DKR-KABUM-17-TSA-011

From Khyentse Lineage - A Tsadra Foundation Project
Revision as of 14:29, 3 November 2022 by WikiBot2015 (talk | contribs)

Wylie title DKR-KABUM-17-TSA-011.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tsa"., Text 11, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "TSA" is not a number.

"TSA" is not a number.

[edit]
༄༅། རང་བྱུང་པདྨའི་སྙིང་ཐིག་ལས། རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་བསྐང་བ་གྲུབ་གཉིས་མཆོག་སྦྱིན་བཞུགས།།


ཧཱུྃ་ཧྲཱིཿ ཕྱི་ནང་འབྱུང་བ་ཡུམ་ལྔའི་མཁའ། །བདེ་སྟོང་སྒྱུ་འཕྲུལ་བྱེད་ལས་ཀྱིས། །སྣོད་བཅུད་པདྨ་དྲྭ་བའི་ཞིང༌། །ཡེ་ཤེས་འདོད་རྒུའི་ཆོ་འཕྲུལ་རྫོགས། །བདེ་ཆེན་ཀུན་བཟང་མཆོད་པའི་སྤྲིན། །ཕྱི་མཆོད་ཉེར་སྤྱོད་སྐར་ལྟར་བཀྲ། །སྲིད་ཞིའི་དགེ་ལེགས་བཀྲ་ཤིས་རྟགས། །རྫས་བརྒྱད་ཉེ་བའི་རིན་པོ་ཆེ། །རྒྱལ་སྲིད་བདུན་དང་འདོད་འཇོའི་བ། །དཔག་བསམ་ཤིང་ཚལ་གཏེར་གྱི་བུམ། །བདུད་རྩིའི་ཁྲུས་རྫིང་ནོར་བུའི་སྤྲིན། །ཟག་མེད་ཡེ་ཤེས་ལོངས་སྤྱོད་ནི། །མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །འཕེལ་འགྲིབ་མེད་པས་ཆོས་དབྱིངས་ཁྱོན། །འགེངས་འདིའི་སྲིད་ཞི་འཆོལ་བའི་ལྷ། །དབང་དྲག་རོལ་པའི་གཏུམ་པོ་ཆེ། །ཡེ་ཤེས་ཀློང་དགུའི་དཔལ་ཆེན་དང༌། །གཉིས་སུ་མེད་པར་ཐུགས་དམ་བསྐང༌། ཧཱུྃ་ཧྲཱིཿ རྡོ་རྗེ་ཕུང་པོ་ནང་གི་དལ། །རང་བྱུང་རྩ་རླུང་ཐིག་ལེའི་ཁམས། །སྐུ་གསུང་ཐུགས་གསུམ་མི་ཕྱེད་པའི། །ཡེ་ཤེས་གཅིག་ཉིད་དུ་མར་ཤར། །བདེ་གསལ་མི་རྟོག་ཡེ་ཤེས་རྫས། །དུར་ཁྲོད་ཆེན་པོའི་ལོངས་སྤྱོད་ནི། །དབང་ལྔའི་མེ་ཏོག་ཁྲག་མཚོ་ཁེབས། །ཞུན་ཆེན་མར་མེ་གསུར་སྤྲིན་འཚུབས། །ཤ་རུས་གཅལ་བཀྲམ་གཅན་གཟན་ངུར། །རོ་ལངས་དགོད་ཅིང་རྐང་གི་གླིང༌། །ཤ་ཟའི་བཤུག་གླུ་རྣལ་འབྱོར་དང༌། །ཌཱ་ཀིས་ཐོད་པའི་རྔ་ཡང་འཁྲོལ། །དུག་ཆུའི་ཆར་འབེབས་རྡོ་རྗེའི་ཐོག །མུན་སྤྲིན་འཁྲིགས་དང་སྨན་གཏོར་རཀ །གསང་སྔགས་ནང་གི་དམ་རྫས་ནི། །འཇིགས་ཤིང་སྐྱི་བུང་བྱེད་པ་ཡིས། །ཁམས་གསུམ་དྲེགས་པ་ཟིལ་གནོན་ཕྱིར། །དབང་དྲག་གཏུམ་རྔམས་དམར་ནག་གི །དཀྱིལ་འཁོར་གཙོ་དགུའི་ཐུགས་དམ་བསྐང༌། ཧཱུྃ་ཧྲཱིཿ རྣམ་ཐར་སྒོ་གསུམ་སྟོང་ཆེན་གྱི། །ཡེ་ཤེས་རྒྱུད་འདྲེན་རྡོ་རྗེའི་དབྱིངས། །རྣམ་མེད་ལྷན་སྐྱེས་བཙུན་མོའི་དཔྱིད། །རྣམ་བཅས་དགའ་བཞིའི་ཕོ་ཉ་མོ། །རིགས་ཅན་རྣམ་ལྔའི་བདེ་སྟོང་གི །སྒྱུ་རྩལ་མིག་འཕྲུལ་ལྟར་གཡོ་བས། །ཟག་མེད་དགའ་བདེ་རྨད་བྱུང་བ། །མཆོག་ཏུ་མི་འགྱུར་ཏིང་འཛིན་ཉམས། །རྒྱུད་ལ་འདྲེན་པས་ཐུགས་དམ་བསྐང༌། །རང་བྱུང་ཤུགས་ཀྱི་ཐུགས་རྗེ་ཁྲོས། །དུག་ལྔ་རང་མཚན་མཐར་བྱེད་མཚོན། །ཡེ་ཤེས་ཁྲོ་རྒྱལ་ངོ་བོའི་དབྱིངས། །སྲིད་ཞི་ལས་འདས་མཉམ་པ་ཉིད། །གཉིས་སྣང་ཀ་དག་ཆེན་པོའི་མཚོན། །མི་ཤིགས་རྡོ་རྗེའི་ཀིང་ཀ་རས། །ཉམས་པ་བདུན་དང་བསྒྲལ་ཞིང་བཅུ། །མཐར་བྱེད་ཁམས་གསུམ་ཟས་སུ་ཟ། །དུས་ཀྱི་དགྲ་ཆེན་ཧེ་རུ་ཀ །གདུག་པའི་དམ་སྲི་རུ་ཏྲ་བཅས། །ལྷག་མེད་འཇོམས་པའི་ཚོགས་ཆེན་པོས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང༌། ཧཱུྃ་ཧྲཱིཿ ངོ་བོ་ཀ་དག་ཀུན་ཏུ་བཟང༌། །འོད་སྣང་མཐའ་ཡས་དེ་བཞིན་གཤེགས། །བདེ་ཆེན་ཕྲིན་ལས་མཚོ་ལས་སྐྱེས། །རྡོ་རྗེའི་གསེང་ལམ་མཐར་སོན་པའི། །ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ། །ཡེ་ཤེས་དབྱིངས་སུ་དྲག་པོར་ཁྲོས། །གཏུམ་རྔམས་མི་བཟད་གར་དགུའི་གཟུགས། །འབར་བ་ཆེན་པོ་རྡོ་རྗེའི་དབྱིངས། །རང་སྣང་དགྱེས་པའི་ལོངས་སྤྱོད་ནི། །མངོན་སུམ་ཆོས་ཉིད་ལྟ་བའི་མཁར། །གོང་འཕེལ་ཉམས་སྣང་ཟེར་ཐིག་བཀྲ། །ལོངས་སྐུ་རིགས་ལྔ་ཚད་ཕེབས་པས། །ཀུན་ཉོན་འཁྲུལ་པ་དབྱིངས་སུ་ཟད། །ཟག་མེད་འོད་ཀྱི་སྐུ་རུ་ཡལ། །འགྱུ་བ་ཡེ་ཤེས་དབྱིངས་ཐིམ་པའི། །གདེང་བཞིའི་མཆོད་པས་དགྱེས་བསྐང་མཐུས། །ངོ་བོ་ཀ་དག་ཀུན་ཏུ་བཟང༌། །འོད་མི་འགྱུར་བས་ཐུགས་དམ་བསྐང༌། །རང་བཞིན་ལྷུན་གྲུབ་གངས་ཅན་མཚོ། །རིགས་ལྔ་ཞི་ཁྲོའི་ཐུགས་དམ་བསྐང༌། །རང་བཞིན་ཐུགས་རྗེའི་ཡེ་ཤེས་རྩལ། །རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང༌། །ཁམས་གསུམ་ས་དགུ་དོན་གྱི་དབྱིངས། །ཡེ་ཤེས་ཀློང་དགུའི་ཐུགས་དམ་བསྐང༌། །སྲིད་གསུམ་སྐུ་གསུམ་ཆོ་འཕྲུལ་རྫོགས། །དཔལ་གྱི་ཕོ་ཉའི་ཐུགས་དམ་བསྐང༌། །བསྐང་ངོ་བསྐང་ངོ་ཡེ་ནས་བསྐང༌། །ཉམས་ཆག་འགལ་འཁྲུལ་དབྱིངས་སུ་བཤགས། །དག་ཅིང་ཚངས་པར་མཛད་དུ་གསོལ། ཧཱུྃ་ཧྲཱིཿ །སྣང་སྲིད་བླ་མ་ལྷ་ཡི་དལ། །རང་བྱུང་སྒྱུ་འཕྲུལ་དྲ་བའི་ཚུལ། །རིགས་ཀུན་ཁྱབ་བདག་ཀུན་ཏུ་འཆང༌། །ཐོག་མའི་མགོན་པོའི་ཐུགས་དམ་བསྐང༌། །ཀུན་ཁྱབ་ཡེ་ཤེས་ལྔ་ཡི་གཟུགས། །ཐོད་ཕྲེང་སྡེ་ལྔའི་ཐུགས་དམ་བསྐང༌། །ཚོགས་བརྒྱད་དག་པའི་འཕགས་ལམ་གཟུགས། །སྤྲུལ་མཚན་བརྒྱད་ཀྱི་ཐུགས་དམ་བསྐང༌། །རང་བྱུང་སྒྱུ་འཕྲུལ་རྒྱན་གྱི་གར། །འཕྲུལ་མཚན་བཞི་བཅུའི་ཐུགས་དམ་བསྐང༌། །ཚད་མེད་ཐུགས་རྗེ་ཆེན་པོའི་སྤྲིན། །མདོ་སྔགས་སྟོན་པའི་ཐུགས་དམ་བསྐང༌། །ཕྱི་ནང་གསང་བའི་བར་ཆད་སེལ། །རྣམ་འཕྲུལ་