JKCL-KABUM-04-NGA-050

From Khyentse Lineage - A Tsadra Foundation Project
Revision as of 15:33, 7 December 2021 by Mort (talk | contribs)

བླ་མའི་རྣལ་འབྱོར་བྱིན་བརླབས་འབེབས་པ།
Wylie title bla ma'i rnal 'byor byin brlabs 'bebs pa JKCL-KABUM-04-NGA-050.pdf
Location chos kyi blo gros bka' 'bum
Volume 4, Text 50, Pages 347-357 (Folios 1a1 to 6a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor byin brlabs 'bebs pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 347-357. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་ཉག་ཨ་ཛི་རོང་གི་གཟུར་ལྷ་འབུམ་དགོན་གྱི་སྤྲུལ་སྐུ་མཁྱེན་རབ་རྒྱས་ཤིང་། དད་དམ་གྱི་བློ་གྲོས་བརྟན་པ་འཇམ་དབྱངས་བསྟན་འཛིན་བཟང་པོས་ལྷ་རེག་ཙཱི་ནའི་འཕྲུལ་བཟོས་འཇམ་དཔལ་གྱི་ཕྱག་མཚན་རི་མོ་བཅས་ཀྱི་རྟེན་དང་བཅས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་རང་ལ་འདི་ལྟར་སྦྱར་བའི་འོས་སུ་མ་གྱུར་ཀྱང་། བསྐུལ་བ་པོ་དག་སྣང་རྒྱས་པའི་དབང་དུ་བྱས་ནས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།།

/ces pa'ang nyag a dzi rong gi gzur lha 'bum dgon gyi sprul sku mkhyen rab rgyas shing /__dad dam gyi blo gros brtan pa 'jam dbyangs bstan 'dzin bzang pos lha reg tsI na'i 'phrul bzos 'jam dpal gyi phyag mtshan ri mo bcas kyi rten dang bcas nan tan chen pos bskul ba'i ngor rang la 'di ltar sbyar ba'i 'os su ma gyur kyang /__bskul ba po dag snang rgyas pa'i dbang du byas nas chos kyi blo gros pas bris pa don dang ldan par gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མའི་རྣལ་འབྱོར་བྱིན་བརླབས་འབེབས་པ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭ་སྟི། དཀྱིལ་འཁོར་ཀུན་བདག་བླ་མ་ཡི། །ཞབས་ཀྱི་པདྨོ་ལ་བཏུད་ནས། །དེ་ཡི་རྣལ་འབྱོར་ཟབ་མོ་ནི། །བྱིན་རླབས་ཆར་ཆེན་འབེབས་ཕྱིར་སྤྲོ། །དེ་ལ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་བདེ་བའི་སྟན་ལ་འཁོད་དེ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་གཉིས་ཡིད་ལ་བྱས་ཏེ་རྣལ་འབྱོར་ཟབ་མོར་འཇུག་པར་བྱའོ། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་མངོན་སུམ་བཞིན་དུ་གསལ་བཏབ་ལ། བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མ་སྐྱབས་ཀུན་འདུས་ཞལ་ལ། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། །ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བའི་ཕྱིར། །བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་བླ་མའི་རྣལ་འབྱོར་ནི། །དད་མོས་དྲག་པོས་རྩེ་གཅིག་བསྒོམ་པར་བགྱི། །ལན་གསུམ། དངོས་གཞི་ལ་རྟེན་བསྐྱེད་པ། སྤྱན་དྲངས་པ། ཡན་ལག་བདུན་པ། མཎྜལ། གསོལ་བ་འདེབས་པའོ། །དང་པོ་ནི། ཨཱཿ རང་གི་མདུན་གྱི་ནམ་མཁའ་རུ། །སེང་ཁྲི་པདྨ་ཟླ་བའི་སྟེང་། །རྩ་བའི་བླ་མ་རྡོ་རྗེ་འཆང་། །བློ་གྲོས་རྒྱ་མཚོ་སྐུ་མདོག་དཀར། །ཅུང་ཟད་དམར་བའི་མདངས་ལྡན་ཞིང་། །ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྒྱིངས། །གཡོན་པས་མཉམ་བཞག་དྲིལ་བུ་འཛིན། །དབུ་ལ་པད་ཞྭ་དམར་པོ་མཛེས། །ཞབས་གཉིས་ཕྱེད་སྐྱིལ་ཚུལ་གྱིས་བཞུགས། །དེ་ལྟར་གསལ་བའི་དབུ་ཡི་ནང་། །ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །ཞི་འཛུམ་པཎྜི་ཏ་ཡི་ཆས། །སེམས་ཉིད་ངལ་གསོའི་ཕྱག་རྒྱས་བཞུགས། །མགྲིན་པར་པདྨ་དབང་ཆེན་ནི། །ཡེ་ཤེས་རོལ་རྩལ་རྣལ་འབྱོར་ཆས། །སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །ཐུགས་ཀར་ཀུན་མཁྱེན་འཇམ་པའི་དབྱངས། །མི་ཕམ་རྒྱ་མཚོ་རབ་བྱུང་ཚུལ། །ཕྱག་གཉིས་ཆོས་འཆད་རལ་གླེགས་འཛིན། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཡིག་འབྲུ་གསུམ་གྱིས་མཚན་པར་བསྒོམ། །ཐུགས་ནས་འོད་ཟེར་རབ་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། གཉིས་པ་སྤྱན་དྲངས་པ་ནི། ཨཱཿ སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་སྐུའི་བླ་མ་གཤེགས་སུ་གསོལ། །རང་བཞིན་འོད་གསལ་གཞལ་ཡས་ནས། །ལོངས་སྐུའི་བླ་མ་གཤེགས་སུ་གསོལ། །འགྲོ་འདུལ་ཐུགས་རྗེའི་ཞིང་ཁམས་ནས། །སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ། །བླ་མ་རྒྱ་མཚོ་གཙོ་དང་འཁོར། །དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ཞེས་པས་སྤྱན་དྲངས་སྤྱི་བོའི་བླ་མ་ལ་དབྱེར་མེད་དུ་ཐིམ་པར་མོས། གསུམ་པ་ཚོགས་བསག་ཡན་ལག་བདུན་པ་འབུལ་བ་ནི། སྐྱབས་གནས་ཀུན་འདུས་གདན་གསུམ་ཚང་བའི་སྐུ། །ཉོན་མོངས་གདུང་སེལ་ཆོས་སྒྲ་སྒྲོགས་པའི་གསུང་། །ཡེ་ཤེས་ལྔ་ལྡན་བདེ་གསལ་མི་རྟོག་ཐུགས། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་པོས་བཟུང་དང་ཡོངས་སུ་མ་བཟུང་བའི། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་འཕྲུལ་པའི། །རབ་འབྱམས་ནམ་མཁའ་གང་བའི་མཆོད་སྤྲིན་རྣམས། །བློ་ཡིས་བླངས་ཏེ་དཔལ་ལྡན་བླ་མར་མཆོད། །ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི། །བཅས་དང་རང་བཞིན་ཉེས་པའི་སྡིག་ལྟུང་དང་། །ཁྱད་པར་བླ་མའི་སྐུ་གསུང་ཐུགས་འགལ་བའི། །དམ་ཚིག་ཉམས་ཆགས་མ་ལུས་བཤགས་པར་བགྱི། །འཕགས་དང་སོ་སོའི་སྐྱེ་བོས་བསགས་པ་ཡི། །དུས་གསུམ་དགེ་བ་བགྱིས་དང་བགྱིད་རྩལ་དང་། །བགྱིད་པར་འགྱུར་བ་ཀུན་ལ་ཕྲག་དོགས་སྤངས། །བདག་ནི་དགའ་བས་རྗེས་སུ་ཡི་རང་ངོ་། །གང་ཡང་ཕྱོགས་བཅུའི་ཞིང་ན་གཤེགས་པ་ཡི། །འཕགས་པའི་ཐུགས་ནི་བཏང་སྙོམས་བཞུགས་པ་ལ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་ནི། །གདུལ་བྱའི་བློ་དང་འཚམས་པར་བསྐོར་བར་བསྐུལ། །རྒྱལ་བ་འཇིག་རྟེན་ཉི་མ་ཆེན་པོ་རྣམས། །ཞིང་འདིའི་ནུབ་རིར་གཤེགས་པར་བཞེད་པ་རྣམས། །བསྟན་འགྲོའི་མུན་སེལ་སྣང་བྱེད་ཆེན་པོ་རུ། །བསྐལ་པ་རྒྱ་མཚོར་མི་འདར་བཞུགས་གསོལ་འདེབས། །དེ་ལྟར་བསགས་ལས་བྱུང་བའི་དགེ་བས་མཚོན། །དུས་གསུམ་རྣམས་སུ་དགེ་བ་ཅི་མཆིས་པ། །མཁའ་ཁྱབ་འགྲོ་བའི་དོན་དུ་ཡོངས་བསྔོ་ནས། །འཇམ་དཔལ་དཔའ་བོའི་གོ་འཕང་མྱུར་ཐོབ་ཤོག །བཞི་པ་མཎྜལ་ནི། ན་མོ། བཀོད་པ་ཤིན་ཏུ་མཛེས་པའི་མཎྜ་ལར། །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་དང་། །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་པའི་ལོ་ཏོག །རྒྱལ་སྲིད་བདུན་དང་གཏེར་ཆེན་བུམ་པ་བཟང་། །སྒེག་སོགས་བརྒྱད་དང་ཉི་ཟླ་གདུགས་རྒྱལ་མཚན། །ལྷ་མའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཡིས། །ཆོས་ཀྱི་རྒྱལ་པོ་བླ་མ་མཆོད་པར་བགྱི། །ཨོཾ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་གྲངས་ཅི་ནུས་དབུལ། ལྔ་པ་གསོལ་བ་འདེབས་ཤིང་ཐུགས་རྒྱུད་བསྐུལ་བའི་བཟླས་པ་བྱ་བ་ནི། རྒྱས་པར་བླ་མ་རྣམས་ཀྱི་གསོལ་འདེབས་སོ་སོར་འབྱུང་བ་རྣམས་དང་དཀྱུས་སུ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །སངས་རྒྱས་ཀུན་གྱི་གདུང་འཛིན་པ། །ཆོས་ཀྱི་རྒྱལ་པོ་མཁྱེན་བརྩེའི་གཏེར། །དཀྱིལ་འཁོར་ཀུན་གྱི་བདག་པོ་ལ། །སྙིང་ནས་གསོལ་འདེབས་བྱིན་གྱིས་རློབས། །མ་རིག་མུན་སེལ་སྒྲོན་མེ་མཆོག །ཐར་པའི་ལམ་སྟོན་འཁོར་མཚོ་ལས། །སྒྲོལ་བའི་དེད་དཔོན་ཆེན་པོ་ལ། །བྱང་ཆུབ་བར་དུ་གསོལ་བ་འདེབས། །རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་མཆོག །དཀོན་མཆོག་གསུམ་དངོས་བླ་མ་རྗེ། །ཡིད་བཞིན་ནོར་ལྟར་དངོས་གྲུབ་སྩོལ། །ཁྱེད་ལ་དད་པས་གསོལ་བ་འདེབས། །ཉམ་ཐག་བདག་ལ་བརྩེ་བས་དགོངས། །རྐྱེན་ངན་བར་ཆད་ཐམས་ཅད་སོལ། །སྐུ་གསུམ་ཐུགས་ཀྱི་བྱིན་གྱིས་རློབས། །ཅེས་བརྗོད་ལ་རིག་འཛིན་འདུས་པ་སྤྱི་ཡི་སྔགས། ཨོཾ་ཨཱཿབཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃཿ ཞེས་ཅི་ནུས་བཟླ་བར་བྱའོ། །གསུམ་པ་རྗེས་ལ་ཚོགས་མཆོད་འབུལ་བ། གསོལ་འདེབས་རྒྱང་འབོད་ཀྱི་ཐུགས་དམ་བསྐུལ་བ། དབང་བླངས་བ། རང་ལ་བསྟིམ་ནས་ཐུགས་ཡིད་བསྲེ་བ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ། ལམ་ཁྱེར་ལ་བསླབ་པའོ། །དང་པོ་ནི་ཐབས་ཤེས་ཀྱི་རྫས་ཚོགས་པར་བཤམས་པར་ནང་ཆུ་ཆང་གསུམ་གྱིས་བྲན་ལ། རྃ་ཡྃ་ཁྃ། མི་གཙང་དྲི་མ་བསྲེག་གཏོར་བཀྲུས། །པདྨ་བྷཉྫའི་སྣོད་ཡངས་པར། །ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ། །རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ། །རྣམ་པ་ཟག་མེད་མཆོད་པ་ཆེ། །འདོད་ཡོན་དྲུག་གི་སྤྲིན་འཕྲོ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་མང་དུ་བརྗོད། ཚོགས་ཕུད་རིམ་པ་གསུམ་སྤྲོས་ནས་མ་དཱ་ནའི་ཕུད་དང་བཅས། ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་གསུམ་ལྷ་ཚོགས་དང་། །ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོངས་དང་། །ནོར་ལྷ་གཏེར་བདག་རབ་འབྱམས་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྱི་ནང་གསང་བའི་འདོད་ཡོན་གྱིས། །རྡོ་རྗེའི་དབང་པོ་དགྱེས་རྒུར་བསྐྱེད། །བདེ་ཆེན་སྦྱོར་བའི་མཆོད་པས་མཉེས། །ཐུགས་དམ་བསྐོངས་ཤིང་ཉམས་ཆགས་བཤགས། །རྣམ་ཐར་གསུམ་ལྡན་ཨེ་དབྱིངས་སུ། །བདག་ལྟའི་རུ་ཏྲ་བཀུག་བྱས་ནས། །བདག་མེད་རྟོགས་པའི་མཚོན་གྱིས་བསྒྲལ། །ཤ་ཁྲག་ཚོགས་ཀྱི་འཁོར་ལོར་རོལ། །ལྔ་ཕུང་དུག་གསུམ་རྩད་གཅོད་ཅིང་། །རྒྱལ་བའི་སྲས་སུ་བསྐྲུན་པར་བྱ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཡིག་བརྒྱ་བརྗོད། ཚོགས་བར་པར་རོལ་པའི་བདུད་རྩིས་སྙིང་ཀའི་བླ་མ་མཉེས་པར་བསམ། ལྷག་མ་བསྔོ་བ་ནི། ལྷག་གཏོར་ཁ་ཕྲུས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་རླབས། ཕཻཾ། ལྷག་ལ་དབང་བའི་མཁའ་འགྲོ་དང་། །གིང་དང་ལང་ཀ་ཕོ་ཉའི་ཚོགས། །འདིར་གཤེགས་ལྷག་ཕུད་མཆོད་པ་བཞེས། །རྣམ་བཞིའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཨུ་ཙིཥྚ་བ་ལིཾ་ཏ་ཁཱ་ཧི། ཅེས་ལྷག་མ་ཕྱི་རོལ་དུ་མཆོད། གཉིས་པ་གསོལ་འདེབས་རྒྱང་འབོད་ཀྱི་ཐུགས་དམ་བསྐུལ་བ་ནི། མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ། །ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །འཕགས་ཚོགས་དགེ་འདུན་གྱི་ངོ་བོ། །དཔལ་ལྡན་རྩ་བའི་བླ་མ་རང་མཁྱེན་ནོ། །བྱིན་བརླབ་དངོས་གྲུབ་ཀྱི་གཏེར་ཆེན། །རྩ་གསུམ་རབ་འབྱམས་ཀྱི་སྤྱི་གཟུགས། །གདན་གསུམ་རྡོ་རྗེ་ཡི་བདག་ཉིད། །སྐུ་བཞིའི་དབང་ཕྱུག་ཁྱེད་མཁྱེན་ནོ། །གདུང་སེལ་ག་བུར་གྱི་ལྷུན་པོ། །དགོས་འདོད་ཀུན་འབྱུང་གི་ནོར་བུ། །མ་རིག་མུན་སེལ་གྱི་སྒྲོན་མེ། །ཕ་གཅིག་བླ་མ་རྗེ་མཁྱེན་ནོ། །གསོལ་བ་སྙིང་ནས་རང་འདེབས་སོ། །བྱིན་བརླབས་ད་ལྟ་རང་སྩོལ་ཅིག །ཅེས་མོས་གུས་ཀྱི་གདུང་དབྱངས་དྲག་པོ་ལྷང་ལྷང་བྱ། གསུམ་པ་དབང་བླངས་བ་ནི། བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར། །ཀུན་མཁྱེན་བླ་མའི་སྐུ་ནས་གྲངས་མེད་འཕྲོས། །སྤྱི་བོར་ཐིམ་པས་རྩ་ཡི་སྒྲིབ་པ་དག །སྣང་སྟོང་ལྷ་སྐུར་སྨིན་ཅིང་བུམ་དབང་ཐོབ། །སྤྲུལ་པ་སྐུ་ཡི་ས་བོན་རྒྱུད་ལ་བཞག །བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར། །རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་འཕྲོས། །མགྲིན་པར་ཐིམ་པས་རླུང་གི་སྒྲིབ་པ་དག །གྲགས་སྟོང་སྔགས་སུ་སྨིན་ཅིང་གསང་དབང་ཐོབ། །ལོངས་སྤྱོད་རྫོགས་སྐུའི་ས་བོན་རྒྱུད་ལ་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་དང་། །འཇམ་དཔལ་དགྱེས་པའི་རྡོ་རྗེ་རབ་ཏུ་འཕྲོ། །སྙིང་ཀར་ཐིམ་པས་ཐིག་ལེའི་སྒྲིབ་པ་དག །རིག་སྟོང་འོད་གསལ་སྨིན་ཅིང་ཤེར་དབང་ཐོབ། །ཆོས་ཀྱི་སྐུ་ཡི་ས་བོན་རྒྱུད་ལ་བཞག །བླ་མའི་གནས་གསུམ་འོད་ཟེར་འདྲེས་པ་དང་། །སྐུ་གསུང་ཐུགས་ནས་འོད་ལྔའི་གོང་བུ་བྱུང་། །གནས་གསུམ་ཅིག་ཆར་ཞུགས་ཤིང་སྙིང་དབུས་ཐིམ། །འཕོ་བའི་སྒྲིབ་དག་བདེ་སྟོང་ཆེན་པོར་སྨིན། །ཡེ་ཤེས་རྡོ་རྗེའི་ས་བོན་རྒྱུད་ལ་བཞག །བཞི་པ་རང་ལ་བསྟིམ་ནས་ཐུགས་ཡིད་བསྲེ་བ་ནི། བླ་མ་དགྱེས་པ་ཆེན་པོ་ཡིས། །ལུས་དཀྱིལ་ལྷ་དང་བཅས་པ་རྣམས། །འོད་ཟེར་བདུད་རྩིའི་གོང་བུར་ཞུ། །རང་ལ་ཐིམ་པས་སྒོ་གསུམ་དང་། །དབྱེར་མེད་རོ་གཅིག་འདྲེས་པའི་ངང་། །དུས་གསུམ་རྟོག་པས་མ་བསླད་ཅིང་། །རིག་སྟོང་འོད་གསལ་ཆེན་པོའི་ཀློང་། །དམིགས་བསམ་བརྗོད་པ་བྲལ་བར་བཞག །ལྔ་པ་དགེ་བསྔོ་ཤིས་བརྗོད་ནི། འདི་ལྟར་སྒྲུབ་པའི་དགེ་བ་ཅི་མཆིས་པ། །ནམ་མཁའི་མཐའ་ཁྱབ་ཁམས་གསུམ་འགྲོ་ལ་བསྔོ། །ལས་ཉོན་སྡུག་བསྔལ་རྒྱ་མཚོ་ལས་སྒྲོལ་ཏེ། །དཔལ་ལྡན་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་དང་། སྐྱེ་བ་ཀུན་ཏུ༴ སོགས་བརྗོད། བྱིན་བརླབས་དཔལ་སྟེར་བླ་མ་རིན་པོ་ཆེས། །བཀྲ་ཤིས་མེ་ཏོག་དཀར་པོ་ཆར་དུ་བསྙིལ། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་དགེ་མཚན་གྱི། །དུས་རྣམས་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག །དྲུག་པ་བླ་མའི་ལམ་ཁྱེར་ནི། །ཅིར་སྣང་ཅི་སྤྱོད་བླ་མ་ཡི། །གསང་གསུམ་རོལ་པར་བལྟ་བ་དང་། །སྤྱི་མགྲིན་སྙིང་གར་བསྒོམ་བྱས་ལ། །དབང་བླངས་བདུད་རྩིའི་མཆོད་པ་དང་། །རྨི་ལམ་འོད་གསལ་སྦྱངས་བ་དང་། །བར་དོའི་འཁྲུལ་སྣང་བཅད་པར་བྱ། །འཆི་ཁ་བླ་མའི་ཐུགས་ཀར་འཕོ། །ཉམས་ལེན་གནད་དུ་དྲིལ་བའོ། །བླ་མའི་རྣལ་འབྱོར་ཉུང་ངུ་འདིས། །འབྲེལ་པས་བསྡུས་པའི་སེམས་ཅན་ལ། །ཕན་པ་རྒྱ་ཆེན་འབྱུང་བ་དང་། །བླ་མའི་ལམ་གྱིས་གྲོལ་གྱུར་ཅིག །ཅེས་པའང་ཉག་ཨ་ཛི་རོང་གི་གཟུར་ལྷ་འབུམ་དགོན་གྱི་སྤྲུལ་སྐུ་མཁྱེན་རབ་རྒྱས་ཤིང་། དད་དམ་གྱི་བློ་གྲོས་བརྟན་པ་འཇམ་དབྱངས་བསྟན་འཛིན་བཟང་པོས་ལྷ་རེག་ཙཱི་ནའི་འཕྲུལ་བཟོས་འཇམ་དཔལ་གྱི་ཕྱག་མཚན་རི་མོ་བཅས་ཀྱི་རྟེན་དང་བཅས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་རང་ལ་འདི་ལྟར་སྦྱར་བའི་འོས་སུ་མ་གྱུར་ཀྱང་། བསྐུལ་བ་པོ་དག་སྣང་རྒྱས་པའི་དབང་དུ་བྱས་ནས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
