JKCL-KABUM-03-GA-198

From Khyentse Lineage - A Tsadra Foundation Project
Revision as of 13:25, 6 December 2021 by Mort (talk | contribs)

ཨོཾ་སྭསྟི། སྲས་བཅས་རྒྱལ་བའི་མཁྱེན་རབ་གཅིག་བསྡུས་པ་ཞེས་མྱུར་འབྱོན།
Wylie title oM swasti/ sras bcas rgyal ba'i mkhyen rab gcig bsdus pa zhes myur 'byon JKCL-KABUM-03-GA-198.pdf
Location chos kyi blo gros bka' 'bum
Volume 3, Text 198, Pages 611-612 (Folios 1a1 to 1b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti sras bcas rgyal ba'i mkhyen rab gcig bsdus pa zhes myur 'byon. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 611-612. Bir, H.P.: Khyentse Labrang, 2012.
Genre Petitions for a Speedy Rebirth - yang srid myur byon
Colophon

།དེ་ལྟར་གསོལ་འདེབས་གདུང་བའི་དབྱངས་འདིའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ལྷག་བསམ་དང་དད་མོས་དྲག་པོས་གུས་པས་ཤྲཱི་བཀྲ་ཤིས་ལྷ་རྩེའི་དགེ་འདུན་འདུས་པའི་སྡེར་ཕུལ།།

/de ltar gsol 'debs gdung ba'i dbyangs 'di'ang 'jam dbyangs chos kyi blo gros pas lhag bsam dang dad mos drag pos gus pas shrI bkra shis lha rtse'i dge 'dun 'dus pa'i sder phul//

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི། སྲས་བཅས་རྒྱལ་བའི་མཁྱེན་རབ་གཅིག་བསྡུས་པ། །རྗེ་བཙུན་བླ་མ་བརྟན་པའི་འཁོར་ལོ་ཡི། །ཟློས་གར་རྣམ་པར་རྩེན་ལས་ལེགས་ཤར་བ། །དམར་སེར་དྷཱིཿཡིག་འོད་ཟེར་ཕྱོགས་བརྒྱར་འགྱེད། །མ་རིག་མུན་བསལ་ཡང་དག་སྣང་བ་ཡིས། །གོ་སྐབས་བྱེ་བར་མཛོད་ཅིག་འཇམ་པའི་དབྱངས། །ཐུགས་རྗེའི་སྤྲིན་ཆེན་རྣམ་པར་འཁྲིགས་པ་ཉིད། །གསོལ་འདེབས་རླུང་གི་ལྕགས་ཀྱུའི་བསྐུལ་བ་ལས། །ཅི་འདོད་ནོར་བུ་དབང་གི་རྒྱལ་པོ་ཡིས། །ཆར་ཆེན་བསིལ་རིའི་ལྗོངས་འདིར་ད་ལྟ་ཉིད། །ཕེབས་མཛོད་བླ་མ་རྗེ་བཙུན་མཁྱེན་པའི་གཏེར། །བྱམས་པའི་མ་མ་སྙིང་རྗེའི་མངལ་ལས་ནི། །བྱང་ཆུབ་སེམས་དཔའ་གཞོན་ནུ་དོན་ཀུན་གྲུབ། །སྔོན་གྱི་ཐུབ་པ་ཆེན་པོ་གང་དེ་དང་། །དབྱེར་མེད་བསྐྱེད་མཛོད་འཇམ་དབྱངས་བླ་མ་རྗེ། །དེ་ལྟར་ལེགས་འཁྲུངས་ལ་འཁུ་ལྷ་མིན་གྱི། །ཡིད་སྲུབས་དཔུང་རྣམས་འཇམ་དཔལ་ཁྲོས་པ་ཡི། །ཕྱག་རྒྱས་གཅོད་མཛོད་འཇམ་དབྱངས་བླ་མ་དང་། །དབྱེར་མེད་གཤིན་རྗེ་གཤེད་པོར་གསོལ་བ་འདེབས། །ཐོས་བསམ་བསྒོམ་པའི་ལུས་རྩལ་རབ་རྫོགས་ཅིང་། །བསླབ་གསུམ་རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །འགྲོ་བའི་རེ་སྐོང་དབང་གི་རྒྱལ་པོ་རུ། །རིང་མིན་བསྒྱུར་མཛོད་འཇམ་དབྱངས་བླ་མ་རྗེ། །ལྟ་ངན་མུན་པའི་ཚོགས་ཀྱི་གླང་སྨྱོན་དག །མགོ་བོ་གཅོད་མཛོད་ཡེ་ཤེས་རལ་གྲི་ནི། །གཟི་བྱིན་རབ་འབར་བལྟ་བས་མི་བཟོད་པ། །གང་གི་ཕྱག་ཏུ་བྱིན་ཅིག་འཇམ་པའི་དབྱངས། །འཆི་བདག་བདུད་ཀྱི་དཔུང་ལས་རྣམ་རྒྱལ་ཞིང་། །གཞོམ་མེད་རྡོ་རྗེའི་ཁྲི་ལ་འཁོར་བའི་མཐའ། །རྫོགས་པར་མ་གྱུར་དེ་སྲིད་དུ་ཡང་ནི། །བླ་མེད་ཚེ་དཔག་མེད་དང་དབྱེར་མེད་པ། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་པར་མཛོད། །མཐུ་སྟོབས་གསང་བའི་བདག་པོ་རྡོ་རྗེ་འཛིན། །གང་ལ་རྒྱལ་ཀུན་མི་འཇིགས་ཕྱག་མཚན་ཉིད། །བྱིན་པ་དེང་འདིར་གཞོན་ནུ་དོན་འགྲུབ་ལ། །རིགས་ཀྱི་དབང་རྟགས་རལ་པའི་ཅོད་པཎ་རྩེར། །སྦྱིན་པར་མཛོད་ཅིག་འཇམ་དབྱངས་བླ་མ་རྗེ། །དེ་ལྟར་གདུང་ཤུག་དྲག་པོས་གསོལ་བཏབ་མཐུས། །རྗེ་བཙུན་བླ་མའི་གསང་གསུམ་རྣམ་རོལ་ལས། །ལེགས་ཤར་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ། །བསྐལ་བརྒྱར་ཞབས་བརྟན་བདུད་བཞིའི་གཡུལ་ལས་རྒྱལ། །བསྟན་འགྲོའི་མཆོད་སྡོང་གཅིག་པུར་འབྱུང་གྱུར་ཅིག །དེ་ལྟར་གསོལ་འདེབས་གདུང་བའི་དབྱངས་འདིའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ལྷག་བསམ་དང་དད་མོས་དྲག་པོས་གུས་པས་ཤྲཱི་བཀྲ་ཤིས་ལྷ་རྩེའི་དགེ་འདུན་འདུས་པའི་སྡེར་ཕུལ།། །།
[edit]