བཅུ་གཉིས་ཐུགས་དམ་བསྐང༌། །འདོད་དགུའི་དངོས་འཇོ་ཡིད་བཞིན་ནོར། །གུ་རུ་བཅུ་གསུམ་ཐུགས་དམ་བསྐང༌། །གསང་བ་མི་ཟད་རྒྱན་གྱི་སྤྲིན། །རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང༌། །སྨོན་ལམ་ལས་འཕྲོའི་བསྟན་པ་སྐྱོང༌། །གཏེར་སྟོན་བརྒྱ་རྩའི་ཐུགས་དམ་བསྐང༌། །ཐུབ་བསྟན་ཤིང་རྟ་མཁས་གྲུབ་རྒྱལ། །མཁྱེན་བརྩེའི་དབང་པོའི་ཐུགས་དམ་བསྐང༌། །ཟབ་གསང་མཛོད་འཛིན་གསང་བའི་བདག །བསྟན་གཉིས་གླིང་པའི་ཐུགས་དམ་བསྐང༌། །པདྨའི་རྒྱལ་ཚབ་འགྲོ་བ་འདུལ། །མཆོག་གྱུར་གླིང་པའི་ཐུགས་དམ་བསྐང༌། །ཡེ་ཤེས་སྒྱུ་འཕྲུལ་གསང་མཛོད་འཛིན། །པདྨ་གླིང་པའི་ཐུགས་དམ་བསྐང༌། ཀུན་གཟིགས་དྷརྨ་མ་ཏིའི་གསང་མཚན། མཆན། །ཐུགས་ཐིག་བཀའ་བབ་གདམས་ཟབ་འཛིན། །མདོ་སྔགས་གླིང་པའི་ཐུགས་དམ་བསྐང༌། །ལས་སྨོན་སྐལ་པ་མཆོག་གི་རིགས། །ཆོས་བདག་རྣམས་ཀྱི་ཐུགས་དམ་བསྐང༌། །འཕོ་མེད་བདེ་སྟོང་སྒྱུ་མའི་གར། །དབང་ཆེན་པདྨའི་ཐུགས་དམ་བསྐང༌། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག །སྒྲུབ་པ་བཀའ་བརྒྱད་ཐུགས་དམ་བསྐང༌། །ལྷན་སྐྱེས་ཡུམ་ཆེན་གནམ་ཞལ་མ། །རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༌། །རྡོ་རྗེ་བཞི་ཡི་ཆོ་འཕྲུལ་ཆེ། །མཁའ་འགྲོ་གིང་བཞིའི་ཐུགས་དམ་བསྐང༌། །ཕྲིན་ལས་བཞི་ཡིས་རྗེས་འཛིན་མཛད། །དཔའ་བོ་རིགས་བཞིའི་ཐུགས་དམ་བསྐང༌། །རྩ་གསུམ་རབ་འབྱམས་འདུས་པའི་དབྱིངས། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༌། །ཐུགས་དམ་གཉན་བསྐངས་ཉམས་ཆག་བཤགས། །ལྷ་དང་བླ་མ་བཟང་ངན་བལྟས། །བསྙེན་སྒྲུབ་གཡེལ་ཞིང་གསང་བ་བསྒྲགས། །ཆོས་ལ་དབང་ཟོས་སྡོམ་གསུམ་གྱི། །བཅས་དང་རང་བཞིན་འགལ་ཀུན་བཤགས། །བཟོད་པར་བཞེས་ལ་ཚངས་པ་སྩོལ། །ཐུན་མོང་ཞི་རྒྱས་དབང་དྲག་ལས། །ཁྱད་པར་རིག་འཛིན་བཞིའི་ས་ལམ། །བླ་མེད་ཡེ་ཤེས་དགོངས་པའི་གདེང༌། །མངོན་གྱུར་དོན་གཉིས་ལྷུན་གྲུབ་ཤོག །ཅེས་ལྕགས་ཁམས་རྡོ་རྗེའི་སྲོག་འཛིན་དྲག་པོ་སྤྲེལ་ལོ་སྤྲེལ་ཟླ་སྔ་ཕྱིར་ཚོགས་མཆོད་འབུམ་ཕུལ་བའི་སྐབས་ཉེར་མཁོའི་ཕྱིར་སྤོང་བ་པ་པདྨ་གར་དབང་མདོ་སྔགས་གླིང་པས་མོན་སྤ་གྲོ་བསམ་གྲུབ་རྡོ་རྗེའི་ཀེའུ་ཚང་དུ་བྲིས་པ་འབྲེལ་ཚད་དངོས་གྲུབ་མཆོག་གི་སྐལ་ལྡན་དུ་གྱུར་ཅིག །
[edit]

@#/_rang byung pad+ma'i snying thig las/_rtsa gsum kun 'dus gu ru'i thugs sgrub dngos grub snying po'i bskang ba grub gnyis mchog sbyin bzhugs//