[edit]

@#/__/bla ma'i rnal 'byor byin brlabs 'bebs pa zhes bya ba bzhugs so/__/ oM swa sti/__dkyil 'khor kun bdag bla ma yi/__/zhabs kyi pad+mo la btud nas/__/de yi rnal 'byor zab mo ni/__/byin rlabs char chen 'bebs phyir spro/__/de la dbang thob cing dam tshig la gnas pa'i rnal 'byor pas bde ba'i stan la 'khod de nges 'byung dang byang chub kyi sems gnyis yid la byas te rnal 'byor zab mor 'jug par bya'o/__/de la sngon 'gro dngos gzhi rjes kyi rim pa'o/__/dang po skyabs su 'gro ba ni/__skyabs yul mngon sum bzhin du gsal btab la/__bdag gzhan mkha' khyab 'gro ba ma lus kun/__/deng nas bzung ste byang chub snying po'i bar/__/dpal ldan bla ma skyabs kun 'dus zhal la/__/mi phyed gus pa chen pos skyabs su mchi/__/lan gsum/__gnyis pa sems bskyed pa ni/__'gro kun srid pa'i mtsho las bsgral ba'i phyir/__/bdag gis rdzogs pa'i sangs rgyas thob par bya/__/de yi ched du bla ma'i rnal 'byor ni/__/dad mos drag pos rtse gcig bsgom par bgyi/__/lan gsum/__dngos gzhi la rten bskyed pa/__spyan drangs pa/__yan lag bdun pa/__maN+Dal/__gsol ba 'debs pa'o/__/dang po ni/__AHrang gi mdun gyi nam mkha' ru/__/seng khri pad+ma zla ba'i steng /__/rtsa ba'i bla ma rdo rje 'chang /__/blo gros rgya mtsho sku mdog dkar/__/cung zad dmar ba'i mdangs ldan zhing /__/zhi ma khro 'dzum gzi brjid 'bar/__/phyag g.yas rdo rje thugs kar bsgyings/__/g.yon pas mnyam bzhag dril bu 'dzin/__/dbu la pad zhwa dmar po mdzes/__/zhabs gnyis phyed skyil tshul gyis bzhugs/__/de ltar gsal ba'i dbu yi nang /__/chos kyi rgyal po klong chen pa/__/zhi 'dzum paN+Di ta yi chas/__/sems nyid ngal gso'i phyag rgyas bzhugs/__/mgrin par pad+ma dbang chen ni/__/ye shes rol rtsal rnal 'byor chas/__/sems nyid ngal gso'i phyag rgya can/__/thugs kar kun mkhyen 'jam pa'i dbyangs/__/mi pham rgya mtsho rab byung tshul/__/phyag gnyis chos 'chad ral glegs 'dzin/__/de ltar gsal ba'i gnas gsum du/__/yig 'bru gsum gyis mtshan par bsgom/__/thugs nas 'od zer rab 'phros pas/__/ye shes sems dpa' spyan drangs gyur/__gnyis pa spyan drangs pa ni/__AHskye med dbyings kyi pho brang nas/__/chos sku'i bla ma gshegs su gsol/__/rang bzhin 'od gsal gzhal yas nas/__/longs sku'i bla ma gshegs su gsol/__/'gro 'dul thugs rje'i zhing khams nas/__/sprul sku'i bla ma gshegs su gsol/__/bla ma rgya mtsho gtso dang 'khor/__/dpa' bo mkha' 'gro'i tshogs dang bcas/__/'dir gshegs bdag la byin gyis rlobs/__/mchog dang thun mongs dngos grub stsol/__/zhes pas spyan drangs spyi bo'i bla ma la dbyer med du thim par mos/__gsum pa tshogs bsag yan lag bdun pa 'bul ba ni/__skyabs gnas kun 'dus gdan gsum tshang ba'i sku/__/nyon mongs gdung sel chos sgra sgrogs pa'i gsung /__/ye shes lnga ldan bde gsal mi rtog thugs/__/dpal ldan bla ma'i zhabs la phyag 'tshal lo/__/bdag pos bzung dang yongs su ma bzung ba'i/__/dngos su 'byor dang yid kyis rnam 'phrul pa'i/__/rab 'byams nam mkha' gang ba'i mchod sprin rnams/__/blo yis blangs te dpal ldan bla mar mchod/__/tshe rabs 'khor ba thog med nas bsags pa'i/__/bcas dang rang bzhin nyes pa'i sdig ltung dang /__/khyad par bla ma'i sku gsung thugs 'gal ba'i/__/dam tshig nyams chags ma lus bshags par bgyi/__/'phags dang so so'i skye bos bsags pa yi/__/dus gsum dge ba bgyis dang bgyid rtsal dang /__/bgyid par 'gyur ba kun la phrag dogs spangs/__/bdag ni dga' bas rjes su yi rang ngo /__/gang yang phyogs bcu'i zhing na gshegs pa yi/__/'phags pa'i thugs ni btang snyoms bzhugs pa la/__/zab dang rgya che'i chos kyi 'khor lo ni/__/gdul bya'i blo dang 'tshams par bskor bar bskul/__/rgyal ba 'jig rten nyi ma chen po rnams/__/zhing 'di'i nub rir gshegs par bzhed pa rnams/__/bstan 'gro'i mun sel snang byed chen po ru/__/bskal pa rgya mtshor mi 'dar bzhugs gsol 'debs/__/de ltar bsags las byung ba'i dge bas mtshon/__/dus gsum rnams su dge ba ci mchis pa/__/mkha' khyab 'gro ba'i don du yongs bsngo nas/__/'jam dpal dpa' bo'i go 'phang myur thob shog__/bzhi pa maN+Dal ni/__na mo/__bkod pa shin tu mdzes pa'i maN+Da lar/__/dbus kyi ri rgyal gling bzhi gling phran dang /__/rin chen ri bo dpag bsam ljon pa'i shing /__/'dod 'jo'i ba dang ma rmos pa'i lo tog__/rgyal srid bdun dang gter chen bum pa bzang /__/sgeg sogs brgyad dang nyi zla gdugs rgyal mtshan/__/lha ma'i dpal 'byor phun sum tshogs pa yis/__/chos kyi rgyal po bla ma mchod par bgyi/__/oM gu ru rat+na maN+Da la pU dza me g+ha sa mu dra s+pha ra Na sa ma ye AHhU~M/__zhes grangs ci nus dbul/__lnga pa gsol ba 'debs shing thugs rgyud bskul ba'i bzlas pa bya ba ni/__rgyas par bla ma rnams kyi gsol 'debs so sor 'byung ba rnams dang dkyus su/__kye kye bla ma rin po che/__/sangs rgyas kun gyi gdung 'dzin pa/__/chos kyi rgyal po mkhyen brtse'i gter/__/dkyil 'khor kun gyi bdag po la/__/snying nas gsol 'debs byin gyis rlobs/__/ma rig mun sel sgron me mchog__/thar pa'i lam ston 'khor mtsho las/__/sgrol ba'i ded dpon chen po la/__/byang chub bar du gsol ba 'debs/__/rtsa gsum rgya mtsho'i spyi gzugs mchog__/dkon mchog gsum dngos bla ma rje/__/yid bzhin nor ltar dngos grub stsol/__/khyed la dad pas gsol ba 'debs/__/nyam thag bdag la brtse bas dgongs/__/rkyen ngan bar chad thams cad sol/__/sku gsum thugs kyi byin gyis rlobs/__/ces brjod la rig 'dzin 'dus pa spyi yi sngags/__oM AHbadz+ra ma hA gu ru dz+nyA na sarba sid+d+hi hU~MHzhes ci nus bzla bar bya'o/__/gsum pa rjes la tshogs mchod 'bul ba/__gsol 'debs rgyang 'bod kyi thugs dam bskul ba/__dbang blangs ba/__rang la bstim nas thugs yid bsre ba/__dge ba bsngo zhing shis pa brjod pa/__lam khyer la bslab pa'o/__/dang po ni thabs shes kyi rdzas tshogs par bshams par nang chu chang gsum gyis bran la/__ra~M ya~M kha~M/__mi gtsang dri ma bsreg gtor bkrus/__/pad+ma b+hany+dza'i snod yangs par/__/tshogs rdzas sha lnga bdud rtsi lnga/__/rigs lnga ye shes lnga'i ngo bo/__/rnam pa zag med mchod pa che/__/'dod yon drug gi sprin 'phro gyur/__/oM AHhU~M ha ho hrIHlan mang du brjod/__tshogs phud rim pa gsum spros nas ma dA na'i phud dang bcas/__oM AHhU~M:__bla ma sku gsum lha tshogs dang /__/yi dam zhi khro'i dkyil 'khor tshogs/__/dpa' bo mkha' 'gro chos skyongs dang /__/nor lha gter bdag rab 'byams rnams/__/'dir gshegs tshogs kyi mchod pa bzhes/__/phyi nang gsang ba'i 'dod yon gyis/__/rdo rje'i dbang po dgyes rgur bskyed/__/bde chen sbyor ba'i mchod pas mnyes/__/thugs dam bskongs shing nyams chags bshags/__/rnam thar gsum ldan e dbyings su/__/bdag lta'i ru tra bkug byas nas/__/bdag med rtogs pa'i mtshon gyis bsgral/__/sha khrag tshogs kyi 'khor lor rol/__/lnga phung dug gsum rtsad gcod cing /__/rgyal ba'i sras su bskrun par bya/__/ma hA ga Na tsakra pU dza hoHyig brgya brjod/__tshogs bar par rol pa'i bdud rtsis snying ka'i bla ma mnyes par bsam/__lhag ma bsngo ba ni/__lhag gtor kha phrus bran la/__oM AHhU~M ha ho hrIHlan gsum gyis rlabs/__phaiM/__lhag la dbang ba'i mkha' 'gro dang /__/ging dang lang ka pho nya'i tshogs/__/'dir gshegs lhag phud mchod pa bzhes/__/rnam bzhi'i phrin las grub par mdzod/__/oM u tsiSh+Ta ba liM ta khA hi/__ces lhag ma phyi rol du mchod/__gnyis pa gsol 'debs rgyang 'bod kyi thugs dam bskul ba ni/__mkhyen no mkhyen no bla ma mkhyen no/__/sangs rgyas kun 'dus kyi ngo bo/__/lung rtogs dam chos kyi 'byung gnas/__/'phags tshogs dge 'dun gyi ngo bo/__/dpal ldan rtsa ba'i bla ma rang mkhyen no/__/byin brlab dngos grub kyi gter chen/__/rtsa gsum rab 'byams kyi spyi gzugs/__/gdan gsum rdo rje yi bdag nyid/__/sku bzhi'i dbang phyug khyed mkhyen no/__/gdung sel ga bur gyi lhun po/__/dgos 'dod kun 'byung gi nor bu/__/ma rig mun sel gyi sgron me/__/pha gcig bla ma rje mkhyen no/__/gsol ba snying nas rang 'debs so/__/byin brlabs da lta rang stsol cig__/ces mos gus kyi gdung dbyangs drag po lhang lhang bya/__gsum pa dbang blangs ba ni/__bla ma'i dpral ba'i oM las 'od zer dkar/__/kun mkhyen bla ma'i sku nas grangs