JKCL-KABUM-12-NA-018

From Khyentse Lineage - A Tsadra Foundation Project
Revision as of 17:12, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-12-NA-018.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "na"., Text 18, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "NA" is not a number.

1 Texts in this Section (sde tshan or chos tshan)

"NA" is not a number.

[edit]
དཔལ་བརྩེ་བ་པ་ཆེན་པོའི་བསྟན་པ་ཉིན་མོར་བྱེད་མཁས་དྷཱི་ཕུ་མཆོག་སྤྲུལ་རིན་པོ་ཆེའི་༧ཞབས་དྲུང་དུ། གུས་པས་ཞུ་གསོལ། དེང་། གསང་གསུམ་མཚན་དཔེའི་དཀྱིལ་འཁོར་རྡུལ་བྲལ་གསེར་རིའི་ལྷུན་པོ་བཞིན་གསལ་དྭངས་སུ་བཞུགས་པ་དང་། ཆོས་གྲྭ་འདིར་ཡུན་རིང་དུ་བཞུགས་སྟན་ཆགས་ནས་ངེད་ཅག་ཐམས་ཅད་ལ་ཐུགས་དམ་ནང་བརྩེས་གཟིགས་པས་བསྐྱངས་ཤིང་བཀའ་ཆོས་གསན་བཞེས་དང་། དངོས་པོའི་གནང་སྦྱིན་ཤིན་ཏུ་སྦོམ་མཐོར་སྩལ་བ་སོགས་བཀའ་དྲིན་བརྗོད་ལས་འདས་ཤིང་། ཐུགས་བཞེད་རྣམས་ཀྱི་བྱེ་བྲག་རྒྱུད་སྡེ་རིན་པོ་ཆེ་ད་ལྟ་མ་གྲུབ་ཀྱང་། སླད་ཀྱི་རྟེན་འབྲེལ་འཕྲོ་ཅན་དུ་འཇོག་ནས། ད་ལམ་ལེགས་སྐྱེས་མཎྜལ་མཚོན་བྱེད། བཀྲ་ཤིས་པའི་ལྷ་རེག །སྐུ་རྟེན་ཐུབ་དབང་ཆོས་རྒྱལ་ལི་མ་བྱིན་ལྡན། གསུང་རྟེན་བཛྲ་བྷེ་ར་ཝའི་གཞུང་པོད་བྲིས་མ་ལེགས་པ་གླེགས་བམ་པོད་བསྡོངས་གཉིས། ཐུགས་རྟེན་སྡེ་དགེའི་རྡོར་དྲིལ་གསར་ལེགས། སྐུ་སྟོད་རྒྱ་གསེར་ནོམ་ལྡན། རྩེ་ཐེར་ཤམ་ཐབ། རྒྱ་གར་ཐེར་མའི་སྐུ་གཟན། ཧོར་པོའི་སྦལ་སྒ་ལྕགས་གསེར་ཤན་ཅན་སྲབ་རྨེད་འབྱར། གསེར་དངུལ་ཕྲ་མའི་གའུ་ལེགས་པ། རས་དཀར་བཅས་འབུལ་ལམ་ཞུ་ན་དགྱེས་བཞེས་དང་། སླར་ཡང་། ཕན་བདེའི་མཛེས་སྐུ་ཤར་རིའི་ཕྲག་ནས་འཆར་བ་དང་། །ལྷན་ཅིག་འཇམ་དབྱངས་དཔལ་གྱིས་འོད་སྣང་དང་འགྲོགས་པས། །བརྩེ་ཆེན་བསྟན་པའི་པད་ཚལ་འཛིན་མའི་ཁྱོན་ཀུན་བཞད། །བསྐལ་བཟང་ནམ་ཡང་འགྲིབ་མེད་དགེ་ལེགས་གཡང་འཁྱིལ་ཤོག །སརྦ་དཱ་མངྒ་ལཾ།། །།
[edit]

dpal brtse ba pa chen po'i bstan pa nyin mor byed mkhas d+hI phu mchog sprul rin po che'i 7zhabs drung du/__gus pas zhu gsol/__deng /__gsang gsum mtshan dpe'i dkyil 'khor rdul bral gser ri'i lhun po bzhin gsal dwangs su bzhugs pa dang /__chos grwa 'dir yun ring du bzhugs stan chags nas nged cag thams cad la thugs dam nang brtses gzigs pas bskyangs shing bka' chos gsan bzhes dang /__dngos po'i gnang sbyin shin tu sbom mthor stsal ba sogs bka' drin brjod las 'das shing /__thugs bzhed rnams kyi bye brag rgyud sde rin po che da lta ma grub kyang /__slad kyi rten 'brel 'phro can du 'jog nas/__da lam legs skyes maN+Dal mtshon byed/__bkra shis pa'i lha reg__/sku rten thub dbang chos rgyal li ma byin ldan/__gsung rten badz+ra b+he ra wa'i gzhung pod bris ma legs pa glegs bam pod bsdongs gnyis/__thugs rten sde dge'i rdor dril gsar legs/__sku stod rgya gser nom ldan/__rtse ther sham thab/__rgya gar ther ma'i sku gzan/__hor po'i sbal sga lcags gser shan can srab rmed 'byar/__gser dngul phra ma'i ga'u legs pa/__ras dkar bcas 'bul lam zhu na dgyes bzhes dang /__slar yang /__phan bde'i mdzes sku shar ri'i phrag nas 'char ba dang /__/lhan cig 'jam dbyangs dpal gyis 'od snang dang 'grogs pas/__/brtse chen bstan pa'i pad tshal 'dzin ma'i khyon kun bzhad/__/bskal bzang nam yang 'grib med dge legs g.yang 'khyil shog__/sarba dA mang+ga laM//___//

Footnotes

Other Information