byung ma skyes bshags/__/bdag rtogs rig pa'i mtshon gyis bsgral/__/sku gsum ye grol chen por bzhes/__/ma hA ga Na tsakra pU dza hoHbdag lus rdo rje phung po'i grong /__/rtsa khams dpa' bo mkha' 'gro la/__/dgyes mchod phul bas tshim zhing mnyes/__/bde ba chen po'i gnas thob shog__/ces pas dam tshig rdzas la rol/__aH_sems byung ltar snang lhag sdud rnams/__/dam tshig chen po'i rdzas la rol/__/gzung 'dzin 'khrul rtog kun bcom nas/__/rig rtsal rgyas pa'i phrin las mdzod/__/oM uts+tshiSh+Ta ba ling+ta kha hI/__mchod bstod dngos grub blangs ba ni/__AHrig 'dzin bla ma'i lha tshogs la/__/phyi nang gsang ba'i mchod pas mchod/__/rmad byung rdo rje'i glu yis bstod/__/mchog thun dngos grub deng 'dir stsol/__oM gu ru de wa d+hA ki nI kA ya wAka tsit+ta sarba sid+d+hi pha la hU~M/__gdod nas ma byung ma skyes pa/__/dag mnyam chen po'i klong du bshags/__/sa ma ya shud+d+he AHyi ge brgya pa lan gsum brjod/__hoHchos dbyings rol pa chen po'i klong /__/dus gsum bsags las byung ba yi/__/dge bas srid gsum grong khyer stong /__/bla ma mchog gi gnas thob shog__/oM/__rtsa brgyud bla ma'i lha tshogs kyis/__/byin gyis rlobs pa'i bkra shis shog__/yi dam mkha' 'gro chos skyong gis/__/dngos grub stsol ba'i bkra shis shog__/rig pa sku ru smin pa yis/__/'ja' lus rdo rje'i bkra shis shog__/ces 'di gzhan rkyen gyis bskul tshe/__/mos ldan slob mar brtse ba yis/__/gang dran thol byung nyid du bris/__/bla ma'i byin rlabs 'jug par shog__/gu h+yaHlo gsum bar du bsgrags pa dang /__/gzhan la bstan par mi bya'o/__/bsnyen pa 'bum phrag so gnyis thon/__/de ltar byas pas don yod 'gyur/__/ces pa'ang lA wA ri khrod nas 'jam dbyangs bzod pas rin chen gnyis pa'i me tog bcas bskul ngor rig 'dzin 'od gsal snying po rtsal gyis thol byung du bris pa shin tu gsang ba'i rgya'o/__/a+thi+-i//____//

Footnotes

Other Information