JKCL-KABUM-02-KHA-003

From Khyentse Lineage - A Tsadra Foundation Project
Revision as of 18:29, 17 November 2021 by Mort (talk | contribs)

བླ་མ་མཉམ་མེད་ཐུབ་པའི་དབང་པོ་ལ་བསྟོད་པ་བསམ་དོན་ཀུན་འགྲུབ་འཆི་མེད་དབྱངས་སྙན།
Wylie title bla ma mnyam med thub pa'i dbang po la bstod pa bsam don kun 'grub 'chi med dbyangs snyan JKCL-KABUM-02-KHA-003.pdf
Location chos kyi blo gros bka' 'bum
Volume 2, Text 3, Pages 309-315 (Folios 1a to 4a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma mnyam med thub pa'i dbang po la bstod pa bsam don kun 'grub 'chi med dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol 2: 309-315. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

ཅེས་བླ་མ་ཐུབ་པའི་དབང་པོར་བསྟོད་ཅིང་སྨོན་ལམ་དུ་བགྱི་བ་འདིའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཐུབ་གསུང་བློ་གྲོས་མི་ཟད་པའི་མདོ་རྣ་བའི་བདུད་རྩིར་སིམ་བཞིན་སོར་རྩེའི་ཟློས་གར་དུ་བསྒྱུར་བ་འདིས་ཀྱང་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པའི་རྒྱུར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་མངྒ་ལཾ།

ces bla ma thub pa'i dbang por bstod cing smon lam du bgyi ba 'di'ang 'jam dbyangs chos kyi blo gros pas chu 'brug gnam lo gsar tshes kyi dkar phyogs rgyal ba dang po'i tshes la thub gsung blo gros mi zad pa'i mdo rna ba'i bdud rtsir sim bzhin sor rtse'i zlos gar du bsgyur ba 'dis kyang don gnyis phun sum tshogs pa'i dpal la spyod pa'i rgyur byin gyis brlab tu gsol/____/sarba dA mang+ga laM/

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མ་མཉམ་མེད་ཐུབ་པའི་དབང་པོ་ལ་བསྟོད་པ་བསམ་དོན་ཀུན་འགྲུབ་འཆི་མེད་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ། ལྷར་བཅས་སྲིད་དང་ཞི་བའི་གཙུག་གི་རྒྱན། །སྤངས་རྟོགས་མཐར་ཕྱིན་དོན་གཉིས་ཕུལ་བྱུང་དཔལ། །འདྲེན་པ་མཉམ་མེད་ཤཱཀྱ་སེངྒེ་ཡི། །ཞབས་མཐིལ་བཀྲ་ཤིས་འཁོར་ལོར་སྤྱི་བོས་བཏུད། ༡། རྐང་གཉིས་མཆོག་ལ་བསོད་ནམས་བརྒྱ་བའི་སྐུ། །མཚན་དང་དཔེ་བྱད་གསལ་བའི་མེ་ཏོག་བཀྲ། །དམིགས་མེད་སྙིང་རྗེ་ཆེན་པོས་ཡོངས་གང་བ། །སྟོན་པ་ཟླ་མེད་དོན་ཀུན་གྲུབ་པ་རྒྱལ། ༢། གདོད་ནས་སངས་རྒྱས་ཀུན་པས་སྔར་སངས་རྒྱས། །སླར་ཡང་ལྔ་བརྒྱ་མཐའ་མའི་འགྲོ་རྣམས་ལ། །འདྲེན་པ་གཞན་གྱིས་སྤངས་པ་ལྟར་གྱུར་ཚེ། །ཐུགས་བསྐྱེད་པད་དཀར་ལྟ་བུ་བཞེས་ལ་འདུད། ༣། སྨོན་ལམ་ཆེན་པོ་ལྔ་བརྒྱའི་དམ་བཅའ་བརྟན། །དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོ། །གཟིགས་པ་རྣམ་ལྔས་