hU~M hrIH_phyi nang 'byung ba yum lnga'i mkha'/_/bde stong sgyu 'phrul byed las kyis/_/snod bcud pad+ma drwa ba'i zhing*/_/ye shes 'dod rgu'i cho 'phrul rdzogs/_/bde chen kun bzang mchod pa'i sprin/_/phyi mchod nyer spyod skar ltar bkra/_/srid zhi'i dge legs bkra shis rtags/_/rdzas brgyad nye ba'i rin po che/_/rgyal srid bdun dang 'dod 'jo'i ba/_/dpag bsam shing tshal gter gyi bum/_/bdud rtsi'i khrus rdzing nor bu'i sprin/_/zag med ye shes longs spyod ni/_/mi zad rgyan gyi 'khor lo'i sprin/_/'phel 'grib med pas chos dbyings khyon/_/'gengs 'di'i srid zhi 'chol ba'i lha/_/dbang drag rol pa'i gtum po che/_/ye shes klong dgu'i dpal chen dang*/_/gnyis su med par thugs dam bskang*/_hU~M hrIH_rdo rje phung po nang gi dal/_/rang byung rtsa rlung thig le'i khams/_/sku gsung thugs gsum mi phyed pa'i/_/ye shes gcig nyid du mar shar/_/bde gsal mi rtog ye shes rdzas/_/dur khrod chen po'i longs spyod ni/_/dbang lnga'i me tog khrag mtsho khebs/_/zhun chen mar me gsur sprin 'tshubs/_/sha rus gcal bkram gcan gzan ngur/_/ro langs dgod cing rkang gi gling*/_/sha za'i bshug glu rnal 'byor dang*/_/DA kis thod pa'i rnga yang 'khrol/_/dug chu'i char 'bebs rdo rje'i thog_/mun sprin 'khrigs dang sman gtor raka_/gsang sngags nang gi dam rdzas ni/_/'jigs shing skyi bung byed pa yis/_/khams gsum dregs pa zil gnon phyir/_/dbang drag gtum rngams dmar nag gi_/dkyil 'khor gtso dgu'i thugs dam bskang*/_hU~M hrIH_rnam thar sgo gsum stong chen gyi/_/ye shes rgyud 'dren rdo rje'i dbyings/_/rnam med lhan skyes btsun mo'i dpyid/_/rnam bcas dga' bzhi'i pho nya mo/_/rigs can rnam lnga'i bde stong gi_/sgyu rtsal mig 'phrul ltar g.yo bas/_/zag med dga' bde rmad byung ba/_/mchog tu mi 'gyur ting 'dzin nyams/_/rgyud la 'dren pas thugs dam bskang*/_/rang byung shugs kyi thugs rje khros/_/dug lnga rang mtshan mthar byed mtshon/_/ye shes khro rgyal ngo bo'i dbyings/_/srid zhi las 'das mnyam pa nyid/_/gnyis snang ka dag chen po'i mtshon/_/mi shigs rdo rje'i king ka