DKR-KABUM-11-DA-029

From Khyentse Lineage - A Tsadra Foundation Project
Revision as of 11:34, 2 December 2022 by Mort (talk | contribs)

བླ་མ་བསྟན་གཉིས་སྐོར་གསུམ་གྱི་དོན་དབང་གི་ཟུར་བྱང་རིན་ཆེན་ཕྲེང་བ།
Wylie title bla ma bstan gnyis skor gsum gyi don dbang gi zur byang rin chen phreng ba DKR-KABUM-11-DA-029.pdf
Location dil mgo mkhyen brtse bka' 'bum
Volume 11, Text 29, Pages 331-340 (Folios 1a to 10a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོ་ ('jam dbyangs mkhyen brtse'i dbang po, rgya lo tsA ba rdo rje bzang po)
Citation Khyentse, Dilgo. Bla ma bstan gnyis skor gsum gyi don dbang gi zur byang rin chen phreng ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 331-340. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur  ·  Supplemental Instructions - zur 'debs - zur rgyan
Cycle བླ་མ་བསྟན་གཉིས་སྐོར་གསུམ་ (bla ma bstan gnyis skor gsum)
Colophon

།འདི་ལྟར་བླ་མ་བསྟན་གཉིས་སྐོར་གསུམ་གྱི་རྩ་དབང་རྒྱས་པ་ཕབ་མ་གནང་ཀྱང་རྩ་དབང་རྒྱས་པའི་ཙཀླི་བཞེངས་པ་མཇལ་བས་ཀུན་གཟིགས་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་དོན་དབང་ལ་དཀྱིལ་འཁོར་ལྷ་ཚོགས་ཡོངས་རྫོགས་ཀྱི་སྐུ་གསུང་ཐུགས་དབང་སྦྱར་ན་རུང་ཞེས་གསུང་འཕྲོས་ཕེབས་པ་ལ་བརྟེན་འདི་ལྟར་བྲིས་པ་འགལ་འཁྲུལ་མཆིས་ན་བླ་མ་རྩ་བ་གསུམ་གྱི་སྤྱན་སྔར་འཆགས་ཤིང་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་མཚན་དང་སྐུ་ཡི་བཀོད་པ་མཐོང་ཐོས་དོན་དང་ལྡན་པས་འབྲེལ་ཚད་པདྨ་འོད་ཀྱི་དགའ་ཚལ་དུ་སྐྱེ་བའི་རྒྱུར་སྨོན་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་སུག་ལས་སོ།།

/'di ltar bla ma bstan gnyis skor gsum gyi rtsa dbang rgyas pa phab ma gnang kyang rtsa dbang rgyas pa'i tsakli bzhengs pa mjal bas kun gzigs chos kyi rgyal po 'jam dbyangs chos kyi blo gros rin po che'i don dbang la dkyil 'khor lha tshogs yongs rdzogs kyi sku gsung thugs dbang sbyar na rung zhes gsung 'phros phebs pa la brten 'di ltar bris pa 'gal 'khrul mchis na bla ma rtsa ba gsum gyi spyan sngar 'chags shing o rgyan chos kyi rgyal pos mtshan dang sku yi bkod pa mthong thos don dang ldan pas 'brel tshad pad+ma 'od kyi dga' tshal du skye ba'i rgyur smon bzhin 'gyur med theg mchog bstan pa'i rgyal mtshan gyi sug las so//

[edit]
༄༅། བླ་མ་བསྟན་གཉིས་སྐོར་གསུམ་གྱི་དོན་དབང་གི་ཟུར་བྱང་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ།

༄༅། །ན་མོ་མ་ཧཱ་གུ་རུ་བྷྱཿ ཡང་གཏེར་བླ་མ་བསྟན་གཉིས་སྐོར་གསུམ་གྱི་དོན་དབང་ལ་སྐུ་གསུང་ཐུགས་དབང་སྦྱར་ན། བུམ་དབང་གི་རྗེས་འབྲེལ་དུ་མཚམས་སྦྱོར་འདི་ལྟར། དེ་ཡང་ཨུ་རྒྱན་སངས་རྒྱས་གཉིས་པ་ཉིད། ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཀ་དག་གི་གྲོལ་གཞིར་གདོད་ནས་རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བའི་མཚན་དུ་གྲགས་ཤིང༌། རང་སྣང་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་ཁམས་སུ་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་བཀོད་པ་འབྱམས་སུ་ཀླས་པ་ཤར་བའི་རྩལ་ལས། ཕྱིར་གསལ་ཕྱེད་སྣང་རང་བཞིན་སྤྲུལ་སྐུ་ཚངས་ཆེན་གྱི་ཞིང་གིས་བསྡུས་པའི་རིགས་ལྔའི་སངས་རྒྱས་ཀྱི་ཞིང་སྐུའི་བཀོད་པ་ཚད་མེད་པ་ལ་ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བ་དེ་དག་གུ་རུ་ཉིད་ཀྱི་ཡེ་ཤེས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྲིན་བཀོད་པའི་ཕྱིར་པདྨ་ཀུན་ཏུ་འཆང་ཞེས་བྱ་བ་དང༌། དེ་དག་ལས་འགྲོ་འདུལ་སྤྲུལ་པ་སྐུ་ཡི་ཆོ་འཕྲུལ་གྱི་རྣམ་རོལ་ཕྱོགས་བཅུའི་ཞིང་ཁམས་ཚད་མེད་པ་རྣམས་དང༌། བྱེ་བྲག་མི་མཇེད་འཇིག་རྟེན་འདི་ཉིད་ཁོ་ནར་མཚན་ངེས་པར་བསྟན་པ་མདོ་སྔགས་སྟོན་པ་བརྒྱ་རྩས་འཇིག་རྟེན་གྱི་ཁམས་ལྔ་བཅུའི་སྒྲོན་མེ་མཛད་ཅིང༌། དེ་རེ་རེའི་ཕྱོགས་མཚམས་ཀྱི་འཇིག་རྟེན་རྣམས་སུ་གུ་རུ་མཚན་བརྒྱད་པོ་རེ་རེ་བཞིན་སྤྲུལ་ནས་འགྲོ་བ་འདུལ་བར་གསུངས་པ་དང༌། ཁྱད་པར་གྱི་བཀོད་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གཟིགས་པ་ལས་ཤར་ཕྱོགས་སུ་གུ་རུ་རྡོ་རྗེ་གངས་ཆེན་མཚོའི་བ་སྤུའི་ཁུང་བུ་རེ་རེར་ཞིང་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེར་གུ་རུའི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེས་ཀྱང་གདུལ་བྱ་བྱེ་བ་ཕྲག་བརྒྱ་བརྒྱ་འདུལ་བའི་མཛད་པ་སྟོན་ཅིང༌། དེ་བཞིན་དུ་དབུས་དང་ཕྱོགས་གཞན་རྣམས་སུའང་དེ་དང་འདྲ་བའི་རིགས་བཞིའི་བཀོད་པ་སྟོན་པ་སོགས་ཚད་མེད་པ་གསུངས་པ་གུ་རུ་ཉིད་ཀྱི་རྡོ་རྗེའི་གསུངས་པདྨ་བཀའ་ཡི་ཐང་ཡིག་རྣམས་སུ་ཡང་ནས་ཡང་དུ་འབྱུང་ཡང་རྣམ་འཕྲུལ་དེ་དག་གི་མཚན་དང་སྐུ་ཡི་བཀོད་པ་ཕྱོགས་གཅིག་ཏུ་བསྡུས་པའི་ཐུགས་སྒྲུབ་གཏེར་ཁ་ཆེ་ཕྲ་གང་ལས་ཀྱང་མ་བྱུང་བ། མངའ་བདག་ཁུ་དཔོན་གངས་ཅན་བསྟན་འགྲོའི་མགོན་དུ་བསམ་བཞིན་བྱོན་ཏེ་མཁས་གྲུབ་རྒྱ་མཚོའི་དེད་དཔོན་འགྲོ་འདུལ་གཏེར་སྟོན་ཡོངས་ཀྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཁྱད་ཆོས་བཀའ་བབ་ཆེན་པོ་བདུན་བཞུགས་པ་ལས། རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོས་བལ་བོད་ས་མཚམས་པུརྞ་རྫ་རིའི་ཤར་ཕྱོགས་ཕ་ཝཾ་དགའ་བ་འཁྱིལ་འདྲ་ནས་སྤྱན་དྲངས་པ་སྟེ་ཡང་གཏེར་དུ་བཀའ་བབ་པ་བླ་མ་བསྟན་གཉིས་སྐོར་གསུམ་བདེ་གཤེགས་འདུས་པའི་ཟབ་ཏིག་མཐོང་བ་རང་གྲོལ་གྱི་དོན་དབང་ལའང་སྐུ་གསུང་ཐུགས་ནང་ནུས་པ་འཇུག་པའི་དབང་གི་ཚུལ་དུ་སྦྱར་བ་མདོ་སྔགས་སྟོན་པ་བརྒྱ་རྩའི་སྐུའི་རྣམ་འགྱུར་དང་མཚན་ཐོས་པས་གནས་སྐབས་མཐར་ཐུག་གི་དཔལ་ཡོན་རྒྱས་པ་སོགས་དགོས་པ་ཆེ་བར་མཐོང་ནས། དེའི་རྗེས་འབྲེལ་དུ་བསྐྱེད་རྫོགས་ཚུལ་བཞིན་དུ་སྒྲུབ་པའི་རྣལ་འབྱོར་པ་ལ་ཡེ་ཤེས་ཆེན་པོའི་ནུས་བྱིན་བསྐྱེད་པའི་སླད་དུ་ཁྱད་པར་གྱི་དབང་གསུམ་བསྐུར་བའི་སླད་དུ་ཐོག་མར་སྐུ་ཕྱག་རྒྱའི་དབང་སྦྱིན་པ་ཡིན་པས་དམིགས་འདུན་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་བླ་མ་ཆོས་སྐུ་ཀུན་བཟང་ཆོས་སྐུ་ཀུན་ཏུ་འཆང་དུ་གསལ་བའི་སྤྱི་བོ་ལ་སོགས་པའི་གནས་ལྔར་ཐོད་ཕྲེང་སྡེ་ལྔ། ཕྱི་ནང་གི་དབང་པོའི་སྒོ་རྣམས་སུ་གུ་རུ་མཚན་བརྒྱད། འཁོར་ལོ་ལྔ་ཡི་ཕྱོགས་མཚམས་བརྒྱད་དང་སྟེང་འོག་གཉིས་བཅས་བཅུ་ལ་ཐུབ་པའི་དབང་པོ་རེ་རེ་དང་དེ་མདུན་གུ་རུ་པདྨ་རེ་རེ། སྤྱི་བོ། ལྟག་པ། སྙིང་ག །ལྟེ་བ། གསང་གནས། རྐང་མཐིལ་དུ་འགྲོ་འདུལ་གུ་རུ་དྲུག །ཡན་ལག་བཞི་ལ་སྒོ་བ་ཡབ་ཡུམ་རྣམས་མ་འདྲེས་ཡོངས་རྫོགས་མེ་ལོང་གི་གཟུགས་བརྙན་བཞིན་གསལ་ཐོབ། སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ལུས་དང་གནས་སོ་སོའི་ལྷ་ལ་ཐིམ་པས་ལྷ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །ལྷ་ཙཀ་རྣམས་སྤྱི་བོ་ལ་སོགས་པའི་གནས་སོ་སོར་བཞག་ལ། ཧཱུྃ༔ ཆོས་སྐུ་མཁའ་ཁྱབ་སྟོང་པའི་གཟུགས། །ཁྱབ་བདག་པདྨ་ཀུན་ཏུ་འཆང༌། །ཡབ་ཡུམ་གཉིས་མེད་དབང་བསྐུར་བས། །འོད་གསལ་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་གུ་རུ་དྷརྨ་ཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུག་ལྔ་ཡེ་ཤེས་ལྔར་དག་པ། །ལོངས་སྐུ་ཐོད་ཕྲེང་རིགས་མཆོག་ལྔ། །ཡབ་ཡུམ་གཉིས་མེད་དབང་བསྐུར་བས། །གསང་གསུམ་རྒྱན་འཁོར་ལྔར་གྲུབ་ཤོག །ཨོཾ་བུདྡྷ་པདྨ་བཛྲ་རཏྣ་ཀརྨ་གུ་རུ་ཨོཾ་སཾ་བྷོ་ཱ་ཡ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ ཡུལ་དབང་རྣམ་ཤེས་དག་པ་ལས། །སེམས་དཔའ་སེམས་མ་མཚན་མཆོག་བརྒྱད། །ཡབ་ཡུམ་གཉིས་མེད་དབང་བསྐུར་བས། །ཚོགས་བརྒྱད་འཁྲུལ་རྟོག་དབྱིངས་འདྲེས་ཤོག །ཨོཾ་སརྦ་མ་ཧཱ་གུ་རུ་ནཱི་རྨ་ཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། །ཧཱུྃཿ མི་འགྱུར་སྐུ་ཡི་དཀྱིལ་འཁོར་ལས། །རིན་ཆེན་མཛེས་ཁྲི་པད་ཟླའི་སྟེང༔ ཐུབ་པའི་དབང་པོ་དྲི་མེད་སྒྲ༔ དཀོན་མཆོག་སྤྲིན་དང་ཡོན་ཏན་འབྱུང༔ སེང་གེའི་སྒྲ་ཆེན་མཛེས་པའི་ཏོག༔ གཟི་བརྗིད་རྒྱལ་དང་ཙནྡན་དྲི༔ སྙིང་རྗེའི་རྒྱལ་པོ་མངོན་རྫོགས་རྒྱལ༔ བདེ་གཤེགས་རིན་ཆེན་རྒྱལ་པོ་རྣམས༔ དཀར་གསལ་བྱང་ཆུབ་ཕྱག་རྒྱ་འཆིང༔ སྤྲུལ་སྐུའི་ཆ་ལུགས་སྐྱིལ་ཀྲུང་བཞུགས༔ དེ་རྣམས་མདུན་དུ་རིམ་པ་བཞིན༔ གུ་རུ་པདྨ་སྐྱེས་བཟང་དཀར༔ མུ་ཏིག་ཕྲེང་བ་ཆོས་འཆད་མཛད༔ པདྨ་ལྷུན་གྲུབ་འོད་ཀོར་སེར༔ ས་གནོན་རྡོ་རྗེ་རིན་ཆེན་འཛིན༔ པདྨ་གར་གྱི་དབང་ཕྱུག་དམར༔ མཆོག་སྦྱིན་པད་ཕྲེང་སྐྱབས་སྦྱིན་མཛད༔ པདྨ་དོན་གྲུབ་མཐའ་བྲལ་ལྗང༔ རྒྱལ་མཚན་བསྒྲེངས་ཤིང་གཏེར་བུམ་འཆང༔ པདྨ་འཁྲུལ་ཞིག་སེང་གེ་སྨུག༔ ཁ་ཊྭཱཾ་རྩེ་གསུམ་བྷནྡྷ་བསྣམས༔ གུ་རུ་པདྨ་འཛུམ་བཞད་དམར༔ ཐལ་སྦྱར་བདུད་རྩིའི་བུམ་པ་འཛིན༔ པདྨ་ཐུགས་རྗེ་འགྲོ་འདུལ་སྨུག༔ སྐྱབས་སྦྱིན་མཉམ་བཞག་རྒྱ་གྲམ་བསྣམས༔ པདྨ་འཇིག་རྟེན་དབང་ཕྱུག་སེར༔ རིན་ཆེན་མེ་ཏོག་སྙེ་མ་འཛིན༔ པདྨ་རྒྱལ་མཚན་མེ་ཏོག་སྔོ༔ ཨུཏྤལ་སྡོང་བུ་བུམ་བཟང་བསྣམས༔ པདྨ་རྡོ་རྗེ་སྙིང་པོ་ལྗང༔ མཉམ་བཞག་རིན་ཆེན་རི་རབ་འཛིན༔ ཀུན་ཀྱང་པད་ཞུ་བེར་ཕོད་གསོལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་ཟུང་ཕྱེད་སྐྱིལ་རོལ་པས་བཞུགས༔ འོད་ཟེར་དཀར་པོ་འཕྲོ་བ་ཡི༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཡེ་ཤེས་སྐུ་མཆོག་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་ཱ་ཡ་ཛྙཱ་ན་མཎྜ་ལ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ ཐུབ་པའི་དབང་པོ་འོད་ཟེར་ཡངས༔ དཀའ་ཐུབ་རྒྱལ་པོ་གཙུག་ཏོར་སྙིང༔ ངེས་པར་སྦྱོར་བ་ངེས་པར་གསུང༔ བདེ་བ་ཆེན་པོ་དབང་པོའི་དབྱངས༔ གྲགས་པའི་དཔལ་དང་སྤྲུལ་པའི་རྒྱལ༔ བདེ་གཤེགས་སྒྲ་དབྱངས་མི་ཟད་རྣམས༔ དམར་གསལ་མཉམ་བཞག་ཕྱག་རྒྱ་མཛད༔ སྤྲུལ་སྐུའི་ཆ་ལུགས་སྐྱིལ་ཀྲུང་བཞུགས༔ དེ་རྣམས་མདུན་ནས་རིམ་པ་བཞིན༔ རིན་ཆེན་མཛེས་ཁྲི་པད་ཟླའི་སྟེང༔ པདྨ་རབ་ཏུ་ཀུན་སྐྱོང་དཀར༔ བདུད་རྩིའི་བུམ་པ་གསེར་ཐུར་འཛིན༔ པདྨ་གཡུལ་ལས་རྒྱལ་བ་ལྗང༔ རལ་གྲི་གདེངས་ཤིང་སྐྱབས་སྦྱིན་མཛད༔ པདྨ་ས་མཁན་སྐྱབས་སྦྱིན་མཐིང༔ ཆོས་འཆད་ཕྱག་རྒྱ་གླེགས་བཾ་འཆང༔ གུ་རུ་པདྨ་ཀོ་ཥ་ནི༔ རལ་གྲི་གདེངས་ཤིང་སྐྱབས་སྦྱིན་མཛད༔ པདྨ་ས་མཁན་སྐྱབས་མགོན་མཐིང༔ ཆོས་འཆད་ཕྱག་རྒྱ་གླེགས་བཾ་འཆང༔ གུ་རུ་པདྨ་ཀོ་ཥ་ཎི༔ གསེར་མདོག་གླེགས་བཾ་ལྷུང་བཟེད་བསྣམས༔ པདྨ་ལས་སྟེར་བཤེས་གཉེན་སེར༔ ཕྱག་གཉིས་ཉི་མ་མེ་ལོང་འཛིན༔ པདྨ་འཁོར་བའི་གཅོང་འབྱིན་སྨུག༔ བདུད་རྩིའི་ཤེལ་བུམ་ཨུཏྤལ་བསྣམས༔ པདྨ་འདོད་དགུ་རང་བྱུང་ནི༔ དམར་སེར་རལ་གྲི་གླེགས་བཾ་འཛིན༔ པདྨ་འདྲེན་པའི་དཔའ་བོ་མཐིང༔ ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ༔ པདྨ་བཀའ་རྟགས་རྒྱལ་པོ་ནི༔ ལྗང་གསལ་མཉམ་བཞག་རྒྱ་གྲམ་བསྣམས༔ པདྨ་ཀློང་ཡངས་དམ་པའི་དཔལ༔ སེར་སྨུག་མེ་ཆུའི་འཁོར་ལོ་འཛིན༔ ཀུན་ཀྱང་པད་ཞུ་བེར་ཕོད་གསོལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་ཟུང་ཕྱེད་སྐྱིལ་རོལ་པས་བཞུགས༔ འོད་ཟེར་དམར་པོ་འཕྲོ་བ་ཡིས༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཟག་མེད་གསུང་མཆོག་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་ཝཱཀ྄་ཛྙཱ་ན་མཎྜ་ལ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཧཱུྃ༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ ཐུབ་པའི་དབང་པོ་སྨན་པའི་རྒྱལ༔ མྱུར་དུ་འཛིན་དང་དགའ་བའི་སྤྱན༔ དགོངས་པའི་རྒྱལ་པོ་གསེར་གྱི་སྙིང༔ འོད་ཟེར་དཔལ་དང་ཞི་བའི་དབང༔ སྤྲིན་གྱི་དཔལ་དང་ཡིད་འོང་དབྱངས༔ བདེ་གཤེགས་མེ་ལོང་བསྣམས་པ་རྣམས༔ མཐིང་གསལ་ས་གནོན་མཉམ་བཞག་མཛད༔ སྤྲུལ་སྐུའི་ཆ་ལུགས་སྐྱིལ་ཀྲུང་བཞུགས༔ དེ་རྣམས་མདུན་ནས་རིམ་པ་བཞིན༔ རིན་ཆེན་མཛེས་ཁྲི་པད་ཟླའི་སྟེང༔ པདྨ་སྤྱོད་ཡུལ་རྣམ་དག་དཀར༔ བདུད་རྩི་སྨན་གྱི་བུམ་བཟང་འཛིན༔ པདྨ་འཁོར་བ་དོང་སྤྲུགས་དམར༔ ཐལ་སྦྱར་ཉི་ཟེར་འོད་ཞགས་བསྒྲེངས༔ པདྨ་རང་བྱུང་ཡེ་ཤེས་མཐིང༔ མཉམ་བཞག་བདུད་རྩིའི་ཐོད་པ་བསྣམས༔ པདྨ་བདེ་བའི་ཤུགས་འཆང་ལྗང༔ ས་གནོན་སྐྱབས་སྦྱིན་ཁང་བཟང་འཛིན༔ པདྨ་ཡང་སྙིང་རང་གྲོལ་ལྗང༔ རྡོ་རྗེ་གསོར་ཞིང་དྲིལ་བུ་བརྟེན༔ པདྨ་ཆོས་དབྱིངས་དཔལ་འབར་མཐིང༔ ཕྱག་གཉིས་མཉམ་བཞག་ཏིང་འཛིན་བཞུགས༔ པདྨ་ཀུན་སྐྱོང་ཆེན་པོ་ནི༔ ལྗང་གསལ་སྐྱབས་སྦྱིན་འཁོར་ལོ་འཆང༔ པདྨ་གསེར་གྱི་རི་དབང་སེར༔ མཆོག་སྦྱིན་དང་ནི་བུམ་པ་འཛིན༔ པདྨའི་རྒྱལ་པོ་མེ་ལོང་མཐིང༔ ཕྱག་གཉིས་ཤེལ་ཕྲེང་པདྨ་འཆང༔ པདྨ་མཐོན་མཐིང་ལྷབ་ལྷུབ་ནི༔ སྔོ་སྐྱ་ཀླུ་ཤིང་དྲིལ་བུ་འཛིན༔ ཀུན་ཀྱང་པད་ཞྭ་བེར་ཕོད་གསོལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་ཟུང་ཕྱེད་སྐྱིལ་རོལ་པས་བཞུགས༔ འོད་ཟེར་མཐིང་ག་འཕྲོ་བ་ཡིས༔ གཉིས་སུ་མེད་པར་དབང་བསྐུར་བས༔ བདེ་ཆེན་ཐུགས་མཆོག་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་ཙིཏྟ་ཛྙཱ་ན་མཎྜ་ལ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཧཱུྃ༔ འདོད་འབྱུང་ཡོན་ཏན་དཀྱིལ་འཁོར་ནས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ ཐུབ་པའི་དབང་པོ་ཤཱཀྱའི་རྒྱལ༔ ཟླ་འོད་དཔལ་དང་ཉི་མའི་སྙིང༔ སྤོས་ཀྱི་རྒྱལ་པོ་གསེར་འོད་འཕྲོ༔ བཀོད་པའི་རྒྱལ་པོ་གསེར་གྱིས་བཟུང༔ དཔལ་གྱི་རྒྱལ་པོ་བདེ་བ་འབྱིན༔ བདེ་གཤེགས་མྱ་ངན་མེད་དཔལ་རྣམས༔ སེར་གསལ་ས་གནོན་མཉམ་བཞག་མཛད༔ སྤྲུལ་སྐུའི་ཆ་ལུགས་སྐྱིལ་ཀྲུང་བཞུགས༔ དེ་རྣམས་མདུན་ནས་རིམ་པ་བཞིན༔ རིན་ཆེན་མཛེས་ཁྲི་པད་ཟླའི་སྟེང༔ པདྨ་འབྱུང་གནས་དཀར་དམར་མདངས༔ རྡོ་རྗེ་བདུད་རྩིའི་བྷནྡྷ་འཛིན༔ པདྨ་ཡིད་འོང་ཅོད་པན་དཀར༔ མཁར་བསིལ་བསྒྲེངས་ཤིང་ལྷུང་བཟེད་འཆང༔ པདྨ་ཨིནྡྲ་ནཱི་ལ་སྔོ༔ ཁ་ཊྭཱཾ་གསོར་ཞིང་པདྨ་འཛིན༔ པདྨ་རྣམ་དག་ཡེ་ཤེས་ལྗང༔ མཉམ་བཞག་སྤྲུལ་པ་བསམ་ཡས་སྤྲོ༔ པདྨ་གསེར་གྱི་འོད་འཕྲོ་སེར༔ ནོར་བུའི་ཕྲེང་བ་པད་སྡོང་འཛིན༔ པདྨ་རིགས་ལྡན་དཔའ་བོ་སྨུག༔ རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ༔ པདྨ་འབྲུག་ཆེན་ལྷུན་རྫོགས་མཐིང༔ རྡོ་རྗེ་གདེང་ཞིང་ཕུར་བུ་འདྲིལ༔ པདྨ་སྐྱེ་འཆི་གཉིས་སྤང་དམར༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ པདྨ་འཇིགས་པ་བདེ་འབྱིན་ནི༔ དཀར་དམར་མེ་ཆུའི་དཀྱིལ་འཁོར་བསྣམས༔ པདྨ་ཆོས་ལེགས་མཐོང་དགའ་སྔོ༔ བདུད་རྩིའི་སྲེ་བ་དུང་ཕོར་འཛིན༔ ཀུན་ཀྱང་པད་ཞུ་བེར་ཕོད་གསོལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་ཟུང་ཕྱེད་སྐྱིལ་རོལ་པས་བཞུགས༔ འོད་ཟེར་སེར་པོ་འཕྲོ་བ་ཡིས༔ གཉིས་སུ་མེད་པར་དབང་བསྐུར་བས༔ འདོད་འབྱུང་ཡོན་ཏན་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་གུ་ཎ་ཛྙཱ་ན་མཎྜ་ལ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཧཱུྃ༔ གང་འདུལ་ཕྲིན་ལས་དཀྱིལ་འཁོར་ནས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ ཐུབ་པའི་དབང་པོར་དགའ་བའི་མཆོག༔ གཟི་བརྗིད་དཔལ་དང་དགེ་རྩ་བསྐྱེད༔ ངན་སོང་སྦྱོང་བ་འཇིག་རྟེན་འདྲེན༔ རྣམ་པར་རྒྱལ་བ་མེ་ཏོག་བཀོད༔ ཐམས་ཅད་སྣང་བ་ཙནྡན་དྲི༔ བདེ་གཤེགས་སེང་གེ་འབུམ་གཟུགས་རྣམས༔ ལྗང་གསལ་སྐྱབས་སྦྱིན་མཉམ་བཞག་མཛད༔ སྤྲུལ་སྐུའི་ཆ་ལུགས་དཀྱིལ་ཀྲུང་བཞུགས༔ དེ་རྣམས་མདུན་ནས་རིམ་པ་བཞིན༔ རིན་ཆེན་མཛེས་ཁྲི་པད་ཟླའི་སྟེང༔ པདྨ་སྤྱི་བཅིང་ནམ་མཁའ་མཐིང༔ ཆོས་འཆད་མཉམ་བཞག་གླེགས་བམ་བསྣམས༔ པདྨ་སཾ་ཨུ་པཀྵ་དཀར༔ བཻ་ཌཱུའི་པི་ཝཾ་སྙན་པར་སྒྲོགས༔ པདྨ་རིན་ཆེན་ཕྲ་སྦས་སེར༔ ཕྱག་གཉིས་རིན་ཆེན་མཆོད་སྡོང་འདེགས༔ པདྨ་གྱེར་བཀྲམ་རྒྱ་ཡན་མཐིང༔ ཕྱག་གཉིས་མཉམ་བཞག་འཁོར་ལོ་བསྣམས༔ པདྨ་མི་ནུབ་རྒྱལ་མཚན་དམར༔ གསེར་གྱི་རྒྱལ་མཚན་གླེགས་བམ་འཆང༔ པདྨ་ཆུན་པ་སྣང་བྱེད་ནི༔ དམར་སེར་ཉི་ཟླའི་དཀྱིལ་འཁོར་འཛིན༔ པདྨ་བྱམས་པའི་སྣང་བ་སེར༔ མཆོག་སྦྱིན་བདུད་རྩིའི་སྤྱི་བླུགས་སྦྲེང༔ པདྨ་འཁོར་བ་གཅོད་བྱེད་མཐིང༔ ཕྱག་གཉིས་རལ་གྲི་མེ་ལོང་གདེངས༔ པདྨ་རོལ་པ་རྣམ་དག་ནི༔ ལྗང་གསལ་ས་གནོན་མཉམ་བཞག་མཛད༔ པདྨ་རྣམ་པར་གྲོལ་བ་ལྗང༔ ཕྱག་གཉིས་རྒྱ་གྲམ་ཐོད་བུམ་འཛིན༔ ཀུན་ཀྱང་པད་ཞུ་བེར་ཕོད་གསོལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་ཟུང་ཕྱེད་སྐྱིལ་རོལ་པས་བཞུགས༔ འོད་ཟེར་ལྗང་ཁུ་འཕྲོ་བ་ཡི༔ གཉིས་སུ་མེད་པར་དབང་བསྐུར་བས༔ གང་འདུལ་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་ཀརྨ་ཛྙཱ་ན་མཎྜ་ལ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཧཱུྃ༔ ཕྱོགས་བཅུར་འོད་ཟེར་ལྔ་ལྡན་ཀློང༔ མི་མཇེད་འཇིག་རྟེན་སྟོན་པ་མཆོག༔ བསྐལ་བཟང་རྫོགས་པའི་སངས་རྒྱས་དང༔ དེ་མདུན་ཉི་དང་འོད་ཟེར་བཞིན༔ སྔགས་ཀྱི་སྟོན་པ་པདྨ་འབྱུང༔ བདེ་གཤེགས་རིག་འཛིན་སྤྲིན་ཕུང་འཕྲོ༔ འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ གཉིས་སུ་མེད་པར་དབང་བསྐུར་བས༔ རབ་འབྱམས་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་མཎྜ་ལ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཧཱུྃ༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ནས། །རིགས་དྲུག་འདུལ་མཛད་གུ་རུ་དྲུག༔ མཚན་དང་རྣམ་འཕྲུལ་བསམ་ཡས་པས༔ གཉིས་སུ་མེད་པར་དབང་བསྐུར་བས༔ རིགས་དྲུག་སྡུག་བསྔལ་དོང་སྤྲུགས་ཤོག༔ ཨོཾ་སརྦ་ཛྙཱ་ན་གུ་རུ་མཎྜ་ལ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཧཱུྃ༔ ལས་བཞི་ལྷུན་གྲུབ་དཀྱིལ་འཁོར་ནས༔ སྒོ་བ་ཆེན་པོ་ཡབ་ཡུམ་རྣམས༔ ལས་བྱེད་ཕོ་ཉ་སྤྲིན་ལྟར་འཕྲོ༔ བཀའ་ཉན་དཀྱིལ་འཁོར་ཆེན་པོ་ཡིས༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཚར་གཅོད་རྗེས་འཛིན་མཐར་ཕྱིན་ཤོག༔ མ་ཧཱ་ཀྲོ་དྷ་ཛཿཧཱུྃ་བཾ་ཧོཿམཎྜ་ལ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དེ་ལྟར་བླ་མ་སྐུ་གསུམ་བདེ་གཤེགས་འདུས་པའི་ལྷ་ཚོགས་ཡོངས་རྫོགས་ཀྱི་དབང་བསྐུར་བས་སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྱིས་གྲུབ་པར་ངོ་ཤེས་པ་ཡོངས་གྲུབ་ཆེན་པོའི་མོས་གུས་དག་སྣང་གིས་ལྷ་སྐུ་ཕྱག་རྒྱའི་གཟེར་ཐེབ་པར་གྱིས་ཤིག །གཉིས་པ་གསུང་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་བླ་མ་ཆོས་སྐུ་ཀུན་ཏུ་འཆང་ཆེན་པོའི་སྐུ་ཡི་གནས་ལྔར་ཐོད་ཕྲེང་རིགས་ལྔ། སྐྱེ་མཆེད་རྣམས་སུ་གུ་རུ་མཚན་བརྒྱད་ཡབ་ཡུམ་འཁོར་ལོ་ལྔ་ཡི་ཕྱོགས་མཚམས་སྟེང་འོག་ཏུ་མདོ་སྔགས་སྟོན་པ་བརྒྱ་རྩ། སྤྱི་བོ། ལྟག་པ། སྙིང༌། ལྟེ། གསང་གནས། རྐང་མཐིལ་རྣམས་སུ་འགྲོ་འདུལ་གུ་རུ་དྲུག །ཡན་ལག་ཏུ་སྒོ་བ་ཡབ་ཡུམ་སོ་སོའི་ཐུགས་ཀར་ཟླ་ཉིའི་གདན་ལ་སོ་སོའི་ས་བོན་གྱིས་མཚན་པར་གསལ། སློབ་དཔོན་ཡང་དེ་ལྟར་གསལ་བ་ལ་མོས་གུས་བྱས་པས་ཐུགས་སྲོག་གི་མཐར་འཁོད་པའི་སྔགས་ཕྲེང་ལས་སྔགས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་སོ་སོའི་ཐུགས་སྲོག་གི་མཐར་འཁོད་པ་ལས་བཟླས་པའི་རྐྱེན་གྱིས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཤིང༌། ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བླ་མ་ཆོས་སྐུའི་བསྙེན་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ལོངས་སྐུ་ཐོད་ཕྲེང་རིགས་ལྔ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པྲཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཤཱཀྱ་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཡོ་གེ་ཤྭ་ར་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིཾ་ཧ་གཎྜེ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ། སྤྲུལ་སྐུ་གུ་རུ་མཚན་བརྒྱད། ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བདེ་གཤེགས་རིག་འཛིན་སྤྱི་སྙིང༌། ཨོཾ་ཨཱཿཧཱུྃ་རཏྣ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཀརྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བུདྡྷ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རིགས་དྲུག་གུ་རུའི་རྩ་སྔགས་དང༌། བྷྲྀ་ཏ་བྷྲྀ་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཏྲཊ྄་ཏྲཊ྄་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ལས་སྔགས། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཕཊ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་རཏྣ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཕཊ༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་བཾ་ཧཱུྃ་ཕཊ༔ཧྲཱིཿཝཱ་ཤཾ་ཀུ་རུ་ཧོཿ ཨོཾ་ཀརྨ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧོ་ཧཱུྃ་ཕཊ༔ ཧཱུྃ་མཱ་ར་ཡ་ཧཱུྃ་ཕཊ༔ སྒོ་བ་ཡབ་ཡུམ་གྱི་སྔགས་རྣམས་ལན་གསུམ་གསུམ་བཟླ། སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱཿ བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་སུ་ཤར༔ གྲགས་སྟོང་དབྱེར་མེད་ཡེ་ཤེས་དབང་བསྐུར་བས༔ འོད་ཟེར་སྤྲོ་བསྡུས་བསྙེན་སྒྲུབ་ལས་སྦྱོར་གྱི༔ ནུས་རྩལ་སྟོབས་རྫོགས་དོན་གཉིས་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་སིདྡྷི་ཧཱུྃ༔ དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་རྡོ་རྗེའི་སྔགས་ཀྱི་ནུས་དབང་ཐོབ་པས་ཕྱིན་ཆད་སྒྲ་གྲགས་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་ཤེས་པས་སྙིང་པོ་སྔགས་ཀྱི་གཟེར་ཐེབས་པར་གྱིས་ཤིག །གསུམ་པ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ཙམ་རང་བཞིན་མ་གྲུབ་པ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་རིག་སྟོང་གཉུག་མ་ཁྱབ་བརྡལ་ཆེན་པོའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག །མེ་ལོང་བསྟན་ལ། ཧཱུྃ། འདི་ལྟར་སྣང་བའི་ལྷ་སྔགས་སྤྲོས་པ་ཀུན༔ མེ་ལོང་གཟུགས་ལྟར་གསལ་ལ་འཛིན་པ་མེད༔ རིག་སྟོང་ཟུང་འཇུག་གཉུག་མའི་དབང་བསྐུར་བས༔ དོན་གྱི་ཡེ་ཤེས་དགོངས་པ་མངོན་གྱུར་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ངོ་སྤྲད་པས་འཁྲུལ་པའི་རྟོག་ཚོགས་ཀུན་ལ་འཕྲོ་འདུ་ཏིང་ངེ་འཛིན་དགོངས་པ་མི་འགྱུར་བའི་གཟེར་ཐེབས་པས་ཁྱབ་བརྡལ་ཡེ་ཤེས་ཀྱི་འཁོར་ལོ་ལས་འདའ་བ་མེད་པར་གྱིས་ཤིག །དོན་དབང་གི་གསང་དབང་ལ་འཇུག །འདི་ལྟར་བླ་མ་བསྟན་གཉིས་སྐོར་གསུམ་གྱི་རྩ་དབང་རྒྱས་པ་ཕབ་མ་གནང་ཀྱང་རྩ་དབང་རྒྱས་པའི་ཙཀླི་བཞེངས་པ་མཇལ་བས་ཀུན་གཟིགས་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་དོན་དབང་ལ་དཀྱིལ་འཁོར་ལྷ་ཚོགས་ཡོངས་རྫོགས་ཀྱི་སྐུ་གསུང་ཐུགས་དབང་སྦྱར་ན་རུང་ཞེས་གསུང་འཕྲོས་ཕེབས་པ་ལ་བརྟེན་འདི་ལྟར་བྲིས་པ་འགལ་འཁྲུལ་མཆིས་ན་བླ་མ་རྩ་བ་གསུམ་གྱི་སྤྱན་སྔར་འཆགས་ཤིང་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་མཚན་དང་སྐུ་ཡི་བཀོད་པ་མཐོང་ཐོས་དོན་དང་ལྡན་པས་འབྲེལ་ཚད་པདྨ་འོད་ཀྱི་དགའ་ཚལ་དུ་སྐྱེ་བའི་རྒྱུར་སྨོན་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་སུག་ལས་སོ།། །།
[edit]