med 'phros/__/spyi bor thim pas rtsa yi sgrib pa dag__/snang stong lha skur smin cing bum dbang thob/__/sprul pa sku yi sa bon rgyud la bzhag__/bla ma'i mgrin pa'i AHlas 'od zer dmar/__/rang byung rdo rje mkhyen brtse'i 'od zer 'phros/__/mgrin par thim pas rlung gi sgrib pa dag__/grags stong sngags su smin cing gsang dbang thob/__/longs spyod rdzogs sku'i sa bon rgyud la bzhag__/bla ma'i thugs ka'i hU~M las 'od sngon dang /__/'jam dpal dgyes pa'i rdo rje rab tu 'phro/__/snying kar thim pas thig le'i sgrib pa dag__/rig stong 'od gsal smin cing sher dbang thob/__/chos kyi sku yi sa bon rgyud la bzhag__/bla ma'i gnas gsum 'od zer 'dres pa dang /__/sku gsung thugs nas 'od lnga'i gong bu byung /__/gnas gsum cig char zhugs shing snying dbus thim/__/'pho ba'i sgrib dag bde stong chen por smin/__/ye shes rdo rje'i sa bon rgyud la bzhag__/bzhi pa rang la bstim nas thugs yid bsre ba ni/__bla ma dgyes pa chen po yis/__/lus dkyil lha dang bcas pa rnams/__/'od zer bdud rtsi'i gong bur zhu/__/rang la thim pas sgo gsum dang /__/dbyer med ro gcig 'dres pa'i ngang /__/dus gsum rtog pas ma bslad cing /__/rig stong 'od gsal chen po'i klong /__/dmigs bsam brjod pa bral bar bzhag__/lnga pa dge bsngo shis brjod ni/__'di ltar sgrub pa'i dge ba ci mchis pa/__/nam mkha'i mtha' khyab khams gsum 'gro la bsngo/__/las nyon sdug bsngal rgya mtsho las sgrol te/__/dpal ldan bla ma'i go 'phang thob par shog__/ces dang /__skye ba kun tu=__sogs brjod/__byin brlabs dpal ster bla ma rin po ches/__/bkra shis me tog dkar po char du bsnyil/__/phyogs dus kun tu khyab pa'i dge mtshan gyi/__/dus rnams kun tu bkra shis dpal 'bar shog__/drug pa bla ma'i lam khyer ni/__/cir snang ci spyod bla ma yi/__/gsang gsum rol par blta ba dang /__/spyi mgrin snying gar bsgom byas la/__/dbang blangs bdud rtsi'i mchod pa dang /__/rmi lam 'od gsal sbyangs ba dang /__/bar do'i 'khrul snang bcad par bya/__/'chi kha bla ma'i thugs kar 'pho/__/nyams len gnad du dril ba'o/__/bla ma'i rnal 'byor nyung ngu 'dis/__/'brel pas bsdus pa'i sems can la/__/phan pa rgya chen 'byung ba dang /__/bla ma'i lam gyis grol gyur cig__/ces pa'ang nyag a dzi rong gi gzur lha 'bum dgon gyi sprul sku mkhyen rab rgyas shing /__dad dam gyi blo gros brtan pa 'jam dbyangs bstan 'dzin bzang pos lha reg tsI na'i 'phrul bzos 'jam dpal gyi phyag mtshan ri mo bcas kyi rten dang bcas nan tan chen pos bskul ba'i ngor rang la 'di ltar sbyar ba'i 'os su ma gyur kyang /__bskul ba po dag snang rgyas pa'i dbang du byas nas chos kyi blo gros pas bris pa don dang ldan par gyur cig__/sarba mang+ga laM//____//

Footnotes

Other Information