DKR-KABUM-10-THA-050

From Khyentse Lineage - A Tsadra Foundation Project
Revision as of 12:39, 4 November 2022 by WikiBot2015 (talk | contribs)

Wylie title DKR-KABUM-10-THA-050.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tha"., Text 50, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "THA" is not a number.

"THA" is not a number.

[edit]
༄༅། ལྷ་ཆེན་ཚོགས་ཀྱི་བདག་པོའི་གསོལ་མཆོད་བཞུགས། ཨོཾ་སྭསྟི། གཙང་ཞིང་དྲི་མ་མེད་པའི་དཀར་མངར་གྱི་བཟའ་བཏུང༌། །ལ་ཕུད་སོགས་མཐུན་རྫས་ཇི་ལྟར་ཚོགས་པ་བཤམས་ལ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །རིན་ཆེན་སྣོད་དུ་ཁཾ་འོད་ཞུ། །བཟའ་བཏུང་ལྷ་ཡི་བདུད་རྩིའི་བཅུད། །ཡེ་ཤེས་བདུད་རྩིའི་སྤྲིན་འཕྲོ་གྱུར། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཀྱཻ། སྟེང་ཕྱོགས་རྩ་གསུམ་ལྷ་ཡི་གནས། །འདོད་འབྱུང་གཏེར་གྱི་ཁང་བཟང་ནས། །ཚོགས་རྗེ་ཚོགས་བདག་བགེགས་ཀྱི་གཙོ། །ཕོངས་སེལ་འབྱོར་པ་ཀུན་གྱི་བདག །ལྷ་གནས་སྐྱོང་བཞིན་ལྷ་མིན་འཇོམས། །ཚོགས་ཀྱི་བདག་པོ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །དགྱེས་དགུའི་མཆོད་སྤྲིན་རྨད་བྱུང་བ། །མི་ཟད་ནམ་མཁའ་མཛོད་ཆེན་པོ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་བདུན་བུམ་བཟང༌། །དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་ནོར་བུའི་སྤྲིན། །གཏེར་གྱི་ཁུང་བུ་བདུད་རྩིའི་མཚོ། །འདོད་དགུའི་འབྱོར་བ་ཟད་མི་ཤེས། །དཀར་གསུམ་མངར་གསུམ་ལ་ཕུག་སོགས། །མཐུན་རྫས་དཔལ་ཀུན་དགྱེས་དགུར་བཞེས། །ཐུགས་འགལ་ཉམས་ཆགས་ནོངས་པ་བཤགས། །ངོ་བོ་འཕགས་མཆོག་སྙིང་རྗེའི་གཏེར། །རྣམ་པ་ནོར་ལྷ་ཚོགས་ཀྱི་བདག །ཕོངས་རྒུད་འགྲོ་སྒྲོལ་འབྲུ་ནོར་དཔལ། །འདོད་དགུ་ཡིད་བཞིན་སྩོལ་ལ་བསྟོད། །རིན་ཆེན་བཻ་ཌཱུའི་བྲག་རིའི་སྟེང༌། །སྣ་ཚོགས་པདྨ་ཉི་གདན་དང༌། །བྱི་བ་སྔོན་པོ་འགྱིང་བའི་སྟེང༌། །གླང་པོའི་ཞལ་ཅན་སྐུ་མདོག་དམར། །རལ་པའི་ཐོར་ཅོག་རིན་ཆེན་དང༌། །མེ་ཏོག་ཕྲེང་བས་མཛེས་པར་བཅིངས། །ཕྱག་དྲུག་གཡས་ཀྱི་དགྲ་སྟྭ་མདའ། །ལྕགས་ཀྱུ་རྡོ་རྗེ་རལ་གྲི་མདུང༌། །གཡོན་དྲུག་གཏུན་ཤིང་གཞུ་ཁ་ཊྭཱཾ། །ཤ་ཁྲག་གིས་གང་ཐོད་པ་ཕུབ། །བ་དན་འཛིན་ཅིང་ཞབས་གཡས་བསྐུམ། །གཡོན་བརྐྱང་གིས་བཞུགས་དར་ཟབ་དང༌། །རིན་ཆེན་ནོར་བུའི་རྒྱན་ཕྲེང་བཀླུབས། །འཁོར་དང་སྤྲུལ་པ་བྱེ་བ་འབུམ། །ཀུན་ཀྱང་འདོད་དགུའི་ཕྲིན་ལས་སྒྲུབས། །ཁྱེད་ཀྱི་སྐུ་སྤྲུལ་ཚོགས་བདག་དཀར། །འཁོར་དང་བཅས་ལ་དཀར་མངར་ཕུད། །ཐུད་གཡག་མར་གྱི་ལུ་གུ་འབུལ། །དབུལ་ཕོངས་མི་མཐུན་བགེགས་ཀུན་ཞི། །གསུང་སྤྲུལ་ཚོགས་བདག་དམར་པོ་ལ། །རོ་བདའི་ཟས་དང་མྱོས་བྱེད་ཆང༌། །མིག་ཡངས་གཞོན་ནུའི་འདོད་ཡོན་འབུལ། །སྣང་སྲིད་ཐམས་ཅད་དབང་དུ་བསྡུས། །ཐུགས་སྤྲུལ་ཚོགས་བདག་མཐིང་ག་ལ། །རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག །བདེ་སྟོང་ཆེན་པོའི་མཆོད་པ་འབུལ། །མཆོག་གི་ལས་བཞིའི་དངོས་གྲུབ་སྩོལ། །ཡོན་ཏན་ཚོགས་བདག་སེར་པོ་ལ། །དཔག་བསམ་ཤིང་དང་འདོད་འཇོའི་བ། །ནམ་མཁའ་མཛོད་ཀྱི་གཏེར་གྱིས་མཆོད། །འབྱོར་དྲུག་རྒྱས་པའི་དངོས་གྲུབ་སྩོལ། །ཕྲིན་ལས་ཚོགས་བདག་ལྗང་གུ་ལ། །ཤ་ཁྲག་དམར་ཆེན་རཀྟ་སོགས། །དྲག་པོའི་རྫས་ཀྱི་མཆོད་པ་འབུལ། །དགྲ་འདྲེ་གདོན་གསུམ་བརླག་པར་མཛོད། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཚུལ་འཛིན་ལྷ་ཆེན་འཁོར་བཅས་ལ། །ཐུགས་ལ་དགྱེས་དགུའི་མཆོད་པས་བསྐང༌། །འགལ་འཁྲུལ་ཉམས་ཆགས་མ་ལུས་བཤགས། །རིགས་ཀྱི་བུ་ལ་རྒྱུད་ཀྱི་ལྷ། །འགོ་བ་སྲིད་པའི་ལུགས་ཡིན་པས། །རྡོ་རྗེ་ཅན་གྱི་བཀའ་བཞིན་དུ། །མི་དང་ལྷ་རུ་མ་བྲལ་བར། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མཛོད། །སྲིད་ཞིའི་གཙུག་གི་རྒྱན་གཅིག་པུ། །རྒྱལ་བསྟན་བཤད་སྒྲུབ་དར་ཞིང་རྒྱས། །འགྲོ་ཀུན་སྣང་སེམས་ཆོས་ལ་འབྱོར། །མཐོ་རིས་བདེ་དགའི་དཔལ་ལ་སྤྱོད། །ནད་མུག་མཚོན་འཁྲུགས་སྐལ་ངན་ཞི། །སྣོད་བཅུད་དཔལ་འབྱོར་རྒྱས་ཤིང་བརྟན། །བདག་ཅག་འཁོར་དང་བཅས་པ་ལ། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་བར། །འདོད་དགུའི་ཕྲིན་ལས་ཅི་བཅོལ་སྒྲུབས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །མཆོད་གཏོར་དམན་སོགས་ནོངས་པ་ཀུན། །བཟོད་བཞེས་དགྱེས་པའི་རྟེན་ལ་བཞུགས། །ཚོགས་གཉིས་མཐར་ཕྱིན་བཀྲ་ཤིས་དཔལ། །རྟག་བརྟན་འཕེལ་འགྲིབ་བྲལ་བར་མཛོད། །ཅེས་པའང་རང་ཉིད་ལ་ཉེར་མཁོ་གྱུར་པ་དང༌། ཤར་ཁམས་ཀྱི་དགེ་སྦྱོང་རང་སློབ་པདྨ་འགྱུར་མེད་དང༌། བསོད་ནམས་ཕུན་ཚོགས་སྤུན་ཟུང་ནས་རྟེན་བཅས་བསྐུལ་ངོར་རྒྱལ་ཁམས་ཀུན་ཏུ་རྒྱུ་བའི་རྒན་པོ་བཀྲ་ཤིས་དཔལ་འབྱོར་གྱིས་ལྷ་ཆེན་ཉིད་ཀྱིས་སྐྱོང་བར་གྲགས་པའི་བལ་ཡུལ་དུ་འཁྱམས་པའི་སྐབས་བྲིས་པ་བསྟན་འགྲོའི་དོན་གཉིས་ཡིད་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག ༈ གསོལ་མཆོད་མདོར་བསྡུས་ནི། ཧྲཱིཿ སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་གར། །འཇིག་རྟེན་སྐྱོང་བའི་ལྷ་ཆེན་ཚོགས་ཀྱི་བདག །སྒྱུ་འཕྲུལ་བཀོད་པ་བསམ་མི་ཁྱབ་ཀུན་ལ། །གསོལ་ལོ་མཆོད་དོ་འདོད་དགུའི་ཕྲིན་ལས་མཛོད། །མངྒ་ལས་སོ།།
[edit]

