JKCL-KABUM-03-GA-083-002

From Khyentse Lineage - A Tsadra Foundation Project
Revision as of 15:42, 18 November 2021 by WikiBot2015 (talk | contribs)

Wylie title page=1
Location chos kyi blo gros bka' 'bum
Volume 83, Text 2, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre
[edit]
༈ ན་མོ་གུ་རུ། སྲིད་ཞིའི་སྤྱི་དཔལ་ཀུན་བཟང་གདོད་མའི་མགོན། །སྙིགས་དུས་བདག་བློའི་མུན་པ་སེལ་བའི་གཉེན། །འཇམ་དབྱངས་བླ་མའི་ཡེ་ཤེས་སྒྱུ་འཕྲུལ་གར། །བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །རིག་སྟོང་འོད་གསལ་ཆོས་སྐུ་རྟོགས་པ་དང་། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་པ་འདི་ནི་གཡག་ཟེའི་ཚེ་དབང་འགྱུར་མེད་ནས་ཡང་ཡང་བསྐུལ་ངོར། འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་སྤེལ་བ་དགེའོ།། །།
[edit]

!__na mo gu ru/__srid zhi'i spyi dpal kun bzang gdod ma'i mgon/____/snyigs dus bdag blo'i mun pa sel ba'i gnyen/____/'jam dbyangs bla ma'i ye shes sgyu 'phrul gar/____/blo gros rgya mtsho'i zhabs la gsol ba 'debs/____/byang chub bar du 'bral med rjes su zungs/____/mos gus gdung shugs drag pos gsol 'debs na/____/rig stong 'od gsal chos sku rtogs pa dang /____/'pho chen 'ja' lus rdo rje'i sku thob shog__/ces pa 'di ni g.yag ze'i tshe dbang 'gyur med nas yang yang bskul ngor/__'jam dbyangs mkhyen brtse'i sprul ming 'dzin pa chos kyi blo gros pas spel ba dge'o//____//

Footnotes

Other Information