JKW-KABUM-22-ZA-012-103

From Khyentse Lineage - A Tsadra Foundation Project
Revision as of 13:52, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title page=1
Location mkhyen brtse'i bka' 'bum
Volume 12, sde tshan 103, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
བརྗོད་མེད་བརྗོད་བྱར་སྟོན་པའི་རྡོ་རྗེའི་ཐོལ་གླུ་གཉུག་མའི་ཉམས་དབྱངས། བརྗོད་མེད་བརྗོད་བྱར་སྟོན་པའི་རྡོ་རྗེའི་ཐོལ་གླུ་གཉུག་མའི་ཉམས་དབྱངས་ཞེས་བྱ་བ། ཨ་ཧོ། ཟུང་འཇུག་སྤྲོས་བྲལ་དེ་ཤེས་རབ་ཕར་ཕྱིན། །བདེ་སྟོང་དབྱེར་མེད་དེ་ལྷན་སྐྱེས་གཉུག་མ། །ཡེ་ནས་ལྷུན་གྲུབ་དེ་ཁྱད་ཆོས་དྲུག་ལྡན། །འདུ་བྱེད་བྲལ་བ་དེ་ཡིད་དཔྱོད་རང་གྲོལ། །ངང་བཞག་འོད་གསལ་ནི་ཆོས་ཀུན་ངོ་བོ། །ཤར་གྲོལ་དུས་མཉམ་ནི་ཆོས་ཀུན་རང་བཞིན། །སྲིད་ཞི་ཀུན་ཁྱབ་ནི་ཆོས་ཀུན་ཐུགས་རྗེ། །སྐུ་གསུམ་ལྷུན་གྲུབ་དེ་བདེ་གཤེགས་སྙིང་པོ། །སྣང་བ་རང་ཤར་དེ་སྐུ་ཡི་དཀྱིལ་འཁོར། །སྟོང་པ་ཚིག་བྲལ་དེ་གསུང་གི་དཀྱིལ་འཁོར། །ཟུང་འཇུག་འོད་གསལ་དེ་ཐུགས་ཀྱི་དཀྱིལ་འཁོར། །དཀྱིལ་འཁོར་སུམ་ལྡན་དེ་ལྷན་སྐྱེས་ཡེ་ཤེས། །འཁྲུལ་པའི་སྣང་བ་ནི་མ་བྱས་ལྷུན་གྲུབ། །སྐུ་དང་ཡེ་ཤེས་ནི་མ་བཙལ་ཡེ་རྫོགས། །རྣལ་འབྱོར་སྣང་བ་ནི་མ་སྤང་རང་གྲོལ། །ཉམས་མྱོང་གསུམ་ལྡན་དེ་སྲིད་ཞི་ཡོངས་ཁྱབ། །ཀ་དག་གནས་ལུགས་དེ་ཡིད་བྱེད་བྲལ་བ། །ལྷུན་གྲུབ་རང་རྩལ་དེ་ཐིག་ལེ་ཆེན་པོ། །དབྱིངས་རིག་དབྱེར་མེད་དེ་ཀུན་བཟང་མཁའ་ཀློང་། །ཉམས་ལེན་གསུམ་ལྡན་དེ་རྫོགས་པ་ཆེན་པོ། །མ་སྐྱེས་རྩ་བྲལ་དེ་ཆོ༷ས་སྐུའི༷་དགོངས་པ། །ལྷུན་གྲུབ་འོད་གསལ་དེ་ལོང༷ས་སྐུའི༷་རང་བཞིན། །གང་ཤར་སྣང་བ་དེ་སྤྲུལ༷་སྐུའི༷་ཐུགས་རྗེ། །སྐུ་གསུམ་ཡེ་རྫོགས་དེ་ཕྱག་རྒྱ་ཆེན་པོ། །དོན་དམ་བདེན་པ་དེ་ཁས་ལེན་བྲལ་བ། །ཀུན་རྫོབ་འཁྲུལ་པ་དེ་སྒྱུ་མའི་གར་མཁན། །ཟུང་འཇུག་འོད་གསལ་དེ་མྱང་བྱར་འདས་པའི། །གཏན་ཚིགས་གསུམ་ལྡན་དེ་དབུ་མ་ཆེན་པོ། །རྣལ་འབྱོར་རྟོགས་པ་དེ་གཞི་མེད་རྩ་བྲལ། །དགའ་བྲོད་འཁུ་འཕྲིགས་དེ་ཆུ་ནང་རི་མོ། །སྤང་བླང་དགག་སྒྲུབ་དེ་ནམ་མཁའི་འཇའ་ཚོན། །བདེན་མེད་རྣམ་གསུམ་དེ་ཞི་བྱེད་གཅོད་ཡུལ། །སྲིད་པའི་ལས་སྣང་དེ་བྱིས་པའི་རྩེད་མོ། །སྐུ་དང་ཡེ་ཤེས་དེ་སྒྱུ་མའི་གར་མཁན། །བདེ་སྡུག་དགག་སྒྲུབ་དེ་སྨིག་རྒྱུའི་འོད་རླབས། །སྲིད་ཞི་དབྱེར་མེད་དེ་རོ་སྙོམས་ལམ་མཆོག །གསལ་ལ་འཛིན་མེད་དེ་ཆུ་ཟླའི་རོལ་གར། །སྟོང་ལ་གཟུང་བྲལ་དེ་བརྗོད་མེད་ཡེ་ཤེས། །འཁོར་འདས་དབྱེར་མེད་དེ་རང་སེམས་དྭངས་མ། །དཔྱད་ཚུལ་གསུམ་ལྡན་དེ་ལམ་དང་འབྲས་བུ། །སྣ་ཚོགས་ཞེ་འདོད་ཀྱི་གྲུབ་མཐའི་ལྟ་བ། །རང་བཞིན་རང་གསལ་གྱི་ཐ་མལ་རིག་པ། །ཅེར་གྲོལ་སྐད་ཅིག་མའི་ཤེས་པའི་སྟེང་དུ། །དགག་སྒྲུབ་བྲལ་སྙམ་དེ་ཁོ་ཐག་ཆོད་སོང་། །ཨ་ཧོ་སྨྲས་ཀྱང་དེ་བརྗོད་མེད་ཡེ་ཤེས། །མངོན་སུམ་རྟོགས་པ་ཡི་རྣལ་འབྱོར་མིན་ཀྱང་། །དཔལ་ལྡན་བླ་མ་ཡི་ཐུགས་རྗེའི་རོལ་པས། །གོ་བ་སྐྱེས་ཚུལ་ཞིག་གླུ་རུ་ཐལ་ལོ།། །། ༈
[edit]