@#/_bla ma bstan gnyis skor gsum gyi don dbang gi zur byang rin chen phreng ba zhes bya ba bzhugs so/ @#/_/na mo ma hA gu ru b+h+yaH_yang gter bla ma bstan gnyis skor gsum gyi don dbang la sku gsung thugs dbang sbyar na/_bum dbang gi rjes 'brel du mtshams sbyor 'di ltar/_de yang u rgyan sangs rgyas gnyis pa nyid/_chos sku 'od gsal rdo rje snying po'i zhing du ka dag gi grol gzhir gdod nas rang bzhin gyis mngon par byang chub pa thog ma'i mgon po 'od mi 'gyur ba'i mtshan du grags shing*/_rang snang longs sku tshangs pa rnga sgra'i zhing khams su ye shes rigs lnga gangs chen mtsho nges pa lnga ldan gyi bkod pa 'byams su klas pa shar ba'i rtsal las/_phyir gsal phyed snang rang bzhin sprul sku tshangs chen gyi zhing gis bsdus pa'i rigs lnga'i sangs rgyas kyi zhing sku'i bkod pa tshad med pa la sa bcu'i dbang phyug rnams la snang ba de dag gu ru nyid kyi ye shes mi zad pa rgyan gyi 'khor lo'i sprin bkod pa'i phyir pad+ma kun tu 'chang zhes bya ba dang*/_de dag las 'gro 'dul sprul pa sku yi cho 'phrul gyi rnam rol phyogs bcu'i zhing khams tshad med pa rnams dang*/_bye brag mi mjed 'jig rten 'di nyid kho nar mtshan nges par bstan pa mdo sngags ston pa brgya rtsas 'jig rten gyi khams lnga bcu'i sgron me mdzad cing*/_de re re'i phyogs mtshams kyi 'jig rten rnams su gu ru mtshan brgyad po re re bzhin sprul nas 'gro ba 'dul bar gsungs pa dang*/_khyad par gyi bkod pa mkha' 'gro ye shes mtsho rgyal gyi gzigs pa las shar phyogs su gu ru rdo rje gangs chen mtsho'i ba spu'i khung bu re rer zhing khams bye ba phrag brgya brgya/_de re rer 'jig rten gyi khams bye ba phrag brgya brgya/_de re rer gu ru'i sprul pa bye ba phrag brgya brgya/_de re res kyang gdul bya bye ba phrag brgya brgya 'dul ba'i mdzad pa ston cing*/_de bzhin du dbus dang phyogs gzhan rnams su'ang de dang 'dra ba'i rigs bzhi'i bkod pa ston pa sogs tshad med pa gsungs pa gu ru nyid kyi rdo rje'i gsungs pad+ma bka' yi thang yig rnams su yang nas yang du 'byung yang rnam 'phrul de dag gi mtshan dang sku yi bkod pa phyogs gcig tu bsdus pa'i thugs sgrub gter kha che phra gang las kyang ma byung ba/_mnga' bdag khu dpon gangs can bstan 'gro'i mgon du bsam bzhin byon te mkhas grub rgya mtsho'i ded dpon 'gro 'dul gter ston yongs kyi rgyal po pad+ma 'od gsal mdo sngags gling pa'i khyad chos bka' bab chen po bdun bzhugs pa las/_rgya lo tsA ba rdo rje bzang pos bal bod sa mtshams pur+Na rdza ri'i shar phyogs pha waM dga' ba 'khyil 'dra nas spyan drangs pa ste yang gter du bka' bab pa bla ma bstan gnyis skor gsum bde gshegs 'dus pa'i zab tig mthong ba rang grol gyi don dbang la'ang sku gsung thugs nang nus pa 'jug pa'i dbang gi tshul du sbyar ba mdo sngags ston pa brgya rtsa'i sku'i rnam 'gyur dang mtshan thos pas gnas skabs mthar thug gi dpal yon rgyas pa sogs dgos pa che bar mthong nas/_de'i rjes 'brel du bskyed rdzogs tshul bzhin du sgrub pa'i rnal 'byor pa la ye shes chen po'i nus byin bskyed pa'i slad du khyad par gyi dbang gsum bskur ba'i slad du thog mar sku phyag rgya'i dbang sbyin pa yin pas dmigs 'dun 'di bzhin du mdzod/_khyed rang rnams bla ma chos sku kun bzang chos sku kun tu 'chang du gsal ba'i spyi bo la sogs pa'i gnas lngar thod phreng sde lnga/_phyi nang gi dbang po'i sgo rnams su gu ru mtshan brgyad/_'khor lo lnga yi phyogs mtshams brgyad dang steng 'og gnyis bcas bcu la thub pa'i dbang po re re dang de mdun gu ru pad+ma re re/_spyi bo/_ltag pa/_snying ga_/lte ba/_gsang gnas/_rkang mthil du 'gro 'dul gu ru drug_/yan lag bzhi la sgo ba yab yum rnams ma 'dres yongs rdzogs me long gi gzugs brnyan bzhin gsal thob/_slob dpon la gus 'dud drag po byas pas thugs ka nas 'od zer 'phros/_dkyil 'khor pa rnams kyi thugs rgyud bskul/_de rnams las rang 'dra'i ye shes kyi sku gnyis pa 'phros/_lus dang gnas so so'i lha la thim pas lha dang gnyis su med par byin gyis brlabs par mos shig_/lha tsaka rnams spyi bo la sogs pa'i gnas so sor bzhag la/_hU~M:_chos sku mkha' khyab stong pa'i gzugs/_/khyab bdag pad+ma kun tu 'chang*/_/yab yum gnyis med dbang bskur bas/_/'od gsal ye shes mngon gyur shog_/oM gu ru d+harma \u0f71 ya a b+hi Shiny+tsa hU~M:_hU~M:_dug lnga ye shes lngar dag pa/_/longs sku thod phreng rigs mchog lnga/_/yab yum gnyis med dbang bskur bas/_/gsang gsum rgyan 'khor lngar grub shog_/oM bud+d+ha pad+ma badz+ra rat+na karma gu ru oM saM b+ho \u0f71 ya hU~M trAM hrIHAH ya a b+hi Shiny+tsa hU~M/_hU~M:_yul dbang rnam shes dag pa las/_/sems dpa' sems ma mtshan mchog brgyad/_/yab yum gnyis med dbang bskur bas/_/tshogs brgyad 'khrul rtog dbyings 'dres shog_/oM sarba ma hA gu ru [?