@#/_lha chen tshogs kyi bdag po'i gsol mchod bzhugs/_oM swasti/_gtsang zhing dri ma med pa'i dkar mngar gyi bza' btung*/_/la phud sogs mthun rdzas ji ltar tshogs pa bshams la/_ra~M ya~M kha~M/_stong pa'i ngang las b+h+rU~M yig las/_/rin chen snod du khaM 'od zhu/_/bza' btung lha yi bdud rtsi'i bcud/_/ye shes bdud rtsi'i sprin 'phro gyur/_/oM a kA ro sogs lan gsum/_oM badz+ra s+pha ra Na khaM/_kyai/_steng phyogs rtsa gsum lha yi gnas/_/'dod 'byung gter gyi khang bzang nas/_/tshogs rje tshogs bdag bgegs kyi gtso/_/phongs sel 'byor pa kun gyi bdag_/lha gnas skyong bzhin lha min 'joms/_/tshogs kyi bdag po 'khor dang bcas/_/'dir gshegs dgyes pa'i gdan la bzhugs/_/dgyes dgu'i mchod sprin rmad byung ba/_/mi zad nam mkha' mdzod chen po/_/bkra shis rdzas rtags rgyal srid bdun/_/nye ba'i rin chen bdun bum bzang*/_/dpag bsam shing dang 'dod 'jo'i ba/_/ma rmos lo tog nor bu'i sprin/_/gter gyi khung bu bdud rtsi'i mtsho/_/'dod dgu'i 'byor ba zad mi shes/_/dkar gsum mngar gsum la phug sogs/_/mthun rdzas dpal kun dgyes dgur bzhes/_/thugs 'gal nyams chags nongs pa bshags/_/ngo bo 'phags mchog snying rje'i gter/_/rnam pa nor lha tshogs kyi bdag_/phongs rgud 'gro sgrol 'bru nor dpal/_/'dod dgu yid bzhin stsol la bstod/_/rin chen bai DU'i brag ri'i steng*/_/sna tshogs pad+ma nyi gdan dang*/_/byi ba sngon po 'gying ba'i steng*/_/glang po'i zhal can sku mdog dmar/_/ral pa'i thor cog rin chen dang*/_/me tog phreng bas mdzes par bcings/_/phyag drug g.yas kyi dgra s+t+wa mda'/_/lcags kyu rdo rje ral gri mdung*/_/g.yon drug gtun shing gzhu kha T+wAM/_/sha khrag gis gang thod pa phub/_/ba dan 'dzin cing zhabs g.yas bskum/_/g.yon brkyang gis bzhugs dar zab dang*/_/rin chen nor bu'i rgyan phreng bklubs/_/'khor dang sprul pa bye ba 'bum/_/kun kyang 'dod dgu'i phrin las sgrubs/_/khyed kyi sku sprul tshogs bdag dkar/_/'khor dang bcas la dkar mngar phud/_/thud g.yag mar gyi lu gu 'bul/_/dbul phongs mi mthun bgegs kun zhi/_/gsung sprul tshogs bdag dmar po la/_/ro bda'i zas dang myos byed chang*/_/mig