brjod med brjod byar ston pa'i rdo rje'i thol glu gnyug ma'i nyams dbyangs/__ brjod med brjod byar ston pa'i rdo rje'i thol glu gnyug ma'i nyams dbyangs zhes bya ba/__a ho/__zung 'jug spros bral de shes rab phar phyin/__/bde stong dbyer med de lhan skyes gnyug ma/__/ye nas lhun grub de khyad chos drug ldan/__/'du byed bral ba de yid dpyod rang grol/__/ngang bzhag 'od gsal ni chos kun ngo bo/__/shar grol dus mnyam ni chos kun rang bzhin/__/srid zhi kun khyab ni chos kun thugs rje/__/sku gsum lhun grub de bde gshegs snying po/__/snang ba rang shar de sku yi dkyil 'khor/__/stong pa tshig bral de gsung gi dkyil 'khor/__/zung 'jug 'od gsal de thugs kyi dkyil 'khor/__/dkyil 'khor sum ldan de lhan skyes ye shes/__/'khrul pa'i snang ba ni ma byas lhun grub/__/sku dang ye shes ni ma btsal ye rdzogs/__/rnal 'byor snang ba ni ma spang rang grol/__/nyams myong gsum ldan de srid zhi yongs khyab/__/ka dag gnas lugs de yid byed bral ba/__/lhun grub rang rtsal de thig le chen po/__/dbyings rig dbyer med de kun bzang mkha' klong /__/nyams len gsum ldan de rdzogs pa chen po/__/ma skyes rtsa bral de choXs sku'iX dgongs pa/___/lhun grub 'od gsal de longaXs sku'iX rang bzhin/__/gang shar snang ba de sprulaX sku'iX thugs rje/__/sku gsum ye rdzogs de phyag rgya chen po/__/don dam bden pa de khas len bral ba/_/kun rdzob 'khrul pa de sgyu ma'i gar mkhan/__/zung 'jug 'od gsal de myang byar 'das pa'i/__/gtan tshigs gsum ldan de dbu ma chen po/__/rnal 'byor rtogs pa de gzhi med rtsa bral/__/dga' brod 'khu 'phrigs de chu nang ri mo/__/spang blang dgag sgrub de nam mkha'i 'ja' tshon/__/bden med rnam gsum de zhi byed gcod yul/__/srid pa'i las snang de byis pa'i rtsed mo/__/sku dang ye shes de sgyu ma'i gar mkhan/__/bde sdug dgag sgrub de smig rgyu'i 'od rlabs/__/srid zhi dbyer med de ro snyoms lam mchog__/gsal la 'dzin med de chu zla'i rol gar/__/stong la gzung bral de brjod med ye shes/__/'khor 'das dbyer med de rang sems dwangs ma/__/dpyad tshul gsum ldan de lam dang 'bras bu/__/sna tshogs zhe 'dod kyi grub mtha'i lta ba/__/rang bzhin rang gsal gyi tha mal rig pa/__/cer grol skad cig ma'i shes pa'i steng du/__/dgag sgrub bral snyam de kho thag chod song /__/a ho smras kyang de brjod med ye shes/__/mngon sum rtogs pa yi rnal 'byor min kyang /__/dpal ldan bla ma yi thugs rje'i rol pas/__/go ba skyes tshul zhig glu ru thal lo//__//___!_

Footnotes

Other Information