JKW-KABUM-21-ZHA-001-012

From Khyentse Lineage - A Tsadra Foundation Project
Revision as of 12:45, 23 March 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABUM-21-ZHA-001-012

Wylie title page=1
Location mkhyen brtse'i bka' 'bum
Volume 1, sde tshan 12, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
གངས་ཆེན་ཉེར་གཅིག་གི་མཆོད་ཕྲེང་། ན་མོ་གུ་རུ་པདྨ་ཧེ་རུ་ཀཱ་ཡ། གངས་ཆེན་ཉི་ཤུ་རྩ་གཅིག་གི་ཡུལ་སྐྱོང་མཆོད་པ་ནི། གཏོར་མ་དཀར་དམར་སྐྱེམས་ཕུད་བསང་སོགས་མཆོད་རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། རང་ཉིད་པདྨ་དྲག་པོའི་ང་རྒྱལ་དང་བཅས་འདི་ལྟར་གྱེར་རོ། །ཧཱུྃ། རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་ཟེར་ལྕགས་ཀྱུས་གངས་ཆེན་ཉེར་གཅིག་གི། །ཡུལ་སྐྱོང་འཁོར་བཅས་སྐད་ཅིག་སྤྱན་དྲངས་ནས། མདུན་དུ་དགྱེས་ཤིང་དུལ་བས་འཁོད་པར་གྱུར། ཧཱུྃ་བྷྱོ། ཐང་ལྷའི་གངས་གནས་རྡོ་རྗེ་འབར་བ་རྩལ། །དཀར་སྨུག་ཁ་ཊྭཱྃ་མདུང་ཞགས་དགྲ་སྟྭ་ཐོགས། །རྟ་དཀར་ཆིབས་ནས་བསྟན་པའི་བྱ་ར་མཛད། །ལྷ་ཀླུ་གནོད་སྦྱིན་དྲི་ཟའི་ཚོགས་དང་བཅས། །འདིར་གཤེགས་འདོད་ཡོན་རྒྱ་མཚོའི་མཆོད་པ་བཞེས། །སངས་རྒྱས་བསྟན་སྲུང་བསྟན་དགྲ་ཆོམས་ལ་ཕོབས། །གངས་ཅན་མཐའ་དབུས་ཀུན་ཏུ་བདེ་བ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོ། ཏི་སེའི་གངས་གནས་རྡོ་རྗེ་གཟི་འབར་རྩལ། །དཀར་སྨུག་བ་དན་རྩེ་གསུམ་གསེར་འཁོར་ཐོགས། །གླང་ཆེན་ཞོན་ནས་བསྟན་པའི་བྱ་ར་མཛད། །ལྷ་ཀླུ་རྒྱུ་སྐར་ཤུགས་འགྲོའི་འཁོར་དང་བཅས། །འདིར་གཤེགས་འདོད་ཡོན་རྒྱ་མཚོའི་མཆོད་པ་བཞེས། །སངས་རྒྱས་བསྟན་བསྲུང་བསྟན་དགྲ་ཆོམས་ལ་ཕོབས། །གངས་ཅན་མཐའ་དབུས་ཀུན་ཏུ་བདེ་བ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོ། མང་མཁར་གངས་གནས་ཆེ་བཙན་བདུད་འཇོམས་རྩལ། །དམར་སེར་བདུད་ཆས་འོད་མའི་མདའ་གཞུ་འགེངས། །ཅང་ཤེས་ཞོན་ནས་བསྟན་པའི་བྱ་ར་མཛད། །ཀླུ་བཙན་བྱེ་བ་མང་པོའི་འཁོར་དང་བཅས། །འདིར་གཤེགས་སོགས། །སངས་རྒྱས་བསྟན་སྲུང་༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། བུ་ལེ་གངས་གནས་རྡོ་རྗེ་དཔལ་འབར་རྩལ། །ནག་མོ་མདུང་རྣོན་ཐོགས་ཤིང་ཉི་ཞགས་འཕེན། རྟ་ནག་ཞོན་ནས༴ དྲག་མོ་སྤུན་དགུ་སྡེ་བརྒྱད་ཚོགས་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། སྟར་སྒོ་གངས་གནས་དཔལ་གྱི་རྡོ་རྗེ་རྩལ། །དམར་ནག་བདུད་ཆས་མདུང་རྣོན་ལྕགས་གཞུ་འགེངས། །རྟ་ནག་ཞོན་ནས༴ གཟའ་བརྒྱད་བདུད་སྲིན་མང་པོའི་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན་སྲུང་༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ཕོ་མ་གངས་གནས་ངམ་ལྡན་རྒྱལ་མོ་རྩལ། །དཀར་སྔོན་རྡོ་རྗེའི་དབྱུག་པ་པད་ཕྲེང་ཐོགས། །འབྲུག་ལ༴ ལྷ་ཀླུའི་སྨན་མོ་འབུམ་སྡེའི་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། མཁའ་རི་གངས་གནས་མཁའ་སྤྱོད་དཔལ་མོ་རྩལ། དཀར་གསལ་མདའ་དར་དུང་སྐྱོགས་གསེར་བུམ་ཐོགས། རྐྱང་རྒོད་ཞོན་ནས༴ གངས་སྨན་བདུད་བཙན་གཉན་གྱི་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ཁ་རག་གངས་གནས་རྡོ་རྗེ་ཁྱུང་བཙུན་མ། །སྔོན་མོ་མདའ་དར་འཕྲུལ་གྱི་མེ་ལོང་ཐོགས། །མཁའ་ལྡིང་ཞོན་ནས༴ གཉན་རྗེ་སྲིན་མོ་ཤ་ཟའི་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། རྩེ་དྷུམ་གངས་གནས་རྡོ་རྗེ་བཟང་པོ་རྩལ། །གནོད་སྦྱིན་མཐིང་ནག་བེ་ཅོན་ཞགས་པ་ཐོགས། །རྒྱ་སྟག་ཞོན་ནས༴ གདུག་ཅན་དྲེགས་པ་མང་པོའི་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ལ་ཕྱི་གངས་གནས་དགེ་བསྙེན་དགྱེས་པ་རྩལ། །དཀར་གསལ་འཛུམ་མདངས་རྩེ་གསུམ་བ་དན་ཐོགས། སེང་གེ་ཞོན༴ དགེ་བསྙེན་མཁའ་འགྲོ་ཤུགས་འགྲོའི་ཚོགས་དང་བཅས། འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ཚེ་རིང་གངས་གནས་རྡོ་རྗེ་དཔལ་གྱི་རྩལ། །དཀར་དམར་མཛེས་འཛུམ་མདའ་དར་མེ་ལོང་ཐོགས། གངས་སེང་ཞོན༴ སྨན་མོ་བརྟན་སྐྱོང་ཡ་མའི་ཚོགས་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། སྣ་ནམ་གངས་གནས་རྫོང་བདག་དྲག་པོ་རྩལ། །མཐིང་ནག་གཏུམ་རྔམས་རལ་གྲི་རུ་མཚོན་ཐོགས། །ཅང་ཤེས་ཞོན༴ ཀླུ་གཉན་ས་བདག་གནོད་སྦྱིན་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ཏི་སྒྲོ་གངས་གནས་རྡོ་རྗེ་གཡུ་འབར་རྩལ། དམར་སེར་མེ་ཏོག་ཕྲེང་བ་བཙན་ཞགས་བསྣམ། །ཅང་ཤེས་ཞོན༴ ལྷ་ཀླུའི་སྨན་དང་གིང་བཙན་འཁོར་ཚོགས་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། བདེ་མཆོག་གངས་གནས་དཔའ་བོ་གསང་བ་འཛིན། །དམར་སེར་རྔམས་བརྗིད་རལ་གྲི་བནྡྷ་ཐོགས། བ་གླང་ཞོན༴ བཀའ་ཉན་མི་སྲུན་རྫུ་འཕྲུལ་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། འོ་དེ་གངས་གནས་རྡོ་རྗེ་རབ་འཇིགས་རྩལ། །དམར་ནག་བཙན་རས་རྡོ་རྗེ་དགྲ་སྟྭ་ཐོགས། །སྟག་ལ་ཞོན༴ བཀའ་ཉན་ཀླུ་བདུད་དུ་མའི་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ཤམ་བྷོ་གངས་གནས་རྡོ་རྗེ་དཔལ་བརྩེགས་རྩལ། །དཀར་སྨུག་སྲིན་ཆས་རྡོ་རྗེ་མདུང་རྣོན་གསོར། །གཡག་དཀར་ཞོན༴ ལྷ་ཀླུ་མ་མོ་སྨན་ཕྲན་ཚོགས་ཀྱིས་བསྐོར། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། གསལ་རྗེ་གངས་གནས་རྡོ་རྗེ་ལེགས་གྲུབ་རྩལ། །མཐིང་ནག་ཁྲོ་སྒེག་ཙིཏྟ་བེ་ཅོན་ཐོགས། །འབྲོག་གཡག་ཞོན༴ གནོད་སྦྱིན་མ་མོ་ལྷ་སྲིན་དྲེགས་ཚོགས་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ཧ་པོ་གངས་གནས་རྡོ་རྗེ་མཆོག་རབ་རྩལ། །གསེར་མདོག་བརྗིད་ཆགས་རལ་གྲི་བ་དན་འཕྱར། །མ་ཧེ་ཞོན༴ འདྲེ་མོ་ལྷ་སྲིན་མ་བདུད་ཚོགས་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། གནོད་སྦྱིན་གངས་གནས་རྡོ་རྗེ་གཏུམ་ཆེན་རྩལ། །མཐིང་ནག་བཙན་ཆས་རྡོ་རྗེ་མདུང་དར་འཕྱར། །ཅེ་སྤྱང་ཞོན༴ བཙན་བདུད་གནོད་སྦྱིན་མི་སྲུན་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ཙ་རིའི་གངས་གནས་རྡོ་རྗེ་བདེ་མཆོག་རྩལ། །མཐིང་ནག་སྲིན་ཆས་རྩེ་གསུམ་ཐུན་ཁྲག་ཐོགས། །བདུད་རྟ་ཞོན༴ གནས་ཡུལ་ཞིང་སྐྱོང་མང་པོའི་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན༴ གངས་ཅན༴ བཤད་སྒྲུབ༴ ཧཱུྃ་བྷྱོ། ང་ལའི་གངས་གནས་རྡོ་རྗེ་དགྲ་འཇོམས་རྩལ། །མཐིང་ནག་ཁྲོ་གཏུམ་རྡོ་རྗེ་སྦྲུལ་ཞགས་ཐོགས། །གཡུ་འབྲུག་ཞོན༴ ལྷ་གཉན་དྲེགས་པ་མང་པོའི་འཁོར་དང་བཅས། །འདིར་གཤེགས༴ སངས་རྒྱས་བསྟན་སྲུང་བསྟན་དགྲ་ཆོམ་ལ་ཕོབས། །གངས་ཅན་མཐའ་དབུས་ཀུན་ཏུ་བདེ་བ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། ། ༈
[edit]

gangs chen nyer gcig gi mchod phreng /__ na mo gu ru pad+ma he ru kA ya/__gangs chen nyi shu rtsa gcig gi yul skyong mchod pa ni/__gtor ma dkar dmar skyems phud bsang sogs mchod rdzas rnams sngags drug phyag drug gis byin gyis brlabs la/__rang nyid pad+ma drag po'i nga rgyal dang bcas 'di ltar gyer ro/__/hU~M/__rang nyid lhar gsal thugs ka'i sa bon las/__/'od zer lcags kyus gangs chen nyer gcig gi/__/yul skyong 'khor bcas skad cig spyan drangs nas/__mdun du dgyes shing dul bas 'khod par gyur/__hU~M b+h+yo/__thang lha'i gangs gnas rdo rje 'bar ba rtsal/__/dkar smug kha T+wA~M mdung zhags dgra s+t+wa thogs/__/rta dkar chibs nas bstan pa'i bya ra mdzad/__/lha klu gnod sbyin dri za'i tshogs dang bcas/__/'dir gshegs 'dod yon rgya mtsho'i mchod pa bzhes/__/sangs rgyas bstan srung bstan dgra choms la phobs/__/gangs can mtha' dbus kun tu bde ba dang /__/bshad sgrub bstan pa rgyas pa'i phrin las mdzod/__/hU~M b+h+yo/__ti se'i gangs gnas rdo rje gzi 'bar rtsal/__/dkar smug ba dan rtse gsum gser 'khor thogs/__/glang chen zhon nas bstan pa'i bya ra mdzad/__/lha klu rgyu skar shugs 'gro'i 'khor dang bcas/__/'dir gshegs 'dod yon rgya mtsho'i mchod pa bzhes/__/sangs rgyas bstan bsrung bstan dgra choms la phobs/__/gangs can mtha' dbus kun tu bde ba dang /__/bshad sgrub bstan pa rgyas pa'i phrin las mdzod/__/hU~M b+h+yo/__mang mkhar gangs gnas che btsan bdud 'joms rtsal/__/dmar ser bdud chas 'od ma'i mda' gzhu 'gengs/__/cang shes zhon nas bstan pa'i bya ra mdzad/__/klu btsan bye ba mang po'i 'khor dang bcas/__/'dir gshegs sogs/__/sangs rgyas bstan srung =__gangs can=__bshad sgrub=__hU~M b+h+yo/__bu le gangs gnas rdo rje dpal 'bar rtsal/__/nag mo mdung rnon thogs shing nyi zhags 'phen/__rta nag zhon nas=__drag mo spun dgu sde brgyad tshogs dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__star sgo gangs gnas dpal gyi rdo rje rtsal/__/dmar nag bdud chas mdung rnon lcags gzhu 'gengs/__/rta nag zhon nas=__gza' brgyad bdud srin mang po'i 'khor dang bcas/__/'dir gshegs=__sangs rgyas bstan srung =__gangs can=__bshad sgrub=__hU~M b+h+yo/__pho ma gangs gnas ngam ldan rgyal mo rtsal/__/dkar sngon rdo rje'i dbyug pa pad phreng thogs/__/'brug la=__lha klu'i sman mo 'bum sde'i 'khor dang bcas/__/'dir gshegs=__sangs rgyas bstan=__gangs can=___bshad sgrub=__hU~M b+h+yo/__mkha' ri gangs gnas mkha' spyod dpal mo rtsal/__dkar gsal mda' dar dung skyogs gser bum thogs/__rkyang rgod zhon nas=__gangs sman bdud btsan gnyan gyi 'khor dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__kha rag gangs gnas rdo rje khyung btsun ma/__/sngon mo mda' dar 'phrul gyi me long thogs/__/mkha' lding zhon nas=__gnyan rje srin mo sha za'i 'khor dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__rtse d+hum gangs gnas rdo rje bzang po rtsal/__/gnod sbyin mthing nag be con zhags pa thogs/__/rgya stag zhon nas=__gdug can dregs pa mang po'i 'khor dang bcas/__/'dir gshegs=__sangs rgyas bstan=_gangs can=__bshad sgrub=__hU~M b+h+yo/__la phyi gangs gnas dge