yangs gzhon nu'i 'dod yon 'bul/_/snang srid thams cad dbang du bsdus/_/thugs sprul tshogs bdag mthing ga la/_/rdo rje'i gzugs sgra dri ro reg_/bde stong chen po'i mchod pa 'bul/_/mchog gi las bzhi'i dngos grub stsol/_/yon tan tshogs bdag ser po la/_/dpag bsam shing dang 'dod 'jo'i ba/_/nam mkha' mdzod kyi gter gyis mchod/_/'byor drug rgyas pa'i dngos grub stsol/_/phrin las tshogs bdag ljang gu la/_/sha khrag dmar chen rak+ta sogs/_/drag po'i rdzas kyi mchod pa 'bul/_/dgra 'dre gdon gsum brlag par mdzod/_/ye shes las dang 'jig rten gyi/_/tshul 'dzin lha chen 'khor bcas la/_/thugs la dgyes dgu'i mchod pas bskang*/_/'gal 'khrul nyams chags ma lus bshags/_/rigs kyi bu la rgyud kyi lha/_/'go ba srid pa'i lugs yin pas/_/rdo rje can gyi bka' bzhin du/_/mi dang lha ru ma bral bar/_/rtag tu srung skyob sdong grogs mdzod/_/srid zhi'i gtsug gi rgyan gcig pu/_/rgyal bstan bshad sgrub dar zhing rgyas/_/'gro kun snang sems chos la 'byor/_/mtho ris bde dga'i dpal la spyod/_/nad mug mtshon 'khrugs skal ngan zhi/_/snod bcud dpal 'byor rgyas shing brtan/_/bdag cag 'khor dang bcas pa la/_/rtag tu srung skyob ma g.yel bar/_/'dod dgu'i phrin las ci bcol sgrubs/_/bkra shis bde legs phun tshogs mdzod/_/mchod gtor dman sogs nongs pa kun/_/bzod bzhes dgyes pa'i rten la bzhugs/_/tshogs gnyis mthar phyin bkra shis dpal/_/rtag brtan 'phel 'grib bral bar mdzod/_/ces pa'ang rang nyid la nyer mkho gyur pa dang*/_shar khams kyi dge sbyong rang slob pad+ma 'gyur med dang*/_bsod nams phun tshogs spun zung nas rten bcas bskul ngor rgyal khams kun tu rgyu ba'i rgan po bkra shis dpal 'byor gyis lha chen nyid kyis skyong bar grags pa'i bal yul du 'khyams pa'i skabs bris pa bstan 'gro'i don gnyis yid bzhin 'grub pa'i rgyur gyur cig__!__gsol mchod mdor bsdus ni/_hrIH_spyan ras gzigs dbang thugs rje'i sgyu 'phrul gar/_/'jig rten skyong ba'i lha chen tshogs kyi bdag_/sgyu 'phrul bkod pa bsam mi khyab kun la/_/gsol lo mchod do 'dod dgu'i phrin las mdzod/_/mang+ga las so//

Footnotes

Other Information