\u0f72]rma \u0f71 ya a b+hi Shiny+tsa hU~M/_/hU~MH_mi 'gyur sku yi dkyil 'khor las/_/rin chen mdzes khri pad zla'i steng:_thub pa'i dbang po dri med sgra:_dkon mchog sprin dang yon tan 'byung:_seng ge'i sgra chen mdzes pa'i tog:_gzi brjid rgyal dang tsan+dan dri:_snying rje'i rgyal po mngon rdzogs rgyal:_bde gshegs rin chen rgyal po rnams:_dkar gsal byang chub phyag rgya 'ching:_sprul sku'i cha lugs skyil krung bzhugs:_de rnams mdun du rim pa bzhin:_gu ru pad+ma skyes bzang dkar:_mu tig phreng ba chos 'chad mdzad:_pad+ma lhun grub 'od kor ser:_sa gnon rdo rje rin chen 'dzin:_pad+ma gar gyi dbang phyug dmar:_mchog sbyin pad phreng skyabs sbyin mdzad:_pad+ma don grub mtha' bral ljang:_rgyal mtshan bsgrengs shing gter bum 'chang:_pad+ma 'khrul zhig seng ge smug:_kha T+wAM rtse gsum b+han+d+ha bsnams:_gu ru pad+ma 'dzum bzhad dmar:_thal sbyar bdud rtsi'i bum pa 'dzin:_pad+ma thugs rje 'gro 'dul smug:_skyabs sbyin mnyam bzhag rgya gram bsnams:_pad+ma 'jig rten dbang phyug ser:_rin chen me tog snye ma 'dzin:_pad+ma rgyal mtshan me tog sngo:_ut+pal sdong bu bum bzang bsnams:_pad+ma rdo rje snying po ljang:_mnyam bzhag rin chen ri rab 'dzin:_kun kyang pad zhu ber phod gsol:_dar dang rin chen rgyan gyis mdzes:_zhabs zung phyed skyil rol pas bzhugs:_'od zer dkar po 'phro ba yi:_gnyis su med par dbang bskur bas:_ye shes sku mchog mngon gyur shog:_oM sarba ta thA ga ta ma hA gu ru \u0f71 ya dz+nyA na maN+Da la a b+hi Shiny+tsa oM/_hU~M:_'gag med gsung gi dkyil 'khor nas:_seng khri pad+ma zla ba'i steng:_thub pa'i dbang po 'od zer yangs:_dka' thub rgyal po gtsug tor snying:_nges par sbyor ba nges par gsung:_bde ba chen po dbang po'i dbyangs:_grags pa'i dpal dang sprul pa'i rgyal:_bde gshegs sgra dbyangs mi zad rnams:_dmar gsal mnyam bzhag phyag rgya mdzad:_sprul sku'i cha lugs skyil krung bzhugs:_de rnams mdun nas rim pa bzhin:_rin chen mdzes khri pad zla'i steng:_pad+ma rab tu kun skyong dkar:_bdud rtsi'i bum pa gser thur 'dzin:_pad+ma g.yul las rgyal ba ljang:_ral gri gdengs shing skyabs sbyin mdzad:_pad+ma sa mkhan skyabs sbyin mthing:_chos 'chad phyag rgya glegs baM 'chang:_gu ru pad+ma ko Sha ni:_ral gri gdengs shing skyabs sbyin mdzad:_pad+ma sa mkhan skyabs mgon mthing:_chos 'chad phyag rgya glegs baM 'chang:_gu ru pad+ma ko Sha Ni:_gser mdog glegs baM lhung bzed bsnams:_pad+ma las ster bshes gnyen ser:_phyag gnyis nyi ma me long 'dzin:_pad+ma 'khor ba'i gcong 'byin smug:_bdud rtsi'i shel bum ut+pal bsnams:_pad+ma 'dod dgu rang byung ni:_dmar ser ral gri glegs baM 'dzin:_pad+ma 'dren pa'i dpa' bo mthing:_phyag gnyis rdo rje phur bu 'dril:_pad+ma bka' rtags rgyal po ni:_ljang gsal mnyam bzhag rgya gram bsnams:_pad+ma klong yangs dam pa'i dpal:_ser smug me chu'i 'khor lo 'dzin:_kun kyang pad zhu ber phod gsol:_dar dang rin chen rgyan gyis mdzes:_zhabs zung phyed skyil rol pas bzhugs:_'od zer dmar po 'phro ba yis:_gnyis su med par dbang bskur bas:_zag med gsung mchog mngon gyur shog:_oM sarba ta thA ga ta ma hA gu ru wAka? dz+nyA na maN+Da la a b+hi Shiny+tsa AHhU~M:_hU~M:_'khrul med thugs kyi dkyil 'khor nas:_seng khri pad+ma zla ba'i steng:_thub pa'i dbang po sman pa'i rgyal:_myur du 'dzin dang dga' ba'i spyan:_dgongs pa'i rgyal po gser gyi snying:_'od zer dpal dang zhi ba'i dbang:_sprin gyi dpal dang yid 'ong dbyangs:_bde gshegs me long bsnams pa rnams:_mthing gsal sa gnon mnyam bzhag mdzad:_sprul sku'i cha lugs skyil krung bzhugs:_de rnams mdun nas rim pa bzhin:_rin chen mdzes khri pad zla'i steng:_pad+ma spyod yul rnam dag dkar:_bdud rtsi sman gyi bum bzang 'dzin:_pad+ma 'khor ba dong sprugs dmar:_thal sbyar nyi zer 'od zhags bsgrengs:_pad+ma rang byung ye shes mthing:_mnyam bzhag bdud rtsi'i thod pa bsnams:_pad+ma bde ba'i shugs 'chang ljang:_sa gnon skyabs sbyin khang bzang 'dzin:_pad+ma yang snying rang grol ljang:_rdo rje gsor zhing dril bu brten:_pad+ma chos dbyings dpal 'bar mthing:_phyag gnyis mnyam bzhag ting 'dzin bzhugs:_pad+ma kun skyong chen po ni:_ljang gsal skyabs sbyin 'khor lo 'chang:_pad+ma gser gyi ri dbang ser:_mchog sbyin dang ni bum pa 'dzin:_pad+ma'i rgyal po me long mthing:_phyag gnyis shel phreng pad+ma 'chang:_pad+ma mthon mthing lhab lhub ni:_sngo skya klu shing dril bu 'dzin:_kun kyang pad zhwa ber phod gsol:_dar dang rin chen rgyan gyis mdzes:_zhabs zung phyed skyil rol pas bzhugs:_'od zer mthing ga 'phro ba yis:_gnyis su med par dbang bskur bas:_bde chen thugs mchog mngon gyur shog:_oM sarba ta thA ga ta ma hA gu ru tsit+ta dz+nyA na maN+Da la a b+hi Shiny+tsa AHhU~M:_hU~M:_'dod 'byung yon tan dkyil 'khor nas:_seng khri pad+ma zla ba'i steng:_thub pa'i dbang po [ᣓ]kya'i rgyal:_zla 'od dpal dang nyi ma'i snying:_spos kyi rgyal po gser 'od 'phro:_bkod pa'i rgyal po gser gyis bzung:_dpal gyi rgyal po bde ba 'byin:_bde gshegs mya ngan med dpal rnams:_ser gsal sa gnon mnyam bzhag mdzad:_sprul sku'i cha lugs skyil krung bzhugs:_de rnams mdun nas rim pa bzhin:_rin chen mdzes khri pad zla'i steng:_pad+ma 'byung gnas dkar dmar mdangs:_rdo rje bdud rtsi'i b+han+d+ha 'dzin:_pad+ma yid 'ong cod pan dkar:_mkhar bsil bsgrengs shing lhung bzed 'chang:_pad+ma in+d+ra [?