bsnyen dgyes pa rtsal/__/dkar gsal 'dzum mdangs rtse gsum ba dan thogs/__seng ge zhon=__dge bsnyen mkha' 'gro shugs 'gro'i tshogs dang bcas/__'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__tshe ring gangs gnas rdo rje dpal gyi rtsal/__/dkar dmar mdzes 'dzum mda' dar me long thogs/__gangs seng zhon=__sman mo brtan skyong ya ma'i tshogs dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__sna nam gangs gnas rdzong bdag drag po rtsal/__/mthing nag gtum rngams ral gri ru mtshon thogs/__/cang shes zhon=__klu gnyan sa bdag gnod sbyin 'khor dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__ti sgro gangs gnas rdo rje g.yu 'bar rtsal/__dmar ser me tog phreng ba btsan zhags bsnam/__/cang shes zhon=__lha klu'i sman dang ging btsan 'khor tshogs bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__bde mchog gangs gnas dpa' bo gsang ba 'dzin/__/dmar ser rngams brjid ral gri ban+d+ha thogs/__ba glang zhon=__bka' nyan mi srun rdzu 'phrul 'khor dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__'o de gangs gnas rdo rje rab 'jigs rtsal/__/dmar nag btsan ras rdo rje dgra s+t+wa thogs/__/stag la zhon=__bka' nyan klu bdud du ma'i 'khor dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__sham b+ho gangs gnas rdo rje dpal brtsegs rtsal/__/dkar smug srin chas rdo rje mdung rnon gsor/__/g.yag dkar zhon=__lha klu ma mo sman phran tshogs kyis bskor/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__gsal rje gangs gnas rdo rje legs grub rtsal/__/mthing nag khro sgeg tsit+ta be con thogs/__/'brog g.yag zhon=__gnod sbyin ma mo lha srin dregs tshogs bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__ha po gangs gnas rdo rje mchog rab rtsal/__/gser mdog brjid chags ral gri ba dan 'phyar/__/ma he zhon=__'dre mo lha srin ma bdud tshogs dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__gnod sbyin gangs gnas rdo rje gtum chen rtsal/__/mthing nag btsan chas rdo rje mdung dar 'phyar/__/ce spyang zhon=__btsan bdud gnod sbyin mi srun 'khor dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__tsa ri'i gangs gnas rdo rje bde mchog rtsal/__/mthing nag srin chas rtse gsum thun khrag thogs/__/bdud rta zhon=__gnas yul zhing skyong mang po'i 'khor dang bcas/__/'dir gshegs=__sangs rgyas bstan=__gangs can=__bshad sgrub=__hU~M b+h+yo/__nga la'i gangs gnas rdo rje dgra 'joms rtsal/__/mthing nag khro gtum rdo rje sbrul zhags thogs/__/g.yu 'brug zhon=__lha gnyan dregs pa mang po'i 'khor dang bcas/__/'dir gshegs=__sangs rgyas bstan srung bstan dgra chom la phobs/__/gangs can mtha' dbus kun tu bde ba dang /__/bshad sgrub bstan pa rgyas pa'i phrin las mdzod/___/___!_

Footnotes

Other Information