ras/_/nyams pa bdun dang bsgral zhing bcu/_/mthar byed khams gsum zas su za/_/dus kyi dgra chen he ru ka_/gdug pa'i dam sri ru tra bcas/_/lhag med 'joms pa'i tshogs chen pos/_/thugs dam gnyan po dbyings su bskang*/_hU~M hrIH_ngo bo ka dag kun tu bzang*/_/'od snang mtha' yas de bzhin gshegs/_/bde chen phrin las mtsho las skyes/_/rdo rje'i gseng lam mthar son pa'i/_/zag med 'ja' lus rdo rje'i sku/_/ye shes dbyings su drag por khros/_/gtum rngams mi bzad gar dgu'i gzugs/_/'bar ba chen po rdo rje'i dbyings/_/rang snang dgyes pa'i longs spyod ni/_/mngon sum chos nyid lta ba'i mkhar/_/gong 'phel nyams snang zer thig bkra/_/longs sku rigs lnga tshad phebs pas/_/kun nyon 'khrul pa dbyings su zad/_/zag med 'od kyi sku ru yal/_/'gyu ba ye shes dbyings thim pa'i/_/gdeng bzhi'i mchod pas dgyes bskang mthus/_/ngo bo ka dag kun tu bzang*/_/'od mi 'gyur bas thugs dam bskang*/_/rang bzhin lhun grub gangs can mtsho/_/rigs lnga zhi khro'i thugs dam bskang*/_/rang bzhin thugs rje'i ye shes rtsal/_/rdo rje gro lod thugs dam bskang*/_/khams gsum sa dgu don gyi dbyings/_/ye shes klong dgu'i thugs dam bskang*/_/srid gsum sku gsum cho 'phrul rdzogs/_/dpal gyi pho nya'i thugs dam bskang*/_/bskang ngo bskang ngo ye nas bskang*/_/nyams chag 'gal 'khrul dbyings su bshags/_/dag cing tshangs par mdzad du gsol/_hU~M hrIH_/snang srid bla ma lha yi dal/_/rang byung sgyu 'phrul dra ba'i tshul/_/rigs kun khyab bdag kun tu 'chang*/_/thog ma'i mgon po'i thugs dam bskang*/_/kun khyab ye shes lnga yi gzugs/_/thod phreng sde lnga'i thugs dam bskang*/_/tshogs brgyad dag pa'i 'phags lam gzugs/_/sprul mtshan brgyad kyi thugs dam bskang*/_/rang byung sgyu 'phrul rgyan gyi gar/_/'phrul mtshan bzhi bcu'i thugs dam bskang*/_/tshad med thugs rje chen po'i sprin/_/mdo sngags ston pa'i thugs dam bskang*/_/phyi nang gsang ba'i bar chad sel/_/rnam 'phrul bcu gnyis thugs dam bskang*/_/'dod dgu'i dngos 'jo yid