ཡང་གསང་པདྨའི་སྙིང་པོ་ལསཿ སྐྱེས་བུ་ཆེན་པོའི་གསོལ་མཆོདཿ

From Khyentse Lineage - A Tsadra Foundation Project
Revision as of 14:48, 28 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title yang gsang pad+ma'i snying po las skyes bu chen po'i gsol mchod
Location mdo mkhyen brtse bka' 'bum
Volume 7, Text 49, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

ནོར་བདག་ཡིད་བཞིན་ནོར་བུའི་གསོལ་བསྡུས་ཁྲག་འཐུང་ལས་ཀྱི་དཔའ་བོས་བགྱིས་པའོཿ

nor bdag yid bzhin nor bu'i gsol bsdus khrag 'thung las kyi dpa' bos bgyis pa'o:

[edit]
འུྃཿ ཡང་གསང་པདྨའི་སྙིང་པོ་ལསཿ སྐྱེས་བུ་ཆེན་པོའི་གསོལ་མཆོད་བཞུགསཿ

འུྃཿ« རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོཿ གསང་བདག་གཏུམ་པོའི་ཐུགས་ལས་སྤྲུལཿ གསང་སྔགས་བསྟན་པའི་སྲུང་མ་མཆོགཿ མཐུ་རྩལ་ཐོགས་མེད་ཐིག་ལེ་རྩལཿ གསོལ་མཆོད་སྒྲུབ་ཐབས་རིམ་པ་བསྟནཿ དེ་ལ་སྒྲུབ་གཏོར་མཁར་ཐབ་བཤོས་བུ་ཟུར་གསུམ་དང་སྙིང་གིས་བརྒྱན་པཿ མཐའ་སྐོར་དུ་རྩང་ཕྱི་འབྲང་རྒྱསཿ བཤོས་བུཿ སྨན་ལེབསཿ ཀྱུ་གུ་གྲངས་མང་བས་བསྐོར་བ་དངཿ མཆོད་གཏོར་ཕུད་སྐྱེམས་བཅས་བཤམསཿ རྟེན་སྒྲུབ་རྫས་རྣམས་བཀོད་ལཿ »རཾ་ཡཾ་ཁཾཿ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཏོར་མའི་མ་དག་པ་དང་དངོས་པོར་བསྲེག་གཏོར་བཀྲུསཿ སླར་ཡང་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ཞེས་བརྗོདཿ དེ་ནས་དང་པོ་སྐྱེད་ཅིང་སྤྱན་འདྲེན་པ་ནིཿ »མདུན་དུ་སྐད་ཅིག་དྲན་རྫོགས་སུཿ ཐོག་སེར་བུ་ཡུག་མེ་རླུང་འཚུབསཿ རཀྟ་རྒྱ་མཚོ་འཁྱིལ་བའི་ཀློངཿ ཕ་ཝང་ལུང་བུའི་སྐུ་མཁར་ནིཿ འཇིགས་རུང་འོད་ཟེར་རབ་ཏུ་འཁྲིགསཿ དེ་དབུས་ར་སྐྱེས་ཁམས་པའི་སྟེངཿ སྐྱེ་མཆོག་རྡོ་རྗེ་ལེགས་པ་ནིཿ དམར་ནག་དྲག་པོ་ཁྲོས་པའི་གཟུགསཿ ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགསཿ དབུ་སྐྲ་སྨར་སྨིན་དམར་སེར་འབརཿ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱརཿ གཡོན་པས་མི་སྙིང་རིན་ཆེན་འཛིནཿ བསེ་ཞུ་སེང་སློག་དར་དམར་གྱིཿ བེར་ཆེན་གསོལ་ཞིང་འཁོར་གསུམ་བསྐོརཿ མེ་ལོང་དར་སྣས་སྐུ་ལ་བརྒྱནཿ ཐུགས་ཀའི་ཏྲི་ལས་འོད་འཕྲཽས་པསཿ རང་བཞིན་གར་བཞུགས་གནས་མཆོག་ནསཿ དམ་ཅན་འཁོར་བཅས་སྤྱན་དྲངས་གྱུརཿ ཀྱེ་དད་པ་དང་ནི་དམ་ཚིག་གིསཿ འོ་ཡུག་ཤིང་གི་གནས་མཆོག་དངཿ ཕ་ཝང་ལོང་བུའི་སྐུ་མཁར་སོགསཿ རང་བཞིན་གར་བཞུགས་གནས་མཆོག་ནསཿ དམ་ཅན་སྐྱེས་བུ་ཐིག་ལེ་རྩལཿ ཆིབས་སུ་ར་སྐྱེས་ཁམས་པ་ཆིབསཿ སྟོང་གསུམ་སྐད་ཅིག་ཉིད་ལ་སྐོརཿ སྐུ་གསུངས་ཐུགས་ཀྱི་སྤྲུལ་བ་ནིཿ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དངཿ ཐེའུ་བྲང་མོན་པ་སྟོང་སྡེའི་ཚོགསཿ བཙན་འཁོར་བྱེ་བ་འབུམ་དང་བཅསཿ སྐད་ཅིག་ཉིད་ལ་གཤེགས་སུ་གསོལཿ བཛྲ་ས་དྷུ་ས་མ་ཡ་ཛཿཛཿ «གཉིས་པ་བཞུགས་གསོལ་ནིཿ »སྐྱེས་བུ་ཆེན་པོ་འཁོར་བཅས་རྣམསཿ སྔོན་གྱི་དམ་ཚིག་རྗེས་དགོངས་ལཿ གནས་འདིར་དགྱེས་པར་བཞུགས་སུ་གསོལཿ གདུང་བའི་ཡིད་ཀྱིས་ཁྱོད་བོས་པསཿ བདག་ལ་བརྩེ་བས་རབ་དགོངས་ལཿ འབྲལ་མེད་ལུས་དང་གྲིབ་བཞིན་འགྲོགསཿ «གསུམ་པ་དམ་ཚིག་བསྲེ་བ་ནིཿ »གསང་བདག་གཟུགས་ལས་སྤྲུལ་པའི་སྲསཿ དམ་ཅན་སྐྱེས་བུ་འཁོར་བཅས་དངཿ རྣལ་འབྱོར་དམ་ཚིག་གཅིག་ཏུ་བསྲེཿ བདག་ནི་དམ་ལ་མི་འདའ་ཞིངཿ གསོལ་དང་མཆོད་པ་རྒྱུན་མི་གཅདཿ དམ་ཅན་དམ་ལས་མ་འདའ་བརཿ རྟག་ཏུ་འབྲལ་མེད་སྲུང་སྐྱོབ་དངཿ ཕྲིན་ལས་རྣམ་བཞི་ཐོགསམེད་སྒྲུབཿ ས་མ་ཡ་ན་རཀྐནཿ «ཞེས་ནང་མཆོད་བླང་ཞིང་གཏོརཿ བཞི་བ་མཆོད་པ་འབུལ་བ་ནིཿ »ཀྱེཿ སྐྱེས་མཆོག་འཁོར་དང་བཅས་རྣམས་ལཿ དགྱེས་པའི་མཆོད་པ་འབུལ་བ་ནིཿ སྐུ་མཁར་བཤོས་བུ་སྙིང་གིས་བརྒྱནཿ འབྲང་རྒྱས་བཤོས་བུ་སྨན་ལེབ་དངཿ གསང་ཕྱི་ལ་ལོགས་མཐུན་པའི་རྫསཿ ཤ་ཁྲག་བརྒྱན་པའི་གཏོར་མ་དངཿ སྨན་ཕུད་སྐྱེམས་དང་རའི་ཤ་ཁྲགཿ གསུར་དང་སྤྱན་གཟིགས་གོ་མཚོན་ཚོགསཿ འདོད་ཡོན་ལོངས་སྤྱོད་དཔག་མེད་ཀུནཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ མ་ཚང་མེད་པར་ལེགས་བཀོད་དེཿ དམ་ཅན་འཁོར་དང་བཅས་ལ་འབུལཿ དགྱེས་བཞེས་ཐུགས་དམ་བསྐང་གྱུར་ཅིགཿ བཛྲ་ས་དྷུ་ས་མ་ཡ་ས་པཱ་རི་ཝར་སརྦ་པུ་ཙ་ཁྷཱྀིཿ པཉྩ་ཨམྲྀཏརཀྟ་མ་ཧཱ་བ་ལིངྟ་ཁྷཱིཿ «ལྔ་པ་བསྟོད་པ་བྱ་བ་ནིཿ »ཀྱེཿ སྐྱེས་བུ་ཆེན་པོ་ཐིག་ལེ་རྩལཿ སངས་རྒྱས་བསྟན་པའི་སྲུང་མ་ཆེཿ སྒྲུབ་པ་པོ་ཡི་ལས་མཁན་པོཿ སྐུ་མདོག་དམར་ནག་འཇིགས་པའི་གཟུགསཿ བསེ་ཞུ་སེང་སློག་བེར་ཆེན་གསོལཿ རྡོ་རྗེ་སྙིང་འཛིན་ར་སྐྱེས་བཅིབསཿ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དངཿ ཐེ་བྲང་མནོ་པ་བཙན་དམགས་བསྐོརཿ དམ་ཅན་ཁྱོད་ལ་བདགབསྟོད་དོཿ གསང་སྔགས་བསྟན་པ་སྐྱོང་བ་དངཿ སྒྲུབ་པོའི་དམ་ལས་མི་འདའ་ཞིངཿ བྲན་བཞིན་ཕྲིན་ལས་སྒྲུབ་པའི་ཕྱིརཿ སྐྱེས་བུ་འཁོར་དང་བཅས་ལ་བསྟོདཿ རྡོ་རྗེ་འཛིན་སྤྲུལ་བསྟན་སྲུང་ཆེཿ མཐུ་ལྡན་རྡོ་རྗེ་ལེགས་པ་མཆོགཿ ཁྱོད་ལ་མཆོད་དོ་རྣལ་འབྱོར་སྐྱོངསཿ སྙན་གྲགས་མངའ་ཐང་སྤེལ་བར་མཛོདཿ «དྲུག་པ་བཟླས་པ་ནིཿ »རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་དམ་ཅན་གྱི་ཐུགས་གར་ཕོག་སྔོན་གྱི་དམ་བཅའ་དྲན་ནས་བྲན་དུ་ཁས་བླངསཿ བཅོལ་བའི་ཕྲིན་ལས་ཀུན་ཐོགས་མེད་དུ་སྒྲུབ་པར་མོས་ལཿ ཏྲི་བཛྲ་ས་དྷུ་ས་མ་ཡ་ཏྲི་ལིང་ཀིང་ཀ་ར་ཙིཏྟ་ཧྲིང་ཧྲིང་ཛཿ «ཞེས་བཟླའོཿ བདུན་པ་ཐུགས་དམ་བསྐང་བ་ནིཿ སྨན་ཕུད་སྦྲེང་ཞིང་ར་གསུར་བདུགཿ རོལ་མོ་དང་བཅསཿ »ཀྱེ་འོ་ཡུག་ཤིང་གི་སྐུ་མཁར་ནསཿ དམ་ཅན་སྐྱེ་བུ་ཐིག་ལེ་རྩལཿ བསྐང་བའི་གནས་འདིར་སྤྱན་འདྲེན་ནོཿ གུས་པས་བསྟོད་དོ་ཕྲིན་ལས་སྒྲུབསཿ ཁྱོད་ཀྱི་ཐུགས་དམ་སྐོང་བའི་རྫསཿ མདའ་དར་སྐུ་དང་སྔགས་བྱང་གསུངཿ ཐུགས་རྟེན་ཕ་ཝཾང་ལོངས་བུ་སྟེཿ སྐུ་མཁར་བཤོས་བུ་འབྲང་རྒྱས་བརྗིདཿ གསང་བྱི་སྨན་ལེབ་སྨན་སྤོས་སྦྱརཿ ར་ཡི་ཤ་ཁྲག་དབང་པོ་ལྔཿ གསུར་ཆེན་དུད་སྤྲིན་མདངས་ལྡན་གཟུགསཿ གོ་མཚོན་སྤྱན་གཟིགས་བྱ་རིགས་དངཿ གཅན་གཟན་རི་དྭགས་གཡུང་དྭགས་བཀྲཿ བྷ་ལིང་གཏོར་མ་རི་ལྟར་སྤུངསཿ ཤ་ཁྲག་ལ་སོགས་ཟས་སྣའི་རིགསཿ སྨན་ཕུད་སྐྱེམས་དང་རཀྟ་འཁྱིལཿ རྟེན་རྫས་བསྐོང་རྫས་སྒྲུབ་རྫས་སོགསཿ མ་ཚང་མེད་པར་ལེགས་བཀོད་དེཿ སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐངཿ རྡོ་རྗེ་ལེགས་པའི་༴ སུམ་བརྒྱ་དྲུག་ཅུའི༴ འཁོར་དང་བཅས་པའི༴ ལྟ་བ་མཁའ་ལྟར་དག་པས༴ སྒོམ་པ་ཡེངས་འཁྲུལ་བྲལ་བས༴ སྤྱོད་པ་སྤངས་བླང་མེད་པས་ཇཿ འབྲས་བུ་རེ་དོགས་བྲལ་བས་བསྐངཿ ཐུགས་དམ་གཉན་པོ་བསྐངས་གྱུར་ནསཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའིཿ བསམ་འགྲུབ་རེ་སྐོང་དངོས་གྲུབ་སྩོལཿ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོདཿ «བརྒྱད་པ་མངའ་གསོལ་ནིཿ བྷ་ལིང་ཟས་སྣ་མཆོད་ཕུད་སྦྲེང་ཞིངཿ »ཧོ་དགོངས་སུ་གསོལཿ གསང་བདག་གཏུམ་པོའི་ཐུགས་ལས་སྤྲུལ་བའིཿ སྐྱེས་མཆོག་བཛྲ་ཐིག་ལེ་རྩལཿ དགེ་བསྙེན་ཆེན་པོཿ ཨ་ཇོ་ཆེན་པོཿ ཚོང་དཔོན་ཆེན་པོཿ དམག་དཔོན་ཆེན་པོཿ ཇག་དཔོན་ཆེན་པོཿ དགྲ་ལྷ་ཆེན་པོ་རྡོ་རྗེ་ལེགས་པ་སྐུ་མདོག་དམར་ནག་རྡོ་རྗེ་དང་མི་སྙིང་འཛིན་པཿ ར་སྐྱེས་ཁམས་པ་ལ་གཅིབས་ཤིང་སྟོང་གསུམ་སྐད་ཅིག་ལ་སྐོར་བ་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སྒྲུབ་པ་པོ་བུ་བཞིན་དུ་སྐྱོང་བཿ འཛམ་གླིང་གནམ་ས་ཕྱེད་ཀྱི་བདག་པོ་སྐྱེ་འགྲོའི་སྲོག་བདག་འཁོར་དང་བཅས་པ་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ བསྟེན་པའི་དུས་སུ་རྒྱང་མ་རིངཿ སྒྲུབ་པའི་དུས་སུ་ཕྲག་མ་དོགཿ མཆོད་པའི་དུས་སུ་ངོ་མ་ཆུངཿ བསྐུལ་བའི་དུས་སུ་སྒབ་མ་ལྕིཿ མངག་པའི་དུས་སུ་བང་མ་བུལཿ རྦད་པའི་དུས་སུ་མཐུ་མ་ཆུངཿ དགྱེས་པའི་ཞལ་སྟོནཿ བཅོལ་བའི་ལས་སྒྲུབཿ ལུས་དང་གྲིབ་བཞིན་འགྲོགསཿ ཞེ་སྡང་བའི་དགྲ་སོདཿ གནོད་པའི་བགེགས་ཐུལཿ ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད་ཅིགཿ དེའི་འཁོར་དུ་ནམ་མཁའ་ལ་སྐུ་ཡི་སྤྲུལ་པ་བྱ་གཞོན་བརྒྱ་དང་ཉི་ཤུཿ བར་སྣང་ལ་གསུང་གི་སྤྲུལ་པ་སེང་ཞོན་བརྒྱ་དང་ཉི་ཤུཿ ས་གཞི་ལ་ཐུགས་ཀྱི་སྤྲུལ་པ་ར་ཞོན་བརྒྱ་དང་ཉི་ཤུ་སྟེ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སྒྲུབ་པ་པོ་བུ་བཞིན་དུ་སྐྱོང་ཞིང་སྡང་དགྲ་ཐལ་བར་རློག་པ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོཿ འབུལ་ལོ༔ མཆོད་དོཿ སྡང་བྱེད་ཀྱི་དགྲ་སོདཿ གནོད་བྱེད་ཀྱི་བགེགས་ཐུལཿ བསྟན་དང་དེར་འཛིན་སྐྱོངསཿ སྒྲུབ་པ་པོའི་སྡོང་གྲོགས་མཛོདཿ ལུས་དང་གྲིབ་བཞིན་འགྲོགསཿ འབྲུ་ནོར་ལོངས་སྤྱོད་སྤེལཿ ཆབ་སྲིད་མངའ་ཐང་སྐྱེདཿ ཟས་གོས་ཆར་ལྟར་ཕོབཿ སྙན་གྲགས་འབྲུག་ལྟར་སྒྲོགསཿ འདོད་དོན་དང་རེ་བ་སྐོངསཿ བཅོལ་བའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད་ཅིགཿ གཞན་ཡང་སྤྲུལ་པའི་འཁོར་ཚོགས་མཐུ་རྩལ་རྫུ་འཕྲུལ་ལ་མངའ་དབང་སྒྱུར་བའི་ཐེ་བྲང་དངཿ མོན་པ་སྟོང་སྡེ་བཙན་འཁོར་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ལ་གསོལ་ལོཿ འབུལ་ལོཿ མཆོད་དོཿ སྡང་བྱེད་ཀྱི་དགྲ་སོདཿ གནོད་བྱེད་ཀྱི་བགེགས་ཐུལཿ བསྟན་དང་དེར་འཛིན་སྐྱོངསཿ སྒྲུབ་པ་པོ་ཡི་སྡོང་གྲོགས་མཛོདཿ ལུས་དང་གྲིབ་བཞིན་འགྲོགསཿ འབྲུ་ནོར་ལོངས་སྤྱོད་སྤེལཿ ཆབ་སྲིད་མངའ་ཐང་སྐྱེདཿ ཟས་གོས་ཆར་ལྟར་ཕོབཿ སྙན་གྲགས་འབྲུག་ལྟར་སྒྲོགསཿ འདོད་དོན་དང་རེ་བ་སྐོངསཿ བཅོལ་བའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད་ཅིགཿ ཧོ་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་མཛོད་ཅིགཿ ཁྱད་པར་དུ་དཔལ་ལྡན་བླ་མའི་སྐུ་ཚེ་མཛད་འཕྲིན་འཕེལ་བ་དངཿ བདག་ཅག་སྒྲུབ་པ་པོ་ལ་མགོན་སྐྱབས་དང་སྡོང་གྲོགས་མཛོད་ཅིགཿ དམག་ཇག་ཚོང་དང་ཞལ་ལྕེ་སོགས་རྩོད་པ་ཀུན་ལས་རྒྱལ་ཞིངཿ བདག་གི་བསམ་པའི་དོན་དང་གཉེར་བའི་ལས་ཀུན་འབད་པ་མེད་པར་མྱུར་དུ་འགྲུབ་པར་མཛོད་ཅིགཿ དམ་ཆོས་སྒྲུབ་པ་ལ་འགལ་རྐྱེན་ཉེ་བར་འཚེ་བ་ཞི་ཞིང་བདག་གི་སྡོད་གནས་དཀོར་ཆ་ལོངས་སྤྱོད་ཀུན་སྲུངཞིང་མེལ་ཚེ་གྱིས་ཤིགཿ ཟབ་དོན་སྙིང་ལ་ལོག་པར་བལྟ་ཞིང་བླ་མའི་སྐུ་ལ་བསྔོ་བཿ རྣལ་འབྱོར་བདག་ལ་སྡང་བྱེད་ཀྱི་དགྲ་བོ་དམིགས་པའི་ཡུལ་དུ་གྱུར་པཿ མི་འདོད་པ་དང་གྱོད་བྱུར་མི་ཁའི་སྣ་འདྲེན་བྱེད་པཿ བསམ་སྦྱོར་ལོག་པའི་གྲྭ་འཁོརཿ གནོད་སེམས་འཆང་བའི་ཉེ་འབྲེལ་ལ་སོགས་གདུག་སེམས་དང་ལྡན་རིགས་གྱུར་པ་ཐམས་ཅད་ཟས་སྐལ་དུ་གཏད་པ་ཡིན་པས་ཐལ་བའི་རྡུལ་དུ་བརླག་པར་མཛོད་ཅིགཿ ལྟས་ངན་དང་ཆོ་འཕྲུལ་སྣ་ཚོགས་ཐོང་ཞིགཿ ཤ་ཟོས་ཁྲག་འཐུངས་སྲོག་དབུགས་ལོང་ལ་ལོ་དང་ཟླ་བར་མ་འགྱང་བར་ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད་ཅིགཿ «ཅེས་བརྗོད་དོཿ གལ་ཆེ་བ་འདི་ཉིད་ལ་འབད་པར་བྱའོཿ དགུ་པ་ཕྲིན་ལས་བཅོལ་པ་ནིཿ» བྷྱོཿ གསང་བདག་ཐུགས་སྤྲུལ་མཐུ་ལྡན་རྡོ་རྗེ་ལེགསཿ དམ་ཅན་དགེ་བསྙེན་ཆེན་པོ་ཐིག་ལེ་རྩལཿ རྡོ་རྗེ་འཆང་དང་གསང་བའི་བདག་པོ་ཡིསཿ དབང་བསྐུར་དམ་བཏགས་བསྟན་པའི་སྲུང་མར་བསྐོསཿ གསང་བདག་དཔའ་བོ་དགའ་རབ་རྡོ་རྗེའི་དྲུངཿ རྫོགས་ཆེན་བཀའ་ཡི་སྲུང་མར་ཁས་བླངས་ཤིངཿ རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ དམ་ལྡན་བུ་བཞིན་སྐྱོང་བར་བཀའ་བགོས་ཚེཿ དམ་བཅའ་བྲོ་བོར་སྲོག་སྙིང་ཕུལ་བ་ལྟརཿ སྐྱེས་བུ་ཁྱོད་ལ་ཕྲིན་ལས་བཅོལ་བ་ནིཿ སངས་རྒྱས་བསྟན་དང་ཁྱད་པར་ཟབ་གསང་མཆོགཿ སྔ་འགྱུར་རྡོ་རྗེ་སྙིང་པོའི་བསྟན་པ་སྲུངསཿ བསྟན་འཛིན་སྐྱེས་བུ་རིག་འཛིན་ཚོགས་རྣམས་ཀྱིཿ སྐུ་ཚེ་མཛད་ཕྲིན་ཆབ་སྲིད་མངའ་ཐང་སྤེལཿ བུ་སློབ་ཡོན་བདག་སྲུང་སྐྱོབས་མེལ་ཚེ་ཀྱིསཿ ཁྱད་པར་རྡོ་རྗཻ་འཛིན་དང་པདྨ་འབྱུངཿ རིག་འཛིན་བརྒྱུད་པའི་སྤྱན་སྔར་ཁས་བླངས་བཞིནཿ བདག་ཅག་རིམ་གཉིས་ལམ་ཞུགས་བྱང་སེམས་ལྡནཿ ཨ་ཏི་ཟབ་གསང་སྒོམ་པའི་རྣལ་འབྱོར་ལཿ ལུས་དང་གྲིབ་བཞིན་འགྲོགས་ལ་མེལ་ཚེ་ཡིསཿ ལེགས་སྤེལ་ཉེས་སྲུང་མཐུན་རྐྱེན་གཡེལ་མེད་སྒྲུབསཿ བསམ་དོན་གཉེར་བའི་ལས་ཀུན་ཐོགས་མེད་མཛོདཿ སྡང་ཞིང་བསམ་སྦྱོར་རྩུབ་པའི་དགྲ་བོ་དངཿ གནོད་པར་བྱེད་པའི་བགེགས་དཔུང་རྗེས་མེད་ཐོངསཿ ཞི་རྒྱས་ལས་དང་དྲག་པོའི་ཕྲིན་ལས་ཀུནཿ འབད་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོདཿ« ཅེས་བརྗོད་མཆོད་གཏོར་གཙང་ར་གཤེགསཿ སྐྱེས་མཆོག་རྡོ་རྗེ་ལེགས་པ་རྩལཿ རྫོགས་པ་ཆེན་པོའི་བཀའ་སྲུང་འདིཿ སྙིང་ཉེ་མཐུ་རྩལ་རྣོ་མྱུར་ལྡནཿ སྒྲུབ་ཐབས་གསོལ་མཆོད་མང་བསྟན་ཀྱངཿ ཀུན་ཀྱི་སྙིང་ཁུ་ཡང་ཞུན་འདིརཿ འབད་པ་ཙམ་གྱིས་དམ་ཅན་འཁོརཿ བུ་གཅིག་ལས་གཞན་ཀུན་ལ་གསངཿ སྙིང་ལ་སྦོས་ཤིག་ས་མ་ཡཱཿ སྔགས་རྒན་མཐུ་སྟོབས་དཔའ་བོ་ལ་རྡོ་རྗེ་ལེགས་པའི་དངོས་གཟུགས་བསྟན་ཚེ་ཕབ་པའོཿ དགེའོ། དགེའོ། དགེའོ། »