\u0f72] la sngo:_kha T+wAM gsor zhing pad+ma 'dzin:_pad+ma rnam dag ye shes ljang:_mnyam bzhag sprul pa bsam yas spro:_pad+ma gser gyi 'od 'phro ser:_nor bu'i phreng ba pad sdong 'dzin:_pad+ma rigs ldan dpa' bo smug:_rdo rje gsor zhing dril bu 'khrol:_pad+ma 'brug chen lhun rdzogs mthing:_rdo rje gdeng zhing phur bu 'dril:_pad+ma skye 'chi gnyis spang dmar:_phyag gnyis mnyam bzhag tshe bum 'dzin:_pad+ma 'jigs pa bde 'byin ni:_dkar dmar me chu'i dkyil 'khor bsnams:_pad+ma chos legs mthong dga' sngo:_bdud rtsi'i sre ba dung phor 'dzin:_kun kyang pad zhu ber phod gsol:_dar dang rin chen rgyan gyis mdzes:_zhabs zung phyed skyil rol pas bzhugs:_'od zer ser po 'phro ba yis:_gnyis su med par dbang bskur bas:_'dod 'byung yon tan mngon gyur shog:_oM sarba ta thA ga ta ma hA gu ru gu Na dz+nyA na maN+Da la a b+hi Shiny+tsa AHhU~M:_hU~M:_gang 'dul phrin las dkyil 'khor nas:_seng khri pad+ma zla ba'i steng:_thub pa'i dbang por dga' ba'i mchog:_gzi brjid dpal dang dge rtsa bskyed:_ngan song sbyong ba 'jig rten 'dren:_rnam par rgyal ba me tog bkod:_thams cad snang ba tsan+dan dri:_bde gshegs seng ge 'bum gzugs rnams:_ljang gsal skyabs sbyin mnyam bzhag mdzad:_sprul sku'i cha lugs dkyil krung bzhugs:_de rnams mdun nas rim pa bzhin:_rin chen mdzes khri pad zla'i steng:_pad+ma spyi bcing nam mkha' mthing:_chos 'chad mnyam bzhag glegs bam bsnams:_pad+ma saM u pak+Sha dkar:_bai DU'i pi waM snyan par sgrogs:_pad+ma rin chen phra sbas ser:_phyag gnyis rin chen mchod sdong 'degs:_pad+ma gyer bkram rgya yan mthing:_phyag gnyis mnyam bzhag 'khor lo bsnams:_pad+ma mi nub rgyal mtshan dmar:_gser gyi rgyal mtshan glegs bam 'chang:_pad+ma chun pa snang byed ni:_dmar ser nyi zla'i dkyil 'khor 'dzin:_pad+ma byams pa'i snang ba ser:_mchog sbyin bdud rtsi'i spyi blugs sbreng:_pad+ma 'khor ba gcod byed mthing:_phyag gnyis ral gri me long gdengs:_pad+ma rol pa rnam dag ni:_ljang gsal sa gnon mnyam bzhag mdzad:_pad+ma rnam par grol ba ljang:_phyag gnyis rgya gram thod bum 'dzin:_kun kyang pad zhu ber phod gsol:_dar dang rin chen rgyan gyis mdzes:_zhabs zung phyed skyil rol pas bzhugs:_'od zer ljang khu 'phro ba yi:_gnyis su med par dbang bskur bas:_gang 'dul phrin las dbang thob shog:_oM sarba ta thA ga ta ma hA gu ru karma dz+nyA na maN+Da la a b+hi Shiny+tsa AHhU~M:_hU~M:_phyogs bcur 'od zer lnga ldan klong:_mi mjed 'jig rten ston pa mchog:_bskal bzang rdzogs pa'i sangs rgyas dang:_de mdun nyi dang 'od zer bzhin:_sngags kyi ston pa pad+ma 'byung:_bde gshegs rig 'dzin sprin phung 'phro:_'gro 'dul dkyil 'khor lha tshogs kyis:_gnyis su med par dbang bskur bas:_rab 'byams phrin las mthar phyin shog:_oM sarba ta thA ga ta ma hA gu ru maN+Da la a b+hi Shiny+tsa AHhU~M:_hU~M:_phyogs bcu'i 'jig rten rab 'byams nas/_/rigs drug 'dul mdzad gu ru drug:_mtshan dang rnam 'phrul bsam yas pas:_gnyis su med par dbang bskur bas:_rigs drug sdug bsngal dong sprugs shog:_oM sarba dz+nyA na gu ru maN+Da la a b+hi Shiny+tsa AHhU~M:_hU~M:_las bzhi lhun grub dkyil 'khor nas:_sgo ba chen po yab yum rnams:_las byed pho nya sprin ltar 'phro:_bka' nyan dkyil 'khor chen po yis:_gnyis su med par dbang bskur bas:_tshar gcod rjes 'dzin mthar phyin shog:_ma hA kro d+ha dzaHhU~M baM hoHmaN+Da la a b+hi Shiny+tsa AHhU~M:_de ltar bla ma sku gsum bde gshegs 'dus pa'i lha tshogs yongs rdzogs kyi dbang bskur bas snang srid thams cad bla ma'i dkyil 'khor du gdod nas lhun gyis grub par ngo shes pa yongs grub chen po'i mos gus dag snang gis lha sku phyag rgya'i gzer theb par gyis shig_/gnyis pa gsung bzlas pa'i lung gi slad du dmigs pa 'di ltar mdzod/_khyed rang rnams bla ma chos sku kun tu 'chang chen po'i sku yi gnas lngar thod phreng rigs lnga/_skye mched rnams su gu ru mtshan brgyad yab yum 'khor lo lnga yi phyogs mtshams steng 'og tu mdo sngags ston pa brgya rtsa/_spyi bo/_ltag pa/_snying*/_lte/_gsang gnas/_rkang mthil rnams su 'gro 'dul gu ru drug_/yan lag tu sgo ba yab yum so so'i thugs kar zla nyi'i gdan la so so'i sa bon gyis mtshan par gsal/_slob dpon yang de ltar gsal ba la mos gus byas pas thugs