oM swasti/__sras bcas rgyal ba'i mkhyen rab gcig bsdus pa/____/rje btsun bla ma brtan pa'i 'khor lo yi/____/zlos gar rnam par rtsen las legs shar ba/____/dmar ser d+hIHyig 'od zer phyogs brgyar 'gyed/____/ma rig mun bsal yang dag snang ba yis/____/go skabs bye bar mdzod cig 'jam pa'i dbyangs/____/thugs rje'i sprin chen rnam par 'khrigs pa nyid/____/gsol 'debs rlung gi lcags kyu'i bskul ba las/____/ci 'dod nor bu dbang gi rgyal po yis/____/char chen bsil ri'i ljongs 'dir da lta nyid/____/phebs mdzod bla ma rje btsun mkhyen pa'i gter/____/byams pa'i ma ma snying rje'i mngal las ni/____/byang chub sems dpa' gzhon nu don kun grub/____/sngon gyi thub pa chen po gang de dang /____/dbyer med bskyed mdzod 'jam dbyangs bla ma rje/____/de ltar legs 'khrungs la 'khu lha min gyi/____/yid srubs dpung rnams 'jam dpal khros pa yi/____/phyag rgyas gcod mdzod 'jam dbyangs bla ma dang /____/dbyer med gshin rje gshed por gsol ba 'debs/____/thos bsam bsgom pa'i lus rtsal rab rdzogs cing /____/bslab gsum rin chen rgyan gyis rnam par spras/____/'gro ba'i re skong dbang gi rgyal po ru/____/ring min bsgyur mdzod 'jam dbyangs bla ma rje/____/lta ngan mun pa'i tshogs kyi glang smyon dag__/mgo bo gcod mdzod ye shes ral gri ni/____/gzi byin rab 'bar blta bas mi bzod pa/____/gang gi phyag tu byin cig 'jam pa'i dbyangs/____/'chi bdag bdud kyi dpung las rnam rgyal zhing /____/gzhom med rdo rje'i khri la 'khor ba'i mtha'/____/rdzogs par ma gyur de srid du yang ni/____/bla med tshe dpag med dang dbyer med pa/____/rje btsun bla mas byin gyis rlobs par mdzod/____/mthu stobs gsang ba'i bdag po rdo rje 'dzin/____/gang la rgyal kun mi 'jigs phyag mtshan nyid/____/byin pa deng 'dir gzhon nu don 'grub la/____/rigs kyi dbang rtags ral pa'i cod paN rtser/____/sbyin par mdzod cig 'jam dbyangs bla ma rje/____/de ltar gdung shug drag pos gsol btab mthus/____/rje btsun bla ma'i gsang gsum rnam rol las/____/legs shar rje btsun mchog gi sprul pa'i sku/____/bskal brgyar zhabs brtan bdud bzhi'i g.yul las rgyal/____/bstan 'gro'i mchod sdong gcig pur 'byung gyur cig__/de ltar gsol 'debs gdung ba'i dbyangs 'di'ang 'jam dbyangs chos kyi blo gros pas lhag bsam dang dad mos drag pos gus pas shrI bkra shis lha rtse'i dge 'dun 'dus pa'i sder phul//____//

Footnotes

Other Information