ཛཾ་བུའི་གླིང་དུ་གཤེགས། །མཛད་པའི་རྣམ་རོལ་བཅུ་གཉིས་སྟོན་ལ་འདུད། ༤། ངོ་མཚར་མཛད་པ་བརྒྱ་དང་ཆོ་འཕྲུལ་ཆེས། །བདུད་དང་མུ་སྟེགས་དཔའ་བཀང་ཐེག་གསུམ་གྱི། །རིམ་གསུམ་ཆོས་ཀྱི་འཁོར་ལོ་ཆེན་པོ་ཡི། །ཕྱོགས་བཅུའི་གདུལ་བྱ་གྲོལ་བར་མཛད་ལ་འདུད། ༥། ཁྱད་པར་སངས་རྒྱས་གཞན་གྱིས་མ་བསྒྲགས་པའི། །ཆོས་དབྱིངས་རྣམ་པར་མི་རྟོག་འོད་གསལ་ཆེ། །ངོ་མཚར་རྨད་དུ་བྱུང་བའི་གསང་སྔགས་ཀྱི། །རྒྱུད་སྡེ་རྒྱ་མཚོའི་སྒྲ་དབྱངས་སྒྲོགས་ལ་འདུད། ༦། ཆོས་ཀྱི་ཕུང་པོ་ནམ་མཁའི་མཐའ་ཀླས་པ། །སངས་རྒྱས་ཞིང་ཀུན་ཁྱབ་པར་བརྡལ་བ་ཡི། །གསུང་གཅིག་ཡན་ལག་རྒྱ་མཚོའི་ང་རོ་ཅན། །གསུང་གི་གསང་བ་བསམ་མི་ཁྱབ་ལ་འདུད། ༧། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །སྤྲོས་པའི་ཟུག་ངུ་མ་ལུས་ཀུན་སྤངས་ཤིང་། །ཏིང་འཛིན་རྒྱ་མཚོ་རྟག་ཏུ་མཉམ་པར་བཞག །ཐུགས་ཀྱི་གསང་བ་བསམ་མི་ཁྱབ་ལ་འདུད། ༨། སྐུ་གཅིག་སྐུ་ཡི་སྒྱུ་འཕྲུལ་མཐའ་ཡས་པ། །ཕྲ་མོའི་རྡུལ་གྱི་ཁོངས་སུ་རབ་འཇུག་ཅིང་། །ཞི་དང་ཁྲོ་བོའི་རོལ་གར་ཅིར་ཡང་སྟོན། །སྐུ་ཡི་གསང་བ་བསམ་མི་ཁྱབ་ལ་འདུད། ༩། སྟོབས་བཅུའི་དབང་ཕྱུག་བརྒྱད་དང་ལྡན་པ་ཡི། །བྱང་ཕྱོགས་སོ་བདུན་ཕ་མཐའ་ཕྱིན་པ་ལས། །མ་འདྲེས་ཡོན་ཏན་རྫོགས་པའི་བཅོམ་ལྡན་འདས། །ཡོན་ཏན་གསང་བ་བསམ་མི་ཁྱབ་ལ་འདུད། ༡༠། ཟླ་ཉི་ནོར་བུ་དཔག་བསམ་ཤིང་བཞིན་དུ། །འགྲོ་སྒྲོལ་སླད་དུ་སྲིད་པ་གནས་པར་རྟག །ཀུན་ལ་ཁྱབ་ཅིང་ཀུན་ལ་རྗེས་སུ་འཇུག །ཕྲིན་ལས་ལྷུན་གྲུབ་བསམ་མི་ཁྱབ་ལ་འདུད། ༡༡། གང་གི་རང་བཞིན་རྡུལ་བྲལ་ནམ་མཁའ་དང་། །རྒྱ་མཚོ་ཆེ་ལྟར་ཟབ་ཅིང་རྒྱ་ཆེ་བ། །ས་བཅུའི་དབང་ཕྱུག་འཇམ་དཔལ་དཔའ་བོ་སོགས། །བློ་ཆེན་རྣམས་ཀྱིས་དཔག་པར་དཀའ་ལ་འདུད། ༡༢། ཇི་བཞིན་བརྗོད་ལ་དཔེ་མེད་དཔེ་ལས་འདས། །མི་གཡོ་མཉམ་མེད་མཉམ་ཉིད་སྐུ་བཞི་རྫོགས། །མི་ཟད་རྒྱན་འཁོར་ཉེར་ལྔའི་མངའ་བདག་མཆོག །ཐུབ་དབང་རྡོ་རྗེ་འཆང་ཆེན་ཞབས་ལ་འདུད། ༡༣། གསུང་རབ་ཉི་མའི་སྣང་བའི་འོད་ཟེར་གྱི། །ཤས་ཙམ་སྔོན་བྱོན་ལོ་པཎ་བཀའ་དྲིན་ལས། །བྱང་ཕྱོགས་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས། །བྱོན་པ་ཐུགས་རྗེའི་མཐུ་ལས་བྱུང་བར་འདུད། ༡༤། དུས་གསུམ་སངས་རྒྱས་ཐམས་ཅད་ཁྱོད་ཉིད་ལགས། །ཁྱོད་ནི་དུས་གསུམ་སངས་རྒྱས་འདུས་པའི་བདག །དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་ཤཱཀྱ་སེང་། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་འདུད། ༡༥། དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པས་མཆོད། །སྡིག་ལྟུང་ཉེས་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐུལ་ཞིང་མྱ་ངན་མི་འདའ་གསོལ། །དགེ་ཚོགས་འགྲོ་བ་རྣམས་ལ་ཡོངས་སུ་བསྔོ། ༡༦། བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ། །བསྟན་དང་འགྲོ་ལ་ཡོངས་སུ་བསྔོ་བའི་མཐུས། །རