JKCL-KABUM-06-CHA-016

From Khyentse Lineage - A Tsadra Foundation Project
Revision as of 17:08, 17 November 2021 by WikiBot2015 (talk | contribs)

JKCL-KABUM-06-CHA-016

Wylie title JKCL-KABUM-06-CHA-016.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "cha"., Text 16, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "CHA" is not a number.

1 Texts in this Section (sde tshan or chos tshan)

269-270
གཏེར་སྲུང་མཆོད་ཐབས།
gter srung mchod thabs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]

"CHA" is not a number.

[edit]
གཏེར་སྲུང་མཆོད་ཐབས་བཞུགས༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿ ཧཱུྃ་ཧོཿམཆོད་གཏོར་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་གྱུར༔ རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་མ་མོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿམ་བྷྱོཿའོག་མིན་ཆོས་སྐུའི་ཞིང་ཁམས་ནས༔ སངས་རྒྱས་བསྟན་པ་སྲུང་མཛད་མ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས༔ ཁྲོ་འཛུམ་སྒེག་པའི་ཉམས་དང་ལྡན༔ ཞིང་དབྱུག་དགྲ་སྙིང་ཕྱག་ན་འཛིན༔ སྤྱན་གསུམ་ལྟ་སྟངས་ཧྲིག་གེ་བ༔ ཞལ་གཅིག་དུས་མཐའི་མེ་བཞིན་འབར༔ མི་ལྤགས་རློན་པ་སྐུ་ལ་གསོལ༔ གཟིག་གི་པགས་པའི་ཤམ་ཐབས་སྤྲས༔ ཞབས་གཉིས་གར་སྟབས་བམ་རོ་བརྫིས༔ འཁོར་དུ་མ་མོ་འབུམ་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་༔ ཤྲཱི་སིང་པད་འབྱུང་བཀའ་མ་འདའ༔ དགོངས་པ་འདུས་པའི་སྲུང་མ་ཆེ༔ དངོས་གྲུབ་ཀུན་གྱི་བདག་མོ་ལ༔ གསོལ་ལོ་མཆོད་དོ་གསེར་སྐྱེམས་བཞེས༔ རོ་བརྒྱ་ལྡན་པའི་བཟའ་བཏུང་དང་༔ དགྲ་བགེགས་བསྒྲལ་བའི་བམ་ཆེན་པོ༔ ཙ་ར་དམར་བསྲེགས་སྲོག་གིས་མཆོད༔ ཤ་ཆེན་གསུར་གྱི་དུད་སྤྲིན་འདིས༔ མཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ མ་མོ་མཉེས་པའི་རྫས་ཀྱིས་བརྔན༔ ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ ཐུབ་པའི་བསྟན་པ་སྲུངས་ཤིང་སྐྱོངས༔ བསྟན་འཛིན་སྐྱེས་བུའི་སྡོང་གྲོགས་མཛོད༔ མི་མཐུན་འགལ་རྐྱེན་གནོད་པ་བཟློག༔ བསྟན་ལ་འཚེ་བའི་དགྲ་བགེགས་ཆོམ༔ རྣལ་འབྱོར་རིག་འཛིན་བདག་ཅག་ལ༔ ཉིན་མཚན་དུས་དྲུག་མི་འབྲལ་སྐྱོངས༔ རྟག་ཏུ་སྲུངས་ཤིང་སྐྱོབས་པ་དང་༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ སྔོན་ཚེ་ཇི་ལྟར་ཁས་བླངས་པའི༔ དམ་བཅའ་བཞིན་དུ་ཕྲིན་ལས་མཛོད༔ སྒོམ་སྒྲུབ་འཆད་ཉན་སྤེལ་བ་དང་༔ ཀླ་ཀློ་གདུག་པ་དབང་དུ་བསྡུས༔ མོས་པ་ཐམས་ཅད་ཆར་དུ་ཕོབ༔ བདག་ཅག་མཆེད་ལྕམ་བུ་སློབ་ལ༔ ཚེ་དཔལ་སྙན་གྲགས་སྟོབས་གཡང་སྩོལ༔ བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ནས༔ དམ་ལས་མ་འདའ་དམ་ཚིག་ཅན༔ ཐོགས་པ་མེད་པར་ཕྲིན་ལས་མཛོད༔ ཅེས་པའང་ཁྱེར་བདེའི་སླད་དུ་ཆོས་ཀྱི་བློ་གྲོས་པས་གཏེར་གཞུང་ལ་ཅུང་ཟད་བསྣན་ཏེ་བྲིས་པའོ། །དགེ་ལེགས་འཕེལ།། །།
[edit]

gter srung mchod thabs bzhugs:__ra~M ya~M kha~M:__oM AH_hU~M hoHmchod gtor rnams dgra bgegs kyi sha khrag la ngo bo ye shes kyi bdud rtsi gyur:__rang nyid yi dam du gsal ba'i thugs ka nas 'od zer 'phros pas ye shes ma mo 'khor dang bcas pa oM badz+ra sa mA dzaHma b+h+yoH'og min chos sku'i zhing khams nas:__sangs rgyas bstan pa srung mdzad ma:__dpal ldan sngags kyi srung ma ni:__zhal gcig phyag gnyis 'jigs pa'i gzugs:__khro 'dzum sgeg pa'i nyams dang ldan:__zhing dbyug dgra snying phyag na 'dzin:__spyan gsum lta stangs hrig ge ba:__zhal gcig dus mtha'i me bzhin 'bar:__mi lpags rlon pa sku la gsol:__gzig gi pags pa'i sham thabs spras:__zhabs gnyis gar stabs bam ro brdzis:__'khor du ma mo 'bum gyis bskor:__gnas 'dir spyan 'dren gshegs nas kyang :__shrI sing pad 'byung bka' ma 'da':__dgongs pa 'dus pa'i srung ma che:__dngos grub kun gyi bdag mo la:__gsol lo mchod do gser skyems bzhes:__ro brgya ldan pa'i bza' btung dang :__dgra bgegs bsgral ba'i bam chen po:__tsa ra dmar bsregs srog gis mchod:__sha chen gsur gyi dud sprin 'dis:__mnyes shing thugs dam bskang gyur cig:__ma mo mnyes pa'i rdzas kyis brngan:__nyams chag 'gal 'khrul mthol zhing bshags:__khyod la phrin las bcol ba ni:__thub pa'i bstan pa srungs shing skyongs:__bstan 'dzin skyes bu'i sdong grogs mdzod:__mi mthun 'gal rkyen gnod pa bzlog:__bstan la 'tshe ba'i dgra bgegs chom:__rnal 'byor rig 'dzin bdag cag la:__nyin mtshan dus drug mi 'bral skyongs:__rtag tu srungs shing skyobs pa dang :__rnam bzhi'i phrin las 'grub par mdzod:__sngon tshe ji ltar khas blangs pa'i:__dam bca' bzhin du phrin las mdzod:__sgom sgrub 'chad nyan spel ba dang :__kla klo gdug pa dbang du bsdus:__mos pa thams cad char du phob:__bdag cag mched lcam bu slob la:__tshe dpal snyan grags stobs g.yang stsol:__bkra shis bde legs 'byung gyur nas:__dam las ma 'da' dam tshig can:__thogs pa med par phrin las mdzod:__ces pa'ang khyer bde'i slad du chos kyi blo gros pas gter gzhung la cung zad bsnan te bris pa'o/__/dge legs 'phel//___//

Footnotes

Other Information