srog gi mthar 'khod pa'i sngags phreng las sngags gnyis pa 'phros/_zhal nas thon/_khyed rang rnams kyi zhal du zhugs/_lus kyi dkyil 'khor gyi lha so so'i thugs srog gi mthar 'khod pa las bzlas pa'i rkyen gyis 'od zer spro bsdus don gnyis byas shing*/_las rab 'byams thogs med du sgrub par mos la sngags 'di rnams kyi rjes zlos mdzod/_oM AHhU~M badz+ra gu ru pad+ma sid+d+hi hU~M:_zhes bla ma chos sku'i bsnyen sngags/_oM AHhU~M badz+ra gu ru badz+ra thod phreng rtsal sarba sid+d+hi pha la hU~M:_oM AHhU~M badz+ra gu ru bud+d+ha thod phreng rtsal sarba sid+d+hi pha la hU~M:_oM AHhU~M badz+ra gu ru rat+na thod phreng rtsal sarba sid+d+hi pha la hU~M:_oM AHhU~M badz+ra gu ru pad+ma thod phreng rtsal sarba sid+d+hi pha la hU~M:_oM AHhU~M badz+ra gu ru karma thod phreng rtsal sarba sid+d+hi pha la hU~M:_longs sku thod phreng rigs lnga/_oM AHhU~M badz+ra gu ru pad+ma ma hA su kha sarba sid+d+hi hU~M:_oM AHhU~M badz+ra gu ru pad+ma pradz+nyA dz+nyA na sarba sid+d+hi hU~M:_oM AHhU~M badz+ra gu ru pad+ma rA dza sarba sid+d+hi hU~M:_oM AHhU~M badz+ra gu ru pad+ma [ᣓ]kya siM ha sarba sid+d+hi hU~M:_oM AHhU~M badz+ra gu ru pad+ma yo ge shwa ra sarba sid+d+hi hU~M:_oM AHhU~M badz+ra gu ru pad+ma saM b+ha wa sarba sid+d+hi hU~M:_oM AHhU~M badz+ra gu ru pad+ma siM ha gaN+De sarba sid+d+hi hU~M:_oM AHhU~M badz+ra gu ru pad+ma gro bo lod lo ka sarba sid+d+hi hU~M/_sprul sku gu ru mtshan brgyad/_oM AHhU~M sarba ta thA ga ta badz+ra ma hA gu ru sarba sid+d+hi hU~M:_bde gshegs rig 'dzin spyi snying*/_oM AHhU~M rat+na gu ru sarba sid+d+hi hU~M:_oM AHhU~M karma gu ru sarba sid+d+hi hU~M:_oM AHhU~M dz+nyA na gu ru sarba sid+d+hi hU~M:_oM AHhU~M bud+d+ha gu ru sarba sid+d+hi hU~M:_oM AHhU~M pad+ma gu ru sarba sid+d+hi hU~M:_oM AHhU~M badz+ra gu ru sarba sid+d+hi hU~M:_rigs drug gu ru'i rtsa sngags dang*/_b+hr-i ta b+hr-i ta sarba su ra ga te he tuM hU~M phaT:_traTa? traTa? sarba a su ra ga te he tuM hU~M phaT:_tshin+d+ha tshin+d+ha sarba nr-i ga te he tuM hU~M phaT:_ma tha ma tha sarba tir+Ya ka ga te he tuM hU~M phaT:_pa tsa pa tsa sarba pre ta ka ga te he tun hU~M phaT:_da ha da ha sarba na ra ka ga te he tuM hU~M phaT:_las sngags/_oM badz+ra kro d+ha bi dza ya hU~M phaT:_oM [ᣓ]n+tiM ku ru swA hA:_oM rat+na kro d+ha ya mAn+ta ka hU~M hU~M phaT:_b+h+rU~M puSh+TiM ku ru oM:_oM pad+ma kro d+ha ha ya gr-I wa baM hU~M phaT:hrIHwA shaM ku ru hoH_oM karma kro d+ha a mr-i ta kuN+Da li ho hU~M phaT:_hU~M mA ra ya hU~M phaT:_sgo ba yab yum gyi sngags rnams lan gsum gsum bzla/_sngags phreng mgrin par bzhag la/_AH_brtan g.yo'i sgra skad thams cad sngags su shar:_grags stong dbyer med ye shes dbang bskur bas:_'od zer spro bsdus bsnyen sgrub las sbyor gyi:_nus rtsal stobs rdzogs don gnyis lhun grub shog:_oM AHhU~M hrIHbadz+ra gu ru de wa DA ki ni sarba sid+d+hi hU~M:_de ltar bsnyen sgrub yan lag bzhi ldan gyi rdo rje'i sngags kyi nus dbang thob pas phyin chad sgra grags rdo rje'i sngags kyi rang bzhin du shes pas snying po sngags kyi gzer thebs par gyis shig_/gsum pa thugs 'od gsal gyi dgongs pa ngo sprad pa'i slad du me long nang du gzugs brnyan shar ba tsam rang bzhin ma grub pa ltar lha sngags kyis mtshon pa'i 'khor 'das kyi chos thams cad gdod nas skye 'gag gnas gsum dang bral ba'i rig stong gnyug ma khyab brdal chen po'i rang bzhin du ngo shes par gyis shig_/me long bstan la/_hU~M/_'di ltar snang ba'i lha sngags spros pa kun:_me long gzugs ltar gsal la 'dzin pa med:_rig stong zung 'jug gnyug ma'i dbang bskur bas:_don gyi ye shes dgongs pa mngon gyur shog:_tsit+ta dz+nyA na a b+hi Shiny+tsa hU~M:_de ltar ngo sprad pas 'khrul pa'i rtog tshogs kun la 'phro 'du ting nge 'dzin dgongs pa mi 'gyur ba'i gzer thebs pas khyab brdal ye shes kyi 'khor lo las 'da' ba med par gyis shig_/don dbang gi gsang dbang la 'jug_/'di ltar bla ma bstan gnyis skor gsum gyi rtsa dbang rgyas pa phab ma gnang kyang rtsa dbang rgyas pa'i tsakli bzhengs pa mjal bas kun gzigs chos kyi rgyal po 'jam dbyangs chos kyi blo gros rin po che'i don dbang la dkyil 'khor lha tshogs yongs rdzogs kyi sku gsung thugs dbang sbyar na rung zhes gsung 'phros phebs pa la brten 'di ltar bris pa 'gal 'khrul mchis na bla ma rtsa ba gsum gyi spyan sngar 'chags shing o rgyan chos kyi rgyal pos mtshan dang sku yi bkod pa mthong thos don dang ldan pas 'brel tshad pad+ma 'od kyi dga' tshal du skye ba'i rgyur smon bzhin 'gyur med theg mchog bstan pa'i rgyal mtshan gyi sug las so//__//

Footnotes

Other Information