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །འཇིག་རྟེན་པ་ཀུན་དགེ་བཅུར་སྤྱོད་པར་ཤོག༡༧། རྒྱུ་འབྲས་བསླུ་བ་མེད་པར་ཡིད་ཆེས་རྙེད། །སྟོན་དང་བསྟན་པར་ངེས་ཤེས་རྙེད་པ་དང་། །ལམ་ལོག་ལམ་གོལ་དམན་པའི་ལམ་རྣམས་སྤངས། །ཐེག་ཆེན་རྒྱལ་སྲས་ལམ་བཟང་བགྲོད་པར་ཤོག༡༨། ཆེར་སྙིགས་དུས་ཀྱི་རྒུད་པའི་རྟེན་འབྲེལ་ལས། །རང་གཟུགས་ལྷ་མིན་འབྱུང་པོའི་ཚོགས་རྣམས་ཀྱི། །མགོ་བོ་ལག་ན་རྡོ་རྗེས་འགེམ་མཛད་དེ། །ལྷ་དབང་ལྷ་ཡི་ཚོགས་ཀྱིས་ཁྱབ་གྱུར་ཅིག༡༩། བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་ཐུབ་ཆེན་ཉི་མའི་གཉེན་མཆོག་གི། ཞབས་རྡུལ་ཚངས་གནས་འཁོར་ལོ་བསྟི་བ་དང་། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་གྱུར་ཅིག༢༠། དྲན་དང་ཏིང་འཛིན་ཤེས་རབ་ཟབ་མོས་ཕྱུག །རྒྱལ་བའི་ཆོས་རྣམས་ཉམས་འོག་ཆུབ་པ་དང་། །བློ་གྲོས་མི་ཟད་གཏེར་ལ་དབང་འབྱོར་ཞིང་། །དྲི་མ་མེད་པར་གྲགས་པའི་དཔལ་ཐོབ་ཤོག༢༡། སྐྱེ་བ་ཀུན་ཏུ་ཐུབ་གསུང་དམ་ཆོས་མཛོད། །ཐོས་དང་འཛིན་དང་ཡིད་ལ་བྱེད་པ་དང་། །འཆད་དང་སྤེལ་བའི་ཕྲིན་ལས་ཤུགས་འཆང་བ། །འཇམ་དཔལ་དཔའ་བོ་ཇི་བཞིན་འགྱུར་བར་ཤོག༢༢། དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ཞིང་། །འཆི་མེད་རྡོ་རྗེའི་སྲོག་གི་ཀ་བ་བརྟན། །འཕོ་མེད་བདེ་ཆེན་ཐིག་ལེ་རབ་རྒྱས་པས། །རྡོ་རྗེ་སེམས་དཔའི་ལང་ཚོ་འགྲུབ་གྱུར་ཅིག༢༣། ཅེས་བླ་མ་ཐུབ་པའི་དབང་པོར་བསྟོད་ཅིང་སྨོན་ལམ་དུ་བགྱི་བ་འདིའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཐུབ་གསུང་བློ་གྲོས་མི་ཟད་པའི་མདོ་རྣ་བའི་བདུད་རྩིར་སིམ་བཞིན་སོར་རྩེའི་ཟློས་གར་དུ་བསྒྱུར་བ་འདིས་ཀྱང་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པའི་རྒྱུར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་མངྒ་ལཾ། ། །།
[edit]

@#/____/bla ma mnyam med thub pa'i dbang po la bstod pa bsam don kun 'grub 'chi med dbyangs snyan zhes bya ba bzhugs so/____/ na mo gu ru shAkya mu ne ye/__lhar bcas srid dang zhi ba'i gtsug gi rgyan/____/spangs rtogs mthar phyin don gnyis phul byung dpal/____/'dren pa mnyam med shAkya seng+ge yi/____/zhabs mthil bkra shis 'khor lor spyi bos btud/__1/__rkang gnyis mchog la bsod nams brgya ba'i sku/____/mtshan dang dpe byad gsal ba'i me tog bkra/____/dmigs med snying rje chen pos yongs gang ba/____/ston pa zla med don kun grub pa rgyal/__2/__gdod nas sangs rgyas kun pas sngar sangs rgyas/____/slar yang lnga brgya mtha' ma'i 'gro rnams la/____/'dren pa gzhan gyis spangs pa ltar gyur tshe/____/thugs bskyed pad dkar lta bu bzhes la 'dud/__3/__smon lam