འུྃཿ དམ་ཅན་སྐྱེས་བུ་ཆེན་པོའི་མཆོད་སྒྲུབ་བཞུགསཿ རཾ་ཡཾ་ཁཾཿགིས་མ་དག་དངོས་འཛིན་སྦྱངསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོ་གྱུརཿ ཀྱཻཿ གསང་བདག་རྡོ་རྗེ་གཏུམ་པོའི་བཀའ་སྡོད་ཆེཿ འཛམ་གླིང་གནམ་ས་ཕྱེད་ཀྱི་བདག་པོ་སྟེཿ སྐྱེས་བུ་ཆེན་པོ་དམ་ཅན་རྡོ་རྗེ་ལེགསཿ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལཿ བཛྲ་ས་དྷུ་ས་མ་ཡ་ཛཿ དམ་ཚིག་དབང་གིས་དགྱེས་ཤིང་བརྩེ་བར་བཞུགསཿ མཐུན་པའི་དམ་རྫས་དམར་གྱི་གཏོར་མ་དངཿ ཟས་སྣ་སྐྱེམས་ཕུད་གཟུགས་སྒྲ་དྲི་རོ་རེགཿ གཞན་ཡང་དངོས་སུ་འབྱོར་དང་ཡིད་སྤྲུལ་རྫསཿ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པསཿ སྤྱན་གཟིགས་འདོད་ཡོན་ལོངས་སྤྱོད་དཀོར་ནོར་སྤྲིནཿ ས་དང་བར་སྣང་ནམ་མཁའི་ཁྱོན་གང་བརཿ གུས་པས་འབུལ་ལོ་དགྱེས་པར་བཞེས་སུ་གསོལཿ དམ་ཅན་འཁོར་བཅས་ཐུགས་དམ་གཉེན་པོ་བསྐངཿ ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགསཿ སངས་རྒྱས་བསྟན་སྲུང་སྒྲུབ་པ་པོ་ཡི་གྲོགསཿ སག་ཞུ་དར་དམར་བེར་གསོལ་སེང་གེ་ཆིབསཿ ཕྱག་གཡས་རྡོ་རྗེ་གཡོན་པས་དགྲ་སྙིང་འཛིནཿ སྐྱེས་བུ་ཆེན་པོ་ཁྱོད་ལ་བདག་བསྟོད་དོཿ རྡོ་རྗེ་འཛིན་དང་པདྨ་ཐོད་ཕྲེང་གིཿ སྤྱན་སྔར་ཁས་བླང་དམ་བཅའ་ཇི་བཞིན་དུཿ རྒྱལ་བའི་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོདཿ ལྔ་ཕྲག་ཐ་མའི་ཉོན་མོངས་རག་དུས་འདིརཿ མཐུ་སྟོབས་དྲེགས་པའི་གཙོ་བོར་མངའ་གསོལ་བསཿ དམ་ཅན་ཁྱོད་ཀྱི་ཐུགས་དམ་དུས་ལ་བབཿ དམ་བཅའ་མ་གཡེལ་དགོངས་ལ་ཕྲིན་ལས་སྒྲུབསཿ སྒྲུབ་པ་པོ་ལ་ལུས་དང་གྲིབ་བཞིན་འགྲོགསཿ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་བརྣགཿ ད་དགྲ་ཐད་དུ་ལང་བའི་སྡང་བྱེད་དགྲཿ མཐུ་ལྡན་སྲུང་མ་ཁྱེད་ལ་ཟས་སྐལ་གཏདཿ ལོ་ཟླ་ཞག་དུས་མ་འགྱང་རྡུལ་དུ་རློགཿ ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོའི་ལསཿ མ་ལུས་ཐོགས་པ་མེད་པར་འགྲུབ་པ་དངཿ གང་བཅོལ་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ «དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ཡིཿ མཆོད་སྒྲུབ་ཕྲིན་ལས་ཡོངས་འདུ་ཞེས་བྱ་བཿ སྐལ་ལྡན་ལས་ཅན་སྐྱེ་བུའི་དོན་ཆེད་དུཿ ཁྲག་འཐུང་ལས་ཀྱི་དབང་པོས་བཀོད་པའོཿ བཀའ་ཡི་སྲུང་མ་མ་མགོན་གཟའ་དམ་གྱི་ཕྲིན་སྒྲུབ་རིམ་པའོཿ » «འུྃཿ ནོར་བདག་གསོལ་མཆོད་ནིཿ »ཀྱཻཿ རང་སྣང་རིན་ཆེན་འཕྲུལ་གྱི་གཞལ་ཡས་ནསཿ གནོད་སྦྱིན་གཙོ་བོ་རྒྱལ་ཆེན་རྣམ་ཐོས་སྲསཿ བེཌཱུར་མདོག་མཚུངས་རྒྱལ་མཚན་ནེའུ་ལེ་འཛིནཿ རིན་ཆེན་པྲོག་ཞུ་ཟ་འོག་བེར་ཆེན་གསོལཿ ནོར་བདག་གནོད་སྦྱིན་བྱེ་བའི་འཁོར་དང་བཅསཿ སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལཿ རིན་ཆེན་མཛེས་པའིཁྲི་ལ་དགྱེས་པར་བཞུགསཿ ས་མ་ཡ་ཛཿ ཏིཥྛ་ལྷནཿ བྷེཿ ནོར་བདག་ཡིད་བཞིན་ནོར་བུ་འཁོར་བཅས་ལཿ རབ་གུས་བརྩེ་བའི་ཡིད་ཀྱིས་ཕྱག་འཚལ་ཞིངཿ ཁྱོད་ལ་མཐུན་པའི་རྫས་ཀྱི་མཆོད་པ་ནིཿ དཀར་གསུམ་མངར་གསུམ་བཤོས་བུ་རི་ལྟར་སྤུངསཿ རྒྱ་ཇ་འོ་ཞོ་རྩི་བཅུད་སྦྱར་བའི་རིགསཿ གཞན་ཡང་ཕྱེ་མར་ཟས་སྣ་འབྲུ་བཅུད་ཆངཿ རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་འདོད་འཇོའི་བཿ རྟ་གླང་མ་ཧེ་གཡག་ལུག་ར་གསུམ་དང་ཿ སྤྱན་གཟིགས་དཀོར་ནོར་ལོངས་སྤྱོད་དཔག་མེད་པཿ ནོར་བདག་ཡིད་བཞིན་ནོར་བུ་འཁོར་བཅས་ལཿ གུས་པས་འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིགཿ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལཿ གནོད་སྦྱིན་ནོར་ལྷའི་གཙོ་བོ་ཡིད་བཞིན་དབང་ཿ འགྲོ་ཀུན་དབུལ་སེལ་ཁྱོད་ལ་བདག་བསྟོད་དོཿ ཁྱོད་ལ་འགལ་པའི་ལས་བགྱིས་མཐོལ་ལོ་བཤགསཿ རྒྱལ་བའི་བསྟན་པ་རིན་ཆེན་སྤེལ་བ་དང་ཿ གཏེར་ཆེན་བླ་མའི་བཞེད་དོན་ཡོངས་སུ་སྐོངསཿ བསྟན་པའི་སྦྱིན་བདག་མཛོད་ལ་ཕྲིན་ལས་སྒྲུབསཿ སྒྲུབ་པ་པོ་ལ་ཚེ་དཔལ་མངའ་ཐང་དང་ཿ སྙན་གྲགས་དབང་ཐང་ལོངས་སྤྱོད་མ་ལུས་སྤེལཿ ཇི་ལྟར་འདོད་པའི་དོན་དང་བསམ་པའི་ལསཿ དགོས་འབྱུང་ནོར་བུར་གསོལ་བ་བཏབ་པ་བཞིནཿ འབད་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོདཿ «ནོར་བདག་ཡིད་བཞིན་ནོར་བུའི་གསོལ་བསྡུས་ཁྲག་འཐུང་ལས་ཀྱི་དཔའ་བོས་བགྱིས་པའོཿ