bzhin nor/_/gu ru bcu gsum thugs dam bskang*/_/gsang ba mi zad rgyan gyi sprin/_/rje 'bangs nyer lnga'i thugs dam bskang*/_/smon lam las 'phro'i bstan pa skyong*/_/gter ston brgya rtsa'i thugs dam bskang*/_/thub bstan shing rta mkhas grub rgyal/_/mkhyen brtse'i dbang po'i thugs dam bskang*/_/zab gsang mdzod 'dzin gsang ba'i bdag_/bstan gnyis gling pa'i thugs dam bskang*/_/pad+ma'i rgyal tshab 'gro ba 'dul/_/mchog gyur gling pa'i thugs dam bskang*/_/ye shes sgyu 'phrul gsang mdzod 'dzin/_/pad+ma gling pa'i thugs dam bskang*/_kun gzigs d+harma ma ti'i gsang mtshan/_mchan/_/thugs thig bka' bab gdams zab 'dzin/_/mdo sngags gling pa'i thugs dam bskang*/_/las smon skal pa mchog gi rigs/_/chos bdag rnams kyi thugs dam bskang*/_/'pho med bde stong sgyu ma'i gar/_/dbang chen pad+ma'i thugs dam bskang*/_/sku gsung thugs yon phrin las bdag_/sgrub pa bka' brgyad thugs dam bskang*/_/lhan skyes yum chen gnam zhal ma/_/rdo rje phag mo'i thugs dam bskang*/_/rdo rje bzhi yi cho 'phrul che/_/mkha' 'gro ging bzhi'i thugs dam bskang*/_/phrin las bzhi yis rjes 'dzin mdzad/_/dpa' bo rigs bzhi'i thugs dam bskang*/_/rtsa gsum rab 'byams 'dus pa'i dbyings/_/dkyil 'khor lha tshogs thugs dam bskang*/_/thugs dam gnyan bskangs nyams chag bshags/_/lha dang bla ma bzang ngan bltas/_/bsnyen sgrub g.yel zhing gsang ba bsgrags/_/chos la dbang zos sdom gsum gyi/_/bcas dang rang bzhin 'gal kun bshags/_/bzod par bzhes la tshangs pa stsol/_/thun mong zhi rgyas dbang drag las/_/khyad par rig 'dzin bzhi'i sa lam/_/bla med ye shes dgongs pa'i gdeng*/_/mngon gyur don gnyis lhun grub shog_/ces lcags khams rdo rje'i srog 'dzin drag po sprel lo sprel zla snga phyir tshogs mchod 'bum phul ba'i skabs nyer mkho'i phyir spong ba pa pad+ma gar dbang mdo sngags gling pas mon spa gro bsam grub rdo rje'i ke'u tshang du bris pa 'brel tshad dngos grub mchog gi skal ldan du gyur cig_/

Footnotes

Other Information