chen po lnga brgya'i dam bca' brtan/____/dga' ldan gnas su dam pa tog dkar po/____/gzigs pa rnam lngas dzaM bu'i gling du gshegs/____/mdzad pa'i rnam rol bcu gnyis ston la 'dud/__4/__ngo mtshar mdzad pa brgya dang cho 'phrul ches/____/bdud dang mu stegs dpa' bkang theg gsum gyi/____/rim gsum chos kyi 'khor lo chen po yi/____/phyogs bcu'i gdul bya grol bar mdzad la 'dud/__5/__khyad par sangs rgyas gzhan gyis ma bsgrags pa'i/____/chos dbyings rnam par mi rtog 'od gsal che/____/ngo mtshar rmad du byung ba'i gsang sngags kyi/____/rgyud sde rgya mtsho'i sgra dbyangs sgrogs la 'dud/__6/__chos kyi phung po nam mkha'i mtha' klas pa/____/sangs rgyas zhing kun khyab par brdal ba yi/____/gsung gcig yan lag rgya mtsho'i nga ro can/____/gsung gi gsang ba bsam mi khyab la 'dud/__7/__zab zhi spros bral 'od gsal 'dus ma byas/____/spros pa'i zug ngu ma lus kun spangs shing /____/ting 'dzin rgya mtsho rtag tu mnyam par bzhag__/thugs kyi gsang ba bsam mi khyab la 'dud/__8/__sku gcig sku yi sgyu 'phrul mtha' yas pa/____/phra mo'i rdul gyi khongs su rab 'jug cing /____/zhi dang khro bo'i rol gar cir yang ston/____/sku yi gsang ba bsam mi khyab la 'dud/__9/__stobs bcu'i dbang phyug brgyad dang ldan pa yi/____/byang phyogs so bdun pha mtha' phyin pa las/____/ma 'dres yon tan rdzogs pa'i bcom ldan 'das/____/yon tan gsang ba bsam mi khyab la 'dud/__10/__zla nyi nor bu dpag bsam shing bzhin du/____/'gro sgrol slad du srid pa gnas par rtag__/kun la khyab cing kun la rjes su 'jug__/phrin las lhun grub bsam mi khyab la 'dud/__11/__gang gi rang bzhin rdul bral nam mkha' dang /____/rgya mtsho che ltar zab cing rgya che ba/____/sa bcu'i dbang phyug 'jam dpal dpa' bo sogs/____/blo chen rnams kyis dpag par dka' la 'dud/__12/__ji bzhin brjod la dpe med dpe las 'das/____/mi g.yo mnyam med mnyam nyid sku bzhi rdzogs/____/mi zad rgyan 'khor nyer lnga'i mnga' bdag mchog__/thub dbang rdo rje 'chang chen zhabs la 'dud/__13/__gsung rab nyi ma'i snang ba'i 'od zer gyi/____/shas tsam sngon byon lo paN bka' drin las/____/byang phyogs gangs ri'i phreng bas bskor ba'i ljongs/____/byon pa thugs rje'i mthu las byung bar 'dud/__14/__dus gsum sangs rgyas thams cad khyod nyid lags/____/khyod ni dus gsum sangs rgyas 'dus pa'i bdag__/dngos grub rgya mtsho'i gter mdzod shAkya seng /____/mgon po mchog gyur khyod la phyag 'tshal 'dud/__15/__dngos 'byor yid sprul kun bzang mchod pas mchod/____/sdig ltung nyes bshags dge la rjes yi rangs/____/chos 'khor bskul zhing mya ngan mi 'da' gsol/____/dge tshogs 'gro ba rnams la yongs su bsngo/__16/__bdag gzhan dus gsum dge ba ci bsags pa/____/bstan dang 'gro la yongs su bsngo ba'i mthus/____/rgyal ba'i bstan dar bstan 'dzin zhabs pad brtan/____/'jig rten pa kun dge bcur spyod par shog17/__rgyu 'bras bslu ba med par yid ches rnyed/____/ston dang bstan par nges shes rnyed pa dang /____/lam log lam gol dman pa'i lam rnams spangs/____/theg chen rgyal sras lam bzang bgrod par shog18/__cher snyigs dus kyi rgud pa'i rten 'brel las/____/rang gzugs lha min 'byung po'i tshogs rnams kyi/____/mgo bo lag na rdo rjes 'gem mdzad de/____/lha dbang lha yi tshogs kyis khyab gyur cig19/__bdag kyang deng nas tshe rabs thams cad du/____/bla ma thub chen nyi ma'i gnyen mchog gi/__zhabs rdul tshangs gnas 'khor lo bsti ba dang /____/tshul khrims phung po yongs su rdzogs gyur cig20/__dran dang ting 'dzin shes rab zab mos phyug__/rgyal ba'i chos rnams nyams 'og chub pa dang /____/blo gros mi zad gter la dbang 'byor zhing /____/dri ma med par grags pa'i dpal thob shog21/__skye ba kun tu thub gsung dam chos mdzod/____/thos dang 'dzin dang yid la byed pa dang /____/'chad dang spel ba'i phrin las shugs 'chang ba/____/'jam dpal dpa' bo ji bzhin 'gyur bar shog22/__dus min 'chi ba'i dgra las rnam rgyal zhing /____/'chi med rdo rje'i srog gi ka ba brtan/____/'pho med bde chen thig le rab rgyas pas/____/rdo rje sems dpa'i lang tsho 'grub gyur cig23/__ces bla ma thub pa'i dbang por bstod cing smon lam du bgyi ba 'di'ang 'jam dbyangs chos kyi blo gros pas chu 'brug gnam lo gsar tshes kyi dkar phyogs rgyal ba dang po'i tshes la thub gsung blo gros mi zad pa'i mdo rna ba'i bdud rtsir sim bzhin sor rtse'i zlos gar du bsgyur ba 'dis kyang don gnyis phun sum tshogs pa'i dpal la spyod pa'i rgyur byin gyis brlab tu gsol/____/sarba dA mang+ga laM/__/